ལྗང་མདོག་ཞིང་ལས།སྔ་མའི་པར་གཞི་དེ སེང་མཚོ།  ནས 2021-11-26 09:39ལ་འགྲུབ།

ལྗང་མདོག་ཞིང་ལས།

ལྗང་མདོག་ཞིང་ལས།
ལྗང་མདོག་ཞིང་ལས་ནི་ཞིང་ལས་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་བྱས་ཏེ། ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་ཞིང་དུད་ཀྱི་ཡོང་འབབ་འཕར་སྣོན་བྱེད་པ་དང་ཆབས་ཅིག་ཁོར་ཡུག་སྲུང་སྐྱོང་དང་ཞིང་ལས་ཐོན་རྫས་ཀྱི་ལྗང་མདོག་སྦགས་བཙོག་མེད་པའི་ཞིང་ལས་འཕེལ་རྒྱས་ཀྱི་རིགས་ལ་ཟེར། ལྗང་མདོག་ཞིང་ལས་ནི་སྐྱེ་ཁམས་དངོས་པོའི་འཁོར་རྒྱུག་དང་། ཞིང་ལས་སྐྱེ་དངོས་རིག་པའི་ལག་རྩལ། འཚོ་བཅུད་དངོས་རྫས་ཕྱོགས་བསྡུས་དོ་དམ་ལག་རྩལ། རྨོ་བསྐོར་ལག་རྩལ་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད་པས། ཁྱབ་རྒྱ་ཧ་ཅང་ཆེ་བའི་ཕྱོགས་བསྡུས་ཐ་སྙད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
绿色农业
ཕྱི་ཡིག་གི་མིང་།
Green Agriculture
1 ངོ་སྤྲོད།

ལྗང་མདོག་ཞིང་ལས་ནི་ཞིང་ལས་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་བྱས་ཏེ། ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་ཞིང་དུད་ཀྱི་ཡོང་འབབ་འཕར་སྣོན་བྱེད་པ་དང་ཆབས་ཅིག་ཁོར་ཡུག་སྲུང་སྐྱོང་དང་ཞིང་ལས་ཐོན་རྫས་ཀྱི་ལྗང་མདོག་སྦགས་བཙོག་མེད་པའི་ཞིང་ལས་འཕེལ་རྒྱས་ཀྱི་རིགས་ལ་ཟེར། ལྗང་མདོག་ཞིང་ལས་ནི་སྐྱེ་ཁམས་དངོས་པོའི་འཁོར་རྒྱུག་དང་། ཞིང་ལས་སྐྱེ་དངོས་རིག་པའི་ལག་རྩལ། འཚོ་བཅུད་དངོས་རྫས་ཕྱོགས་བསྡུས་དོ་དམ་ལག་རྩལ། རྨོ་བསྐོར་ལག་རྩལ་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད་པས། ཁྱབ་རྒྱ་ཧ་ཅང་ཆེ་བའི་ཕྱོགས་བསྡུས་ཐ་སྙད་ཅིག་ཡིན།

2 གོ་དོན།

(1)ལྗང་མདོག་ཞིང་ལས་དང་དེའི་ཐོན་རྫས་ནི་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ལས་བྱུང་བ།

སའི་གོ་ལ་ནི་མིའི་རིགས་ཀྱི་བྱེད་སྒོར་འཚམ་པའི་གནམ་གཤིས་དང་། མཁའ་རླུང་སོས་པ། ཕུན་སུམ་ཚོགས་པའི་ཆུ་ཁུངས། ས་རྒྱུ་གཤིན་པོ་བཅས་མཁོ་འདོན་བྱས་ནས་མིའི་རིགས་མི་རབས་ནས་མི་རབས་བར་སྐྱེ་འཕེལ་འཚོ་གནས་ཐུབ་ཡོད། འོན་ཀྱང་མི་འབོར་དང་ཟློས་གར་ཇེ་མང་དུ་སོང་བ་དང་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་ཐོན་ཁུངས་འཕྲོ་བརླག་དང་གཏོར་བཤིག་ཕོག་པ་དང་ཁོར་ཡུག་ལ་སྦགས་བཙོག་ཕོག་ཡོད། རང་བྱུང་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་དེ་རིགས་ཚུར་ལན་ཆོས་ཉིད་གཞིར་བཟུང་མཐར་བྱ་སྤྱོད་སྤེལ་མཁན་གཙོ་བོ་ཡིན་པའི་མིའི་རིགས་ལ་དྲིན་ལན་འཇལ་གྱིན་ཡོད། དེ་དང་ཆབས་ཅིག་ཁོར་ཡུག་ཕྱོགས་བསྡུས་ནད་རྟགས་དང་། “དཔལ་ཡོན་ནད”དེ་བཞིན་ནད་ཡ་མཚན་སྣ་ཚོགས་ཀྱིས་མི་རྣམས་ལ་མནར་གཅོད་བྱེད་ཀྱིན་ཡོད། དེ་བས་གདོད་ནུས་དང་ཚན་རིག་ལ་ངོས་འཛིན་བྱེད་པའི་ཆེད་དུ། མི་རྣམས་ཀྱིས་རང་ཉིད་ཀྱི་བདེ་ཐང་ལ་སྔར་ལས་སེམས་ཁུར་བྱེད་པ་དང་། ཟས་རིགས་བདེ་འཇགས་ལ་དོ་སྣང་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ། ལྷག་པར་དུ་སྦགས་བཙོག་མེད་པ་དང་ཁོར་ཡུག་ལ་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ལ་དགའ་པོ་བྱེད་ཀྱིན་ཡོད། རྒྱབ་ལྗོངས་འདི་འདྲའི་འོག་ལྗང་མདོག་ཞིང་ལས་དང་ལྗང་མདོག་ཞིང་ལས་ཐོན་རྫས་ལ་སྔར་ཡོད་ཀྱི་ལེགས་ཆར་བརྟེན་ནས་རྒྱ་ཆེའི་འཛད་སྤྱོད་པས་ཁས་ལེན་དང་དང་ལེན་བྱས་ཏེ་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་ལྡོག་མེད་ཀྱི་ཐོན་དངོས་ཤིག་ཏུ་གྱུར་ཡོད། 

(2)ལྗང་མདོག་ཞིང་ལས་ནི་སྲུང་སྐྱོང་ཐོབ་པའི་ཞིང་ལས་ཡིན།

ལྗང་མདོག་ཞིང་ལས་ནི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་མི་རྣམས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་ཤིག་ཡིན་ལ། དུས་མཚུངས་སུ་རོགས་སྐྱོར་དང་སྲུང་སྐྱོང་བྱེད་དགོས་པའི་སྤུས་ཞན་ཐོན་ལས་ཤིག་ཀྱང་ཡིན། ལྗང་མདོག་ཞིང་ལས་ལ་ཁྲིམས་འཛུགས་མེད་ཀྱང་ལྗང་མདོག་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་ཡིན་པའི་ལྗང་མདོག་ཞིང་ལས་ཐོན་རྫས་ནི་སྤུས་ཚད་ཚད་གཞིའི་བརྒྱུད་རིམ་ཧྲིལ་བོའི་ཚོད་འཛིན་འོག་ཐོན་སྐྱེད་བྱས་པ་ཞིག་ཡིན་ལ། ལྗང་མདོག་ཞིང་ལས་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་ལ་ཐོན་ཡུལ་གྱི་ཁོར་ཡུག་དང་ཐོན་སྐྱེད་རྒྱུ་ཆའི་གཏོང་རྫས་ཡང་དག་དང་ལུགས་མཐུན་ངང་བེད་སྤྱོད་བྱེད་དགོས་པ་ཕུད། ད་དུང་ཐོན་རྫས་ཀྱི་ནང་གནས་སྤུས་ཚད་དང་ཐོན་སྐྱེད་ལག་རྩལ་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་ལག་བསྟར་བྱེད་པ་སོགས་ཀྱི་ཐད་སྤུས་ཚད་ཀྱི་བླང་བྱ་ཧ་ཅང་ནན་པོ་ཡོད་པས།ས་ཞིང་ནས་གསོལ་ལྕོག་བར་དང་། ཐོན་སྐྱེད་བྱེད་རིང་བཅས་ཀྱི་ཐོན་སྐྱེད་དང་། ལས་སྣོན། དོ་དམ། གསོག་འདྲེན། ཐུམ་སྒྲིལ། ཕྱིར་ཚོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་ཚོད་འཛིན་ལ་བརྟེན་ནས་མངོན་འགྱུར་བྱེད་ཀྱིན་ཡོད། དེར་བརྟེན་ཞིང་ལས་ཐོན་རྫས་གཞན་དག་དང་བསྡུར་ན་ལྗང་མདོག་ཞིང་ལས་དང་དེའི་ཐོན་རྫས་ལ་སྐྱེ་ཁམས་རང་བཞིན་དང་། སྤུས་ལེགས་རང་བཞིན། བདེ་འཇགས་རང་བཞིན་བཅས་ལྡན་ཡོད་ལ། རང་རྒྱལ་སྲིད་གཞུང་གིས་འབད་བརྩོན་ཆེན་པོས་བརྩོན་ལེན་བྱེད་པའི་ཟས་རིགས་འཕེལ་རྒྱས་ཀྱི་དམིགས་འབེན་ཡང་ཡིན། 

(3)ལྗང་མདོག་ཞིང་ལས་ནི་སྲོལ་རྒྱུན་ཞིང་ལས་དང་ཟུང་འབྲེལ་དམ་ཚགས་བྱེད་པའི་ཞིང་ལས་དཔེ་དབྱིབས་ཤིག་ཡིན།

སྲོལ་རྒྱུན་གྱི་ཞིང་ལས་ནི་རང་ཁ་རང་གསོ་ཐུབ་པའི་ཞིང་ལས་ཆུང་བ་ཞིག་ཡིན་ཞིང་། དེའི་ལེགས་ཆ་ནི་ནུས་ཁུངས་གྲོན་ཆུང་དང་། ཐོན་ཁུངས་གྲོན་ཆུང་། མ་དངུལ་གྲོན་ཆུང་། ཞིབ་རྨོ་ཞིབ་འདེབས། མི་ཕྱུགས་ཟུང་འབྲེལ། སྐྱེ་ལྡན་ལུད་རྒྱག་པ། ཁོར་ཡུག་སྦགས་བཙོག་མི་བཟོ་བ་བཅས་ཡིན་ལ། མ་དངུལ་གཏོང་ཚད་ཉུང་བ་དང་། ཐོན་ཚད་དམའ་བ། ཕན་འབྲས་དམའ་བ། འདེབས་འཛུགས་རྐྱང་པ། གནོད་འགོག་ནུས་པ་ཞན་པ། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་དམའ་བ་སོགས་ཀྱི་ཞན་ཆ་ཡང་ཡོད། ལྗང་མདོག་ཞིང་ལས་ནི་སྲོལ་རྒྱུན་གྱི་ཞིང་ལས་དང་དེང་རབས་ཞིང་ལས་ཟུང་འབྲེལ་དམ་ཚགས་བྱེད་པ་ཞིག་ཡིན་ཞིང་། ཐོན་འབབ་མཐོ་བ་དང་། བརྟན་པོ། ནུས་ཆེ། སྐྱེ་ཁམས། བདེ་འཇགས་བཅས་དམིགས་ཡུལ་དུ་བཟུང་ནས་ངལ་རྩོལ་ནུས་ཤུགས་དང་། ཞིང་ལུད། ཕྱུགས་ཤུགས། འཕྲུལ་ཆས། སྒྲིག་ཆས་སོགས་ཞིང་སྤྱོད་ཐོན་སྐྱེད་རྒྱུ་ཆའི་གཏོང་ཆ་མང་དུ་བཏང་བ་མ་ཟད། ད་དུང་ཚན་རིག་ལག་རྩལ་དང་། རིག་སྟོབས། ཆ་འཕྲིན། ཤེས་ལྡན་མི་སྣ་སོགས་ཀྱི་གཏོང་ཆ་མང་དུ་བཏང་ནས་ལྗང་མདོག་ཞིང་ལས་འཕེལ་རྒྱས་ལ་དུས་རབས་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་པོ་ལྡན་ཡོད། 

(4)ལྗང་མདོག་ཞིང་ལས་ནི་སྣ་མང་ཟུང་འབྲེལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་ལས་ཆེན་པོ་ཞིག་ཡིན།

ལྗང་མདོག་ཞིང་ལས་མཉམ་འདྲེས་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་གཞི་གཅིག་ཏུ་བྱེད་པ་དང་། ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་གཙོ་བོར་བྱེད་པ། ཞིང་བཟོ་ཚོང་དང་། ཐོན་སྐྱེད་དང་བྲིན་ཚོང་། ཚོང་དོན་དང་། བཟོ་ལས། འཛུགས་སྐྲུན་གྱོན་ཆས་སོགས་ཐོན་ལས་སྦྲེལ་ཐག་ཕྱིར་མངོན་པར་བྱས་ཏེ་ཞིང་ནང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱས་པས་ཞིང་ལས་ཀྱི་གེགས་འགོག་ནུས་པ་དང་ཞིང་པས་སྔོན་ཐོན་གྱི་ཚན་རིག་ལག་རྩལ་སྤྱོད་པའི་ཆུ་ཚད་མཐོ་རུ་གཏོང་དགོས།

(5)ལྗང་མདོག་ཞིང་ལས་ནི་དབུལ་ཕོངས་ས་ཁུལ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་ནུས་ལྡན་ཞིག་ཡིན།

སྤྱི་ལོ1996ལོ་ནས་སྤྱི་ལོ2000ལོའི་བར་མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྲུང་གོའི་མ་འཇོག་སྐུལ་འདེད་ཁྲུའུ་ཡིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཐེངས་མང་བྱས་ནས་ལྗང་མདོག་ཐོན་ལས་རྣམ་གྲངས་གནས་ཡུལ་དུ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱེད་པར་བསྐྱོད་མྱོང་། རྣམ་གྲངས་ས་ཁུལ་མང་ཆེ་བའི་ཆུའི་སྤུས་ཚད་དང་། ས་རྒྱུ། རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ལེགས་པ་དང་ལྗང་མདོག་བཟའ་བཅའི་རྒྱུ་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། འོན་ཀྱང་ཚན་རིག་དང་མཐུན་པའི་འཆར་འགོད་མེད་པ་དང་། ཚོང་རའི་ཆ་འཕྲིན་མི་གསལ་བ། ཚན་རྩལ་བྱང་ཚད་དམའ་བ་བཅས་ཀྱི་དབང་གིས་དབུལ་ཕོངས་ས་ཁུལ་ཁ་ཤས་ཀྱིས་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ་ཁོ་ན་ཕྱིར་འཚོང་བྱེད་མི་ཐུབ་པ་དང་། ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཚད་མི་འདང་བ། ཟུར་སྣོན་རིན་ཐང་ནུས་ལྡན་ངང་མངོན་མེད་པ། ཕན་འབྲས་ཆེན་པོ་མེད་པ་བཅས་རེད། ལྗང་མདོག་བཟའ་བཅའ་གསར་སྤེལ་བྱས་རྗེས་དབུལ་ཕོངས་ས་ཁུལ་གྱིས་བཟོ་ལས་དང་ཞིང་ལས་ཀྱི་སྦགས་བཙོག་ཐེབས་ཚད་ཡང་བ་དང་ཁོར་ཡུག་བལྟོས་བཅས་ཀྱིས་གཙང་བའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པ་དང་། མ་བཅོས་རྒྱུ་ཆ་ཐོན་རྫས་སུ་བསྒྱུར་བ།ཚན་རྩལ་མཐོ་བ་དང་། ཟུར་སྣོན་རིན་ཐང་མཐོ་བ། ཚོང་ར་མཐོ་བ་བཅས་ཀྱིས་བཟུང་བའི་ས་ཁུལ་དབུལ་པོའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྐུལ་ཁྲིད་བྱས་ནས་ས་ཁོངས་དཔལ་འབྱོར་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། འདི་ནི་རང་རྒྱལ་གྱི་མཐའ་མཚམས་རི་ཁུལ་དང་། དཔལ་འབྱོར་དར་རྒྱས་བྱུང་མེད་པ། དར་རྒྱས་བྱུང་མེད་པའི་ས་ཁུལ་བཅས་ལ་དཔྱད་གཞིར་འཛིན་པའི་དོན་སྙིང་ལྡན།

3 ཁྱད་ཆོས།
3_1 སྒོ་འབྱེད་འཆམ་མཐུན་རང་བཞིན་ཅན།

ལྗང་མདོག་ཞིང་ལས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་ལྷག་པར་དུ་ཚན་རྩལ་འཕེལ་རྒྱས་ཀྱི་ཕུལ་བྱུང་གྲུབ་འབྲས་ཡོད་ཚད་བེད་སྤྱོད་གང་ལེགས་བྱས་ཏེ། ཚན་རྩལ་ཡར་ཐོན་དང་དངོས་པོ་གཏོང་བ་སོགས་ལ་བརྟེན་ནས་ཞིང་ལས་ཐོན་རྫས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་འཕྲོད་བསྟེན་བདེ་འཇགས་ལ་མཐོང་ཆེན་བྱས་ཏེ། མིའི་རིགས་ཀྱིས་ཞིང་ལས་ཐོན་རྫས་ཀྱི་གྲངས་འབོར་དང་སྤུས་ཚད་ཀྱི་བླང་བྱ་སྐོང་ཐུབ་པ།

3_2 རྒྱུན་མཐུད་བདེ་འཇགས་རང་བཞིན།

རྒྱུན་མཐུད་བདེ་འཇགས་ཞེས་པ་ནི་བཟོ་ལས་གཏོང་རྫས་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྩི་ཤིང་དང་། སྲོག་ཆགས། སྐྱེ་དངོས་ཕྲ་རབ་བཅས་བར་གྱི་སྐྱེ་དངོས་མ་ལག་ཁྲོད་ཀྱི་ནུས་ཚད་ཀྱི་རང་བྱུང་འཁོར་རྒྱུག་དང་འཁོར་རྒྱུག་སྤོ་སྒྱུར་ལ་དོ་སྣང་བྱས་ཏེ། ནུས་ཚད་འཕོ་འགྱུར་དང་དངོས་པོ་འཁོར་རྒྱུག་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གྱོང་གུན་དེ་ཚད་དམའ་ཤོས་སུ་དམའ་རུ་གཏོང་བ་དང་། ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་དང་སྲུང་སྐྱོང་བྱེད་པར་མཐོང་ཆེན་བྱེད་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བྱས་ནས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས།

3_3 ཁྱོན་ཡོངས་ནུས་ཆེའི་རང་བཞིན།

ཕྱོགས་ཡོངས་ནས་ཕན་ནུས་ཆེ་བ་སྟེ་ལྗང་མདོག་ཞིང་ལས་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ལྗང་མདོག་ཞིང་ལས་ཀྱིས་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་དོ་སྣང་བྱེད་པ་དང་། མིའི་རིགས་ཀྱི་བཟའ་བཅའི་བདེ་འཇགས་འགན་སྲུང་བྱེད་པར་དོ་སྣང་བྱེད་པ་མ་ཟད། ཞིང་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཡང་དོ་སྣང་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་ལྷག་པར་དུ་དོ་སྣང་བྱེད་བཞིན་ཡོད།

3_4 ཚད་ལྡན་ཚད་གཞི་ཅན་གྱི་རང་བཞིན།

ཚད་ལྡན་གྱི་ཚད་གཞི་ནི་ལྗང་མདོག་ཞིང་ལས་ཀྱིས་ཞིང་ལས་ཐོན་སྐྱེད་ལ་ཚད་ལྡན་ཅན་གྱི་བརྒྱུད་རིམ་ཧྲིལ་པོར་ཚོད་འཛིན་དང་དོ་དམ་བྱེད་དགོས་པ་མ་ཟད། ལྗང་མདོག་ཞིང་ལས་འཕེལ་རྒྱས་ཀྱི་མཐའ་སྣེའི་ཐོན་རྫས་གཅིག་ལྗང་མདོག་ཞིང་ལས་ཐོན་རྫས་ཚད་ལྡན་ཅན་དུ་འགྱུར་བར་དམིགས་སུ་བཀར་ནས་ནན་བཤད་བྱས་ཏེ། ལྗང་མདོག་ཞིང་ལས་ཐོན་རྫས་ཚད་ལྡན་ཅན་དུ་འགྱུར་བ་བརྒྱུད་ཐོན་རྫས་ཀྱི་གཟུགས་བརྙན་དང་རིན་གོང་མཐོ་རུ་གཏོང་བ་དང་། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ།

4 དཔེ་སྟོན་ཁུལ་གྱི་གནས་ཚུལ་མདོར་བསྡུས།

རང་རྒྱལ་གྱི་མངའ་ཁོངས་རྒྱ་ཆེ་ལ་ས་ཁོངས་མི་འདྲ་བའི་རང་བྱུང་ཆ་རྐྱེན་གྱི་ཁྱད་པར་ཅུང་ཆེ་བས། ས་ཁོངས་ཀྱི་དྲོད་ཚད་ཆ་རྐྱེན་དང་ཆུའི་ཆ་རྐྱེན་གྱི་སྡེབ་སྒྲིག་ཕལ་ཆེར་འདྲ་བ་དང་། ས་ཁོངས་ཀྱི་གནམ་གཤིས་འབྱུང་རྐྱེན་གཞི་རྩའི་ཆ་ནས་འདྲ་མཚུངས་ཡིན་པ། ས་རྒྱུ་དང་། སྔོ་ཁེབས། ས་ཞིང་བེད་སྤྱོད་སོགས་ཀྱི་ཐད་ལ་ཐུན་མོང་རང་བཞིན་ངེས་ཅན་ཞིག་ཡོད་ལ། རང་བྱུང་ཁོར་ཡུག་དང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་ཁ་ཕྱོགས་ཀྱང་གཞི་རྩའི་ཆ་ནས་གཅིག་མཐུན་ཡིན་པའི་རྩ་དོན་གྱིས་རྒྱལ་ཡོངས་རང་བྱུང་ཆུས7དུ་དབྱེ་ཡོད་པ་སྟེ། བྱང་ཤར་དང་། ཧྭ་དབུས། ཧྭ་ལྷོ། ནང་སོག   ནུབ་བྱང་། མཚོ་བོད།

(1)བྱང་ཤར་ས་ཁུལ་ནི་དྲོད་ཁུལ་གྱི་གྲང་རློན་རང་བཞིན་གྱི་ནགས་ཚལ་དང་ནགས་ཚལ་དང་རྩྭ་ཐང་གི་མཛེས་ལྗོངས་ཆེན་པོ་ཞིག་ཡིན། རྒྱལ་ཁབ་ཀྱི་ཚོང་འབྲུའི་རྟེན་གཞི་ཆེན་པོ་ཞིག་ཡིན་ཞིང་། ས་ཞིང་བེད་སྤྱོད་བྱས་ནས་ལོ་རེར་སྨིན་པའི་ལམ་ལུགས་སུ་བསྒྱུར་ནས་དྲོད་ཚད་དམའ་བའི་གྲང་སྐྱོན་སེལ་ཐབས་བྱ་རྒྱུ་ནི་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་བྱ་རྒྱུ་ནི་དུས་ཡུན་རིང་པོར་དོ་སྣང་བྱ་དགོས་པའི་གནད་དོན་ཞིག་ཡིན།

(2)ཧྭ་བྱང་ས་ཁུལ་ནི་དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་དང་ཐན་པ་ཕྱེད་ཙམ་གྱི་དབྱར་ཁའི་ནགས་ཚལ་དང་ནགས་ཚལ་དང་རྩྭ་ཐང་གི་མཛེས་ལྗོངས་ཡིན། ལོ་གཉིས་ལ་ཐེངས་གསུམ་སྨིན་པ། དཔྱིད་དུས་ཐན་པ་བྱུང་བ་དང་། ས་ཆུ་ཤོར་བ་དང་ས་རྒྱུའི་ཞོར་ཐོན་ཚྭ་ཅན་དུ་འགྱུར་བས། ཞིང་ལས་ཁོར་ཡུག་སྦགས་བཙོག་ནི་ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་གནད་དོན་གཙོ་བོ་ཡིན། 

(3)ཧྭ་ཀྲུང་ས་ཁུལ་ནི་བརླན་གཤེར་ཚ་བའི་ཚ་ཁུལ་ཕལ་བའི་རྒྱུན་ལྗང་ནགས་ཚལ་གྱི་མཛེས་ལྗོངས་ཡིན་པ་དང་། བྱང་རྒྱུད་དུ་ལོ་མ་ལྷུང་བའི་ལོ་འདབ་ཆེ་བའི་ནགས་ཚལ་འདྲེས་ཡོད། ཀྲུང་གོའི་དབུས་ནུབ་རྒྱུད་ཀྱི་ས་བབ་རྙོག་འཛིང་ཆེ་བ་དང་། རང་བྱུང་ཁམས་ཀྱི་དྲང་འཕྱང་དབྱེ་མཚམས་མངོན་གསལ་ཡིན། ས་ཁུལ་མི་ཉུང་བ་ཞིག་ལ་ཐན་པའི་དུས་ཚིགས་མངོན་གསལ་ཡིན་པ་དང་། ཉི་འོད་ཕོག་ཚད་ཅུང་ཐུང་བ་དང་། དྲོད་ཚད་ཅུང་དམའ་བ། ཆུ་དྲོད་གནས་ཚུལ་སྡེབ་སྒྲིག་བཅས་ཀྱི་ཁྱད་ཆོས་ནི་ས་ཁུལ་དེ་གའི་ཤར་རྒྱུད་དང་ཁྱད་པར་མི་ཉུང་བ་ཡོད། བསྐྱར་འདེབས་ཀྱི་སྟོན་གྲངས་མཐོ་རུ་གཏོང་བ་དང་ས་རྒྱུ་ལེགས་བཅོས་བྱས་ཏེ་ནགས་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ཞིང་ལས་འཕེལ་རྒྱས་གཏོང་བའི་གལ་ཆེའི་བྱ་ཐབས་དང་རྨང་གཞིའི་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ(ལས་གཞི)ཡིན།  

(4)ཧྭ་ལྷོའི་ས་ཁུལ་ལ་ཚ་བའི་རང་བཞིན་ལྡན་པའི་ས་ཁུལ་འདུས་ཡོད་པ་སྟེ། ཚ་བའི་ས་ཁུལ་ལྷོ་མའི་ཚ་ཁུལ་དེ་ཧྭ་ལྷོའི་ས་ཁུལ་དུ་དབྱེ་བ་རེད། ནམ་ཟླའི་ས་རྒྱུ་དང་སྔོ་ཁེབས།ས་ཞིང་བེད་སྤྱོད་དང་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལ་བལྟས་ན། ཚ་ཁུལ་ལྷོ་མ་དང་ཚ་བའི་ཁུལ་གཉིས་ལ་འདྲ་ས་ཅུང་ཆེན་པོ་ཡོད་ཅིང་། ད་ལྟའི་ནན་ལིང་རི་ཁུལ་དང་དེའི་བྱང་ཕྱོགས་ས་ཁུལ་གྱི་ཁྱད་པར་ཅུང་ཆེ། དགུན་དུས་ཀྱི་གྲང་ངར་ཆེ་བའི་མཁའ་རླུང་ལྷོ་ཕྱོགས་སུ་སྐྱོད་སྐབས་ཤུགས་རྐྱེན་ཐེབས་ཀྱང་རང་རྒྱལ་གྱི་ཚ་ཁུལ་སྐྱེ་དངོས་འཕེལ་རྒྱས་གཏོང་བའི་ས་ཁུལ་དུ་སྔར་བཞིན་འགྱུར་གྱིན་ཡོད། ལྷོ་ཚ་ཁུལ་ཕལ་བའི་བྱང་མཚམས་ནི་རང་རྒྱལ་གྱི་ཚ་བའི་ཁུལ་གྱི་ལོ་ཏོག་གི་བྱང་མཚམས་ཡིན། ལྷོ་གླིང་ལྷོ་འདབས་ཀྱི་ས་ཁུལ་རྣམས་མཉམ་དུ་བཅད་དེ་ཧྭ་ལྷོའི་ས་ཁུལ་དེ་ཅུང་ཆ་ཚང་བའི་རང་བྱུང་ས་ཁུལ་ཞིག་ཏུ་འགྱུར་བར་བྱེད་དགོས། ཞིང་ལས་ཐོན་སྐྱེད་ཆེན་པོའི་ཁྲོད་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དངོས་པོའི་ཁོངས་སུ་གཏོགས་པའི་རང་བྱུང་འགྱིག་ནགས་ཚལ་ཐོན་སྐྱེད་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཡིན།

(5)ནང་སོག་ས་ཁུལ་ནི་དྲོད་ཁུལ་གྱི་རྩྭ་ཐང་གི་མཛེས་ལྗོངས་ཡིན། ཤར་རྒྱུད་ཞིང་ལས་ཀྱི་བསྡུར་ཚད་དེ་ནུབ་རྒྱུད་ལས་ཅུང་ལྕི་བ་དང་། འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ནུབ་རྒྱུད་ལས་ལེགས་པ་ཡོད། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་པུའུ་གཉིས་ཀར་རྩྭ་ཐང་ལེགས་བཅོས་བྱ་རྒྱུ་དེ་ཞིབ་འཇུག་བྱ་གཞི་གཙོ་བོར་བྱེད་པའི་ཚན་རིག་ཞིབ་འཇུག་གི་ལས་ཀ་ཡོད་པ་དང་། ནུབ་རྒྱུད་ཀྱི་ཐང་རྒོད་དང་རྩྭ་ཐང་ལེགས་བཅོས་བྱེད་པའི་ལས་ཀ་ཅུང་མང་པོ་ཡོད།

(6)ནུབ་བྱང་ས་ཁུལ་ནི་དྲོད་ཁུལ་ཐན་སྐམ་ཐང་རྒོད་ཀྱི་མཛེས་ལྗོངས་ཡིན་ལ། རི་འདབས་ཀྱི་སྔོ་ལྗང་ཁུལ་ནི་ཞིང་ལས་ཐོན་སྐྱེད་ཀྱི་གཙོ་གནད་ས་ཁོངས་ཡིན་ཞིང་། སྔོ་ཁེབས་སླར་གསོ་བྱེད་པར“རྩྭ་དང་། ཆུ་འདྲེན། ཆའོ”བཅས་ཟུང་འབྲེལ་བྱས་ནས་ཆར་ཆུ་གཅིག་སྡུད་ཀྱི་ཆུ་གྲོན་ཆུང་གི་ལས་གྲྭ་ནི་ས་ཁོངས་དེ་གའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

(7)མཚོ་བོད་མཐོ་སྒང་ནི་ཐུན་མོང་མ་ཡིན་པའི་མཐོ་གྲང་གི་མཛེས་ལྗོངས་ཀྱི་ཐོག་ནས་རང་རྒྱལ་གྱི་ལྷོ་ནུབ་རྒྱུད་དུ་བྱུང་བ་དང་། མཚོ་བོད་མཐོ་སྒང་གི་རང་བྱུང་ཆ་རྐྱེན་དང་། རང་བྱུང་ཐོན་ཁུངས་ཀྱི་ཆ་རྐྱེན།རང་བྱུང་ཐོན་ཁུངས་ཀྱི་མི་མངོན་པའི་ནུས་ཤུགས་བཅས་གསལ་སྟོན་གཏིང་ཟབ་བྱས་ཏེ། ཞིང་ལས་ཐོན་རྫས་དང་ཕྱུགས་ལས་ཐོན་རྫས་ཀྱི་གྲངས་འབོར་དང་སྤུས་ཚད་ལ་གདེང་འཇོག་བྱས་ཏེ། ལུགས་མཐུན་གྱིས་བེད་སྤྱོད་དང་གསར་སྤེལ་བྱེད་པའི་ཐབས་ལམ་འདོན་དགོས་ལ། ད་དུང་དུས་ཡུན་རིང་པོར་རྨང་གཞིའི་ལས་ཀ་བསྒྲུབ་དགོས། དེང་སྐབས་ས་གཤིས་རིག་པ་བ་རྣམས་ཀྱིས་མཚོ་བོད་ས་མཐོའི་ས་མཚམས་དབྱེ་འབྱེད་ལ་ལྟ་སྟངས་མི་འདྲ་བ་ཡོད། དེར་བརྟེན་ལྗང་མདོག་ཞིང་ལས་དཔེ་སྟོན་ཁུལ་དེ་ཟི་ལིང་ཉེ་འཁོར་གྱི་གཙང་པོའི་རོང་ས་ཁོ་ནར་བཀོད་སྒྲིག་བྱས་ཡོད་པ་དང་། མཚོ་བོད་ས་མཐོའི་གཙང་གསུམ་ཆུ་འགོའི་དམིགས་བསལ་ས་ཁོངས་སུ་ཞིང་ལས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱ་རྒྱུར་གལ་འགངས་ཆེན་པོ་ཡོད།

5 ​གྲོས་འཆར།

ཀྲུང་གོའི་ལྗང་མདོག་ཞིང་ལས་འཕེལ་རྒྱས་ཀྱི་གྲོས་འགོ་འགའ་སྟེ། གཅིག་ནི་དཔེ་དབྱིབས་གཅིག་གི་ཁྲོད་དུ་སྐྱེ་དངོས་རིགས་མང་པོ་དང་སྐྱེ་དངོས་རིགས་གཙོ་བོ་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་སྐྱེ་དངོས་རིགས་ཀྱི་ལུགས་མཐུན་འགྲན་རྩོད་ཆགས་པ་བྱས་ཏེ་ཚན་པའི་བར་སྟོང་གི་ནུས་ཁུངས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱེད་པ་དང་། གཉིས་ནི་བར་སྟོང་བགོ་བཤའ་རྒྱག་པའི་ཐད་སྐྱེ་དངོས་རིགས་ཀྱི་སྡེབ་སྒྲིག་རྣམ་པ་དང་། སྟུག་ཚད། བར་སྟོང་བཅས་འོས་འཚམ་གྱིས་བཀོལ་སྤྱོད་བྱེད་པ་མ་ཟད། དུས་ཚོད་ཀྱི་བེད་སྤྱོད་དུས་ཡུན་ཇེ་མཐོར་གཏོང་དགོས། གསུམ་ནི་ཐོན་སྐྱེད་ཀྱི་གྲུབ་ཚུལ་ཐད་ནས་ནུས་ཚད་འཕོ་འགྱུར་དང་དངོས་པོའི་འཁོར་རྒྱུག་ཆོས་ཉིད་ལྟར་སྤེལ་དགོས་པ་དང་། ཟས་རིགས་ཀྱི་ཕྲེང་བ་རིང་དུ་གཏོང་བའམ་འཐུས་ཚང་དུ་གཏོང་བ་བརྒྱུད་དེ་འཚོ་བཅུད་ཀྱི་རིམ་པ་འཕར་སྣོན་བྱས་ཏེ། དཔེ་དབྱིབས་ཀྱི་ནུས་ཚད་འཕོ་འགྱུར་དང་དངོས་པོའི་འཁོར་རྒྱུག་གི་ལས་ཆོད་ཇེ་མཐོར་གཏོང་དགོས། གལ་ཏེ་སྨིན་པ་ནས་གཉིས་སྨིན་པར་འགྱུར་ཐུབ་པ་དང་། ཞིང་དལ་ཞིང་ལས་བྲེལ་དུ་འགྱུར་བ། སྒོ་རའི་འདེབས་འཛུགས་དང་། གསོ་ཚགས། ལས་སྣོན་བཅས་གཞི་གཅིག་ཅན་དུ་འགྱུར་ཐུབ་ན། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་གནས་སྤོ་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད། བཞི་ནི་ལག་རྩལ་གྱི་ཕྱོགས་ནས་ལག་རྩལ་དང་བྱེད་ཐབས་སྣ་ཚོགས་ཚན་རིག་དང་མཐུན་པའི་སྡེབ་སྒྲིག་བྱས་ཏེ།འཕྲུལ་ཆས་ལག་རྩལ་དང་ཟས་རིགས་ལག་རྩལ་ཟུང་འབྲེལ་དང་། སྐྱེ་ལྡན་ཞིང་ལས་ལག་རྩལ་དང་སྐྱེ་མེད་ཞིང་ལས་ལག་རྩལ་ཟུང་འབྲེལ་བྱེད་པའི་ཞིང་ལས་མ་ལག་ཆགས་པར་བྱས་ཏེ། ཡུན་རིང་གི་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་དམ་ཚགས་ཡོང་བ་བྱེད་དགོས།


དཔྱད་གཞིའི་ཡིག་ཆ།