ལུའུ་ཁུ་ཧྭ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-27 17:06ལ་འགྲུབ།

ལུའུ་ཁུ་ཧྭ།

ལུའུ་ཁུ་ཧྭ།
ཁོང་ནི་སྤྱི་ལོ1964ལོའི་ཟླ10བར་ཨན་ཧུའེ་ཙུང་དབྱང་ནས་སྐྱེས་ཤིང་། སྤྱི་ལོ1989ལོའི་ཟླ6པར་ལས་ཀར་ཞུགས་པ་དང་། སྤྱི་ལོ1984ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ལ། ཞིབ་འཇུག་སློབ་མ་དང་། ཞིང་ལས་རིག་པའི་རབ་འབྱམས་པ། མཐོ་རིམ་བཟོ་བཀོད་པ་བཅས་ཡིན་ཞིང་། ད་ལྟ་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས་བཞིན་ཡོད།
1 མི་སྣའི་བརྒྱུད་རིམ།

སྤྱི་ལོ1982ལོའི་ཟླ9བ་ནས་སྤྱི་ལོ1986ལོའི་ཟླ9བའི་བར་དུ་ཧྭ་ཀྲུང་ཞིང་ལས་སློབ་ཆེན་ཞིང་ལས་དཔལ་འབྱོར་ཚན་ཁག་གི་ས་ཆ་བེད་སྤྱོད་འཆར་འགོད་དང་དོ་དམ་ཆེད་ལས་སུ་སློབ་གཉེར་བྱས།

སྤྱི་ལོ1986ལོའི་ཟླ9བ་ནས་སྤྱི་ལོ1989ལོའི་ཟླ6པའི་བར་དུ་ཧྭ་ཀྲུང་ཞིང་ལས་སློབ་ཆེན་ཞིང་ལས་དཔལ་འབྱོར་ཚན་ཁག་གི་ས་ཆ་བེད་སྤྱོད་དོ་དམ་དང་ཞིང་ལས་ཐོན་ཁུངས་དཔལ་འབྱོར་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན།

སྤྱི་ལོ1989ལོའི་ཟླ6པ་ནས་སྤྱི་ལོ1994ལོའི་ཟླ5བའི་བར་དུ་འཛུགས་སྐྲུན་པུའུ་ས་ཁང་ཐོན་ལས་སི་ཁྲོམ་ར་ཁྲུའུ་ཡི་ལས་བྱེད་པ་དང་། ཀྲུའུ་རེན་ཁོའོ་ཡོན་གྱི་འགན་བཞེས།

སྤྱི་ལོ1994ལོའི་ཟླ5བ་ནས་སྤྱི་ལོ1996ལོའི་ཟླ7པའི་བར་དུ་འཛུགས་སྐྲུན་པུའུ་ས་ཁང་ཐོན་ལས་སི་ཁྲོམ་ར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ7པ་ནས་སྤྱི་ལོ1998ལོའི་ཟླ7པའི་བར་དུ་འཛུགས་སྐྲུན་པུའུ་ས་ཁང་ཐོན་ལས་སི་ཁྲོམ་ར་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1998ལོའི་ཟླ7པ་ནས་སྤྱི་ལོ2000ལོའི་ཟླ2པའི་བར་དུ་འཛུགས་སྐྲུན་པུའུ་ས་ཁང་ཐོན་ལས་སི་བདག་ཁོངས་དང་ཁྲོམ་ར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2000ལོའི་ཟླ2པ་ནས་སྤྱི་ལོ2004ལོའི་ཟླ6པའི་བར་དུ་འཛུགས་སྐྲུན་པུའུ་སྡོད་ཁང་དང་ས་ཁང་ཐོན་ལས་སི་སི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2004ལོའི་ཟླ6པ་ནས་སྤྱི་ལོ2008ལོའི་ཟླ8པའི་བར་དུ་འཛུགས་སྐྲུན་པུའུ་སྡོད་ཁང་ཐོན་ལས་ཅན་སྐུལ་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་འགན་བཞེས།

སྤྱི་ལོ2008ལོའི་ཟླ8པ་ནས་སྤྱི་ལོ2015ལོའི་ཟླ3པའི་བར་དུ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་གྲོང་ཁྱེར་འཛུགས་སྐྲུན་སི་སི་ཀྲང་གི་འགན་བཞེས།

སྤྱི་ལོ2015ལོའི་ཟླ3པ་ནས་སྤྱི་ལོ2018ལོའི་ཟླ1པོའི་བར་དུ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2018ལོའི་ཟླ1པོར་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་འཐུས་མི་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་ལྔ་བའི་འཐུས་མི་ཡིན།

2 བྱ་བའི་ལས་བགོས།

སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། གྲོང་ཁྱེར་དོ་དམ། འཆར་འགོད། རང་བྱུང་ཐོན་ཁུངས་དོ་དམ། སྐྱེ་ཁམས་ཁོར་ཡུག ནགས་ལས། མི་དམངས་མཁའ་ཟོན་བཅས་ཀྱི་ལས་ཀ་བྱེད་པའི་འགན་འཁུར་བ།

གྲོང་ཁྱེར་གྱི་འཆར་འགོད་རང་བྱུང་ཐོན་ཁུངས་ཅུའུ་དང་། གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུའུ། གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཨུ་ལྷན། གྲོང་ཁྱེར་དོ་དམ་ཅུའུ། གྲོང་ཁྱེར་མི་དམངས་མཁའ་ཟོན་གཞུང་ལས་ཁང་། གྲོང་ཁྱེར་ནགས་ལས་ཅུའུ་བཅས་སོ་སོར་འགན་འཁུར་བ།


དཔྱད་གཞིའི་ཡིག་ཆ།