ཆའོ་ཀྲི་ཁྲེང་སློབ་ཆེན།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-26 09:33ལ་འགྲུབ།

ཆའོ་ཀྲི་ཁྲེང་སློབ་ཆེན།

ཆའོ་ཀྲི་ཁྲེང་སློབ་ཆེན།
ཆའོ་ཀྲི་ཁྲེང་སློབ་ཆེན་ནི་སྤྱི་ལོ1789ལོར་བཙུགས་པའི་གནམ་བདག་ཆོས་ལུགས་ཀྱི་ཡེ་ཤུའི་ཚོགས་པའི་སློབ་ཆེན་ཞིག་ཡིན་ལ། ཨ་རིའི་གནའ་བོའི་སློབ་ཆེན་གྱི་གྲས་ཀྱི་གཅིག་ཡིན། ཨ་རིའི་རྒྱལ་ས་ཧྭ་ཧྲིང་ཐོན་གྱི་ཁོ་ལོམ་པི་ཡ་དམིགས་བསལ་ཁུལ་དུ་གནས་པ་དང་འཛམ་གླིང་གི་སྒེར་བཙུགས་རྩེར་སོན་སློབ་གྲྭ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乔治敦大学
ཕྱི་ཡིག་གི་མིང་།
Georgetown University
ངོ་བོ།
སྒེར་བཙུགས་གནམ་བདག་ཆོས་ལུགས་ཀྱི་ཡེ་ཤེས་ཚོགས་པའི་སློབ་ཆེན།
བཙུགས་ལོ།
སྤྱི་ལོ1789ལོར་བཙུགས།
རིགས་དབྱེ།
སྤྱི་ཚོགས་ཚན་རིག་རིགས་ཀྱི་སློབ་ཆེན།
ཁྱད་ཆོས།
རྒྱལ་གཅེས་མནའ་འབྲེལ་གྱི་ཁོངས་མི།
1 སློབ་གྲྭའི་ལོ་རྒྱུས། 

ཆའོ་ཀྲི་ཁྲེང་སློབ་ཆེན་ནི་སྤྱི་ལོ1789ལོར་བཙུགས་པ་དང་ཨ་རིའི་ཆེས་གནའ་བོའི་སློབ་ཆེན་གྱི་གྲས་ཤིག་ཡིན་པ་དང་རྒྱལ་ས་ཧྭ་ཧྲིང་ཐོན་གྱི་ཁོ་ལོམ་པི་ཡ་དམིགས་བསལ་ས་ཁུལ་གྱི་མཚན་སྙན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྒེར་བཙུགས་སློབ་ཆེན་དང་། གནམ་བདག་ཆོས་ལུགས་ཀྱི་ཡེ་ཤུའི་ཚོགས་པའི་སློབ་ཆེན་ཞིག་ཡིན། ཆའོ་ཀྲི་ཁྲེང་སློབ་ཆེན་ནི་ཨ་རིའི་སྐད་གྲགས་ཆེ་བའི་སློབ་ཆེན་རྩེ་གྲ25ཡི་གྲས་ཤིག་ཡིན། ཨ་རིའི་ཙུང་ཐུང་པི་ཨེར•ཁུ་ལིན་ཏུན་དང་ཧྥི་ལི་པིན་གྱི་ཙུང་ཐུང་ཨ་ལུའོ་ཡོའུ་དང་ཐའེ་ཝན་གྱི་ཆབ་སྲིད་མི་སྣ་སུང་ཁྲུའུ་ཡུས་སོགས་ནི་ཆའོ་ཀྲི་ཁྲེང་སློབ་ཆེན་གྱི་སློབ་གྲོགས་ཡིན། 

སློབ་གྲྭ་དེ་ནི་ཨ་རི་ཡོངས་ཀྱི་སློབ་ཆེན3000ལྷག་ནང་། སྤྱི་ལོ2016ལོའིU.S. Newsཨ་རིའི་ཕུལ་བྱུང་སློབ་ཆེན་ནང་ཨང་21ཡིན་པ་དང་། ཨ་རིའི་ཚད་གཞི་མཐོ་ཤོས་ཀྱི་སློབ་ཆེན་གྱི་གྲས་ཤིག་ཡིན།  སློབ་ཆེན་འདི་དང་ཧ་ཧྥོ་སློབ་ཆེན་དང་ཡེ་ལུའུ་སློབ་ཆེན། ཕུའུ་ལིན་སི་ཏུན་སློབ་ཆེན། སི་ཐན་ཕུའུ་སློབ་ཆེན་སོགས་དང་མཉམ་དུ་ཨ་རི་ཡོངས་ཀྱི་སློབ་ཆེན་ཡག་ཤོས་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད། སློབ་ཐོན་སློབ་མ་དེ་ཧྥ་ཁྲང་ཁྲུན་ཐེང་སྤྲོ་སྐྱིད་ཁང(ivy plus society)ནང་ཞུགས་པའི་ཐོབ་ཐང་སྤྲད་ཡོད། སྤྲོ་སྐྱིད་ཁང་དེར་མཐོ་རིམ་སློབ་གྲྭ་གྲགས་ཅན་གྱི་ཚོགས་མི་བསྡོམས30ལས་བརྒལ་མེད་པ་དང་། དེའི་ནང་ཧ་ཧྥོ་དང་། ཡེ་ལུའུ། ཕུའུ་ལིན་སི་ཏུན་སོགས་སློབ་ཆེན་8དང་། ཞི་ཏེན་དམག་དོན་སློབ་གྲྭ་དང་། ཨ་རིའི་མཁའ་དམག་སློབ་གླིང་། ཨ་རིའི་མཚོ་དམག་སློབ་གླིང་སོགས་ཨ་རིའི་རྩེར་སོན་སློབ་གྲྭ་དང་དེ་བཞིན་དབྱིན་ཇིའི་ཉིའུ་ཅིན་དང་ཅན་ཆའོ་སོགས་རྒྱལ་སྤྱིའི་སློབ་གྲྭ་གྲགས་ཅན་ཁ་ཤས་ཀྱང་ཡོད། 

འདས་ཟིན་པའི་དུས་རབས་གཉིས་ཀྱི་རིང་ལ། ཆའོ་ཀྲི་ཁྲེང་སློབ་ཆེན་གྱིས་ཤེས་རམས་པ་དང་རབ་འབྱམས་པའི་སློབ་གསོའི་ཁྲོད་དུ་ཕུལ་དུ་བྱུང་བའི་ཡེ་ཤུའི་ཚོགས་པའི་ཕུགས་བསམ་མངོན་འགྱུར་བྱས།  

2 སློབ་ཁྲིད་སྒྲིག་བཀོད། 

ཆེད་དུ་ཁོ་ཚོའི་རྒྱལ་སྤྱིའི་ཚོང་དོན་ཤེས་བྱ་ལེགས་བཅོས་བྱེད་ཆེད་ཇུས་འགོད་བྱས་པའི་ཆེད་ལས་རང་བཞིན་གྱི་སློབ་ཁྲིད་ནི་ཆའོ་ཀྲི་གྲོང་ཁྱེར་སློབ་ཆེན་གྱི་མཚོན་རྟགས་ཡིན། གཟའ་འཁོར་གཅིག་གམ་ཡང་ན་གཟའ་འཁོར་གཉིས་ཀྱི་དུས་ཚོད་ནང་ཞུགས་མཁན་ལ་རྒྱལ་སྤྱིའི་ཚོང་དོན་གྱི་ཤེས་བྱ་མང་པོ་དང་མཐོང་རྒྱ་ཆེན་པོ་ཐོབ་ནས་གོ་ལ་ཧྲིལ་པོའི་ཚོང་ལས་གོ་སྐབས་སྤྱོད་པ་དེ་ཡིན། 

ཁེ་ལས་ལས་རིགས་ཀྱི་གཙོ་འཛིན་དང་ཆའོ་ཀྲི་གྲོང་ཁྱེར་གྱི་དགེ་རྒན་ཚོགས་པའི་སློབ་ཚན་སློབ་ཁྲིད་ཀྱི་ཁྱབ་ཁོངས་དེ་འགོ་ཁྲིད་ནུས་པ་དང་དོ་དམ་ནས་དངུལ་རྩ་དང་གློག་རྡུལ་ཚོང་དོན་བར་ཡིན་པ་རེད། གྱོད་དོན་དཔེ་མཚོན་སློབ་སྦྱོང་བྱེད་ཐབས་བརྒྱུད་དངོས་ཡོད་འཇིག་རྟེན་གྱི་གྱོད་དཔེ་སྤྱད་དེ་སྤུས་ཚད་མཐོ་བའི་སློབ་ཁྲིད་ལ་སླེབས་དགོས། ཉེ་དུས་ཀྱི་དུས་ཐུང་སློབ་ཁྲིད་ནང་ཞུགས་མཁན་ཁྲོདBMW(པའོ་མ་ཀུང་སི)དང་། Merrill Lynch(མེ་ལིན་ཀུང་སི)U.S.-Japan Business Council(ཨ་རི་དང་འཇར་པན་ཚོང་ཚོགས)The World Bank(འཛམ་གླིང་དངུལ་ཁང)The White House(ཕོ་བྲང་དཀར་པོ)སོགས་ཀུང་སི་དང་སྡེ་ཚན་ཡོད་པ་རེད།

2_1 དངོས་གཞི། 

ཨ་རིའི་རོལ་དབྱངས་རིག་གནས་དང་། ཨ་རི་ཞིབ་འཇུག མིའི་རིགས་རིག་པ། སྒྱུ་རྩལ་དང་སྒྱུ་རྩལ་ལོ་རྒྱུས། སྐྱེ་དངོས་རིག་པ། གཤིབ་བསྡུར་རྩོམ་རིག གནམ་བདག་ཆོས་ལུགས་ཞིབ་འཇུག རྫས་འགྱུར་དང་སྐྱེ་དངོས་རྫས་འགྱུར་རིག་པ། རྩིས་འཕྲུལ་ཚན་རིག སྒྱུ་རྩལ་འཁྲབ་སྟོན་ཚན་ཁག ལོ་རྒྱུས་རིག་པ། སྐད་བརྡ་རིག་པ། རྩིས་རིག་དང་སྡོམ་རྩིས་རིག་པ། དུས་རབས་བར་མའི་ཞིབ་འཇུག མཚན་ཉིད་རིག་པ། དངོས་ལུགས་རིག་པ། ཆབ་སྲིད་དཔལ་འབྱོར་རིག་པ། སེམས་ཁམས་རིག་པ། སྤྱི་ཚོགས་རིག་པ། བུད་མེད་ཞིབ་འཇུག་སོགས་ཡོད།

2_2 ཞིབ་འཇུག་སློབ་མ། 

ཨ་རབ་ཞིབ་འཇུག་དང་། སྐྱེ་དངོས་གསོ་རིག ཕྲ་ཕུང་སྐྱེ་དངོས་རིག་པ། འཕྲིན་གཏོང་ལག་རྩལ། ཡོ་རོབ་ཤར་མའི་ཞིབ་འཇུག རིམས་ཐར་རིག་པ། དབང་རྩའི་ཚན་རིག སྨན་ལུགས་རིག་པ། དངུལ་རྩའི་དོ་དམ་རིག་པ། ཁྲལ་ཐབས། སྐྱེ་ཁམས་རིག་པ་དང་སྐྱེ་དངོས་དངོས་ལུགས་རིག་པ། དཔལ་འབྱོར་རིག་པ། ལོ་རྒྱུས། བཟོ་ཚོང་དོ་དམ། འཕྲོ་བའི་གསོ་རིག ཕྱི་དོན་ཞབས་ཞུ་སོགས་ཡོད།

3 ཨང་རིམ་ཆ་འཕྲིན།
3_1 ཕྱོགས་བསྡུས་ཨང་རིམ།

U.S.News

སྤྱི་ལོ2016ལོའིU.S. Newsཨ་རིའི་ཕུལ་བྱུང་སློབ་ཆེན་ཨང་རིམ་ལས་ཨང21པ། 

སྤྱི་ལོ2019ལོའིU.S. Newsཨ་རིའི་ཕུལ་བྱུང་སློབ་ཆེན་ཨང་རིམ་ལས་ཨང22པ།

སྤྱི་ལོ2021ལོའིU.S. Newsཨ་རིའི་ཕུལ་བྱུང་སློབ་ཆེན་ཨང་རིམ་ལས་ཨང23པ།

Forbes

སྤྱི་ལོ2014ལོའི་ཧྥུའུ་པུའུ་སི་ཨ་རིའི་སློབ་ཆེན་ཨང་རིམ་གྱི་ཨང26པ།

སྤྱི་ལོ2019ལོའི་ཧྥུའུ་པུའུ་སི་ཨ་རིའི་སློབ་ཆེན་གྱི་ཨང་རིམ་ཨང15པ།

QSའཛམ་གླིང་སློབ་ཆེན་གྱི་ཨང་རིམ།

སྤྱི་ལོ2020ལོའིQSའཛམ་གླིང་སློབ་ཆེན་གྱི་ཨང་རིམ་ལས་ཨང226པ།

སྤྱི་ལོ2021ལོའིQSའཛམ་གླིང་སློབ་ཆེན་གྱི་ཨང་རིམ་ལས་ཨང230པ།

4 སློབ་མ་བསྡུ་ཚུལ།

སློབ་གྲྭ་དེར་ཐོ་འགོད་བྱས་པའི་སློབ་མ10000ལྷག་ཡོད་པ་དང་ཨ་རི་ཡོངས་ཀྱི་སློབ་ཆེན་སུམ་སྟོང་ལྷག་ཁྲོད་ཕྱོགས་བསྡུས་ཨང་རིམ་20པ་དང་སློབ་བསྡུའི་ཚད16.66%ལས་ཟིན་མེད།

སློབ་གྲྭ་ཆེན་མོ་འདིར“ཆབ་སྲིད་པའི་དགའ་ཚལ”ཞེས་འབོད་བཞིན་ཡོད་དེ། རྒྱུ་མཚན་ནི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་གཞུང་ལས་ཐིང་ནི་ཐག་ཉེ་སར་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་གཞུང་ཚབ་པ་མི་ཉུང་བ་ཞིག་གི་བུ་ཕྲུག་ཚང་མས་འདི་གར་སློབ་གཉེར་བྱེད་བཞིན་ཡོད་པས་སློབ་གྲྭ་ཆེན་མོ་འདིར་རྒྱལ་སྤྱིའི་ཁྱད་ཆོས་དེ་བས་ཆེ་བ་ལྡན་པར་བྱས་ཡོད།

ད་དུང《ཉིག་ཡོ་སྐབས་དོན་ཚགས་པར་སློབ་ཆེན་གྱི་ཕྱོགས་སྟོན》ལ་གཞིགས་ན། ཆའོ་ཀྲི་ཏུན་སློབ་ཆེན་ནི་ཨ་རི་ཡོངས་ཀྱི་ལོ་རྒྱུས་རིང་ཤོས་ཀྱི་གནམ་བདག་ཆོས་ལུགས་སློབ་ཆེན་ཞིག་ཡིན་པ་དང་། ཅུང་ཕུལ་དུ་བྱུང་བའི་རིག་ཚན་ནང་ཨ་རི་ཞིབ་འཇུག་དང་། ལོ་རྒྱུས། ཕྱི་འབྲེལ་ལས་དོན །སྲིད་གཞུང་། ལྷའི་རིག་པ་བཅས་ཚུད་ཡོད།  

ཆའོ་ཀྲི་གྲོང་ཁྱེར་སློབ་ཆེན་གྱིས་རྒྱལ་སྤྱིའི་སློབ་མར་བླང་བྱ་ཧ་ཅང་ནན་པོ་བཏོན་ཡོད་པ་དང་། དེའི་རྒྱལ་སྤྱིའི་སློབ་མ་ཉུང་བས་སློབ་གྲྭའི་སློབ་མ་བསྡུ་བའི་འགྲན་རྩོད་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་དེ། སྤྱི་ལོ2016ལོའི་རིམ་པའི་སློབ་མའི་ཁྲོད་ཀྲུང་གོས་རེ་ཞུ་བྱས་པའི་མི་གྲངས་600ཟིན་ཡོད། འོན་ཀྱང་སྤྱི་ལོ2016ལོར་སློབ་གྲྭར་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པའི་ཀྲུང་གོའི་སློབ་མ་བརྒྱད་ལས་མེད།

དཔྱད་གཞིའི་ཡིག་ཆ།