ཞུང་ཞུའེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-27 17:08ལ་འགྲུབ།

ཞུང་ཞུའེ།

ཞུང་ཞུའེ།
ཁོང་ནི་སྤྱི་ལོ1962ལོའི་ཟླ12པར་ཁྲུང་ཆིང་ཡུའུ་པེ་ནས་སྐྱེས་ཤིང་། སྤྱི་ལོ1982ལོའི་ཟླ8པར་ལས་ཀར་ཞུགས་པ་དང་། སྤྱི་ལོ1984ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ལ། ཁྲུང་ཆིང་གྲོང་ཁྱེར་ཏང་ཨུ་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མ་ཡིན་ཞིང་། ད་ལྟ་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི། ཁྲུང་ཆིང་མཐོ་གསར་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
熊雪
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ12པ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
ཁྲུང་ཆིང་ཡུའུ་པེ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གླིང་།
ཁྲུང་ཆིང་གྲོང་ཨུ་ཏང་གི་སློབ་གྲྭ།
1 མི་སྣའི་བརྒྱུད་རིམ།

སྤྱི་ལོ1979ལོའི་ཟླ8པ་ནས་སྤྱི་ལོ1982ལོའི་ཟླ8པའི་བར་དུ་སི་ཁྲོན་ཞིང་ཆེན་ཁྲུང་ཆིང་དགེ་འོས་སློབ་གྲྭ་དང་པོའི་རྒྱ་ཡིག་ཆེད་ལས་སུ་སློབ་གཉེར་བྱས།

སྤྱི་ལོ1982ལོའི་ཟླ8པ་ནས་སྤྱི་ལོ1984ལོའི་ཟླ8པའི་བར་དུ་གུང་གཞོན་སྡེ་ཚོགས་སི་ཁྲོན་ཞིང་ཆེན་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་ཨུའི་ལས་མི་ཡིན།

སྤྱི་ལོ1984ལོའི་ཟླ8པ་ནས་སྤྱི་ལོ1988ལོའི་ཟླ6པའི་བར་དུ་གུང་གཞོན་སྡེ་ཚོགས་སི་ཁྲོན་ཞིང་ཆེན་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1988ལོའི་ཟླ6པ་ནས་སྤྱི་ལོ1992ལོའི་ཟླ3པའི་བར་དུ་གུང་གཞོན་སྡེ་ཚོགས་སི་ཁྲོན་ཞིང་ཆེན་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1992ལོའི་ཟླ3པ་ནས་སྤྱི་ལོ1994ལོའི་ཟླ9བའི་བར་དུ་སི་ཁྲོན་ཞིང་ཆེན་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་ལུས་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་འགན་བཞེས།

སྤྱི་ལོ1994ལོའི་ཟླ9བ་ནས་སྤྱི་ལོ1995ལོའི་ཟླ7པའི་བར་དུ་སི་ཁྲོན་ཞིང་ཆེན་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་ཨུ་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1995ལོའི་ཟླ7པ་ནས་སྤྱི་ལོ1997ལོའི་ཟླ6པའི་བར་དུ་སི་ཁྲོན་ཞིང་ཆེན་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ6པ་ནས་སྤྱི་ལོ2004ལོའི་ཟླ11པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2004ལོའི་ཟླ11པ་ནས་སྤྱི་ལོ2005ལོའི་ཟླ2པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཅང་ཅིན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ལས་ཚབ་པའི་འགན་བཞེས།

སྤྱི་ལོ2005ལོའི་ཟླ2པ་ནས་སྤྱི་ལོ2006ལོའི་ཟླ12པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཅང་ཅིན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2006ལོའི་ཟླ12པ་ནས་སྤྱི་ལོ2008ལོའི་ཟླ4བའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་མཐོ་གསར་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་འགན་བཞེས།

སྤྱི་ལོ2008ལོའི་ཟླ4བ་ནས་སྤྱི་ལོ2010ལོའི་ཟླ6པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་བྱང་རྒྱུད་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་གྲོང་ཁྱེར་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ6པ་ནས་སྤྱི་ལོ2013ལོའི་ཟླ11པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་བྱང་རྒྱུད་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་། ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ཧྲུའུ་ཅི། ཁྲུང་ཆིང་གཙང་པོ་གཉིས་ཀྱི་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2013ལོའི་ཟླ11པ་ནས་སྤྱི་ལོ2016ལོའི་ཟླ9བའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ9བ་ནས་སྤྱི་ལོ2018ལོའི་ཟླ3པའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་ཚོང་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2018ལོའི་ཟླ3པ་ནས་སྤྱི་ལོ2019ལོའི་ཟླ5བའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2019ལོའི་ཟླ5བ་ནས་སྤྱི་ལོ2019ལོའི་ཟླ10བའི་བར་དུ་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི། ཁྲུང་ཆིང་མཐོ་གསར་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2019ལོའི་ཟླ10བ་ནས་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ཁྲུང་ཆིང་མཐོ་གསར་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

ཁྲུང་ཆིང་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ལྔ་བའི་འཐུས་མི་དང་། ཁྲུང་ཆིང་གྲོང་ཁྱེར་གྱི་ཨུ་ཡོན་ལྷན་ཁང་གི་སྐབས་ལྔ་བའི་ཨུ་ཡོན་ཡིན།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2019ལོའི་ཟླ11པའི་ཚེས29ཉིན་ཁྲུང་ཆིང་གྲོང་ཁྱེར་སྐབས་ལྔ་བའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་ནས་ཞུང་ཞུའེ་ཡི་ཁྲུང་ཆིང་གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གོ་གནས་མེད་པར་བཟོ་བའི་གཏན་འབེབས་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།