ཕེང་སི་ཆིང་།སྔ་མའི་པར་གཞི་དེ སེང་མཚོ།  ནས 2021-11-26 09:03ལ་འགྲུབ།

ཕེང་སི་ཆིང་།

ཕེང་སི་ཆིང་།
ཁོང་ནི་སྤྱི་ལོ1965ལོར་སྐྱེས་ཤིང་། ཧུའུ་ནན་ཞིང་ཆེན་ཡུའེ་དབྱང་གྲོང་ཁྱེར་མི་ལུའོ་ཡི་མི་ཡིན་པ་དང་། ད་ལྟ་པེ་ཅིང་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་ཁྲོམ་རའི་ཚོང་གཉེར་སྡེ་ཁག་གི་དགེ་རྒན་ཆེན་མོ་བ་དང་འབུམ་རམས་པའི་སློབ་དཔོན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
彭泗清
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཞང་ཀང་སློབ་ཆེན།
1 ངོ་སྤྲོད།

ཕེང་སི་ཆིང་ནི་སྤྱི་ལོ1965ལོར་སྐྱེས་ཤིང་། ཧུའུ་ནན་ཞིང་ཆེན་ཡུའེ་དབྱང་གྲོང་ཁྱེར་མི་ལུའོ་ཡི་མི་ཡིན་པ་དང་། ད་ལྟ་པེ་ཅིང་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་ཁྲོམ་རའི་ཚོང་གཉེར་སྡེ་ཁག་གི་དགེ་རྒན་ཆེན་མོ་བ་དང་འབུམ་རམས་པའི་སློབ་དཔོན་ཡིན།

2 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1983ལོར་ཆིང་ཧྭ་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། སྔ་གཞུག་ཏུ་བཟོ་རིག་དང་ཁྲིམས་རིག་གཉིས་ཀྱི་ཤེས་རམས་པ་ཐོབ། ཞིབ་འཇུག་སློབ་མའི་དུས་རིམ་དུ་སྤྱི་ཚོགས་རིག་པ་དང་སྤྱི་ཚོགས་སེམས་ཁམས་རིག་པ་སློབ་སྦྱོང་བྱས་ཏེ་སྔ་གཞུག་ཏུ་ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཁྲིམས་རིག་པའི་རབ་འབྱམས་པ(ཉེར་སྤྱོད་སྤྱི་ཚོགས་རིག་པ)དང་ཞང་ཀང་སློབ་ཆེན་གྱི་མཚན་ཉིད་རིག་པའི་འབུམ་རམས་པའི(སྤྱི་ཚོགས་སེམས་ཁམས་རིག་པ)བསླབ་གནས་ཐོབ།

སྤྱི་ལོ1998ལོར་པེ་ཅིང་སློབ་ཆེན་གྱི་སེམས་ཁམས་རིག་པའི་སྡེ་ཁག་ཏུ་འབུམ་རམས་ཕྱི་ཚར་གྱི་ཞིབ་འཇུག(ཉེར་སྤྱོད་སེམས་ཁམས་རིག་པ)གནང་།

སྤྱི་ལོ2000ལོར་ཀོང་ཧྭ་དོ་དམ་སློབ་གླིང་དུ་ཞུགས། དེ་སྔོན་ཨ་རིའི་ནུབ་བྱང་སློབ་ཆེན་གྱི་ཁའེ་ལུའོ་ཀེKelloggཚོང་ལས་སློབ་གླིང་དུ་འཚམས་འདྲི་མཁས་དབང་བྱེད་མྱོང་བ་དང་། ཧ་ཧྥུའུ་ཚོང་ལས་སློབ་གླིང་གི་དཔེ་མཚོན་སློབ་ཁྲིད་དང་རྩོམ་འབྲིའི་གསོ་སྦྱོང་ནང་ཞུགས་ནས་གསོ་སྦྱོང་དཔང་ཡིགPCMPCLཐོབ་ཡོད།          

3 སློབ་ཁྲིད་གྲུབ་འབྲས།

སློབ་ཁྲིད་ཐད་དངོས་གཞིའི་ཚན་ཁག་གི་སློབ་མ་དང་། ཞིབ་འཇུག་སློབ་མ། MBAབཅས་ལ་འཛད་སྤྱོད་པའི་བྱ་སྤྱོད་དང་། ཁྲོམ་རའི་ཚོང་གཉེར། ཞབས་ཞུའི་གཉེར་ཚོང་སོགས་ཀྱི་སློབ་ཚན་ཁྲིད་པ་དང་འབྲེལ་ཀོང་ཧྭ་མཐོ་རིམ་དོ་དམ་པའི་གསོ་སྦྱོང་རྣམ་གྲངས(EDP)“ཀྲུང་གོའི་འཛད་སྤྱོད་པའི་ཁྱད་ཆོས”དང་། “འཛད་སྤྱོད་རིམ་སྤོར་དུས་རབས་ཀྱི་ཚོང་གཉེར་ཐབས་ཇུས” “འཛད་སྤྱོད་པའི་ཞབས་ཞུ་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ” “རྩེར་སོན་ཞབས་ཞུའི་གཉེར་ཚོང་དང་དོ་དམ”སོགས་ཆེད་དོན་སློབ་ཚན་བཀོད་སྒྲིག་བྱས་ཡོད། པེ་ཅིང་སློབ་ཆེན་གྱི་སློབ་ཁྲིད་ཕུལ་བྱུང་བྱ་དགའ་དང་། སློབ་གསོ་སློབ་ཁྲིད་གྲུབ་འབྲས་བྱ་དགའ། ཀུན་སྤྱོད་གློག་ཤུགས་བྱ་དགའི་སློབ་གསོའི་དངུལ་སོགས་ཀྱི་བྱ་དགའ་ཐོབ།

4 ​སྤྱི་ཚོགས་གོ་གནས།

སྤྱི་ཚོགས་ཞབས་ཞུའི་ཐད་པེ་ཅིང་སློབ་ཆེན་གྱི་དོ་དམ་དཔེ་མཚོན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་། 《ཚོང་གཉེར་ཚན་རིག་རིག་པའི་ཚགས་པར》ཆེད་ལས་ཀྱི་གཙོ་སྒྲིག་པ། (འཛད་སྤྱོད་པའི་བྱ་སྤྱོད་ཁྱབ་ཁོངས)《ས་གནས་དེ་གའི་སེམས་ཁམས་རིག་པའི་ཞིབ་འཇུག》གི་རྩོམ་སྒྲིག་བློ་འདྲི། ཀྲུང་གོ་སྤྱི་ཚོགས་སེམས་ཁམས་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན། པེ་ཅིང་སྤྱི་ཚོགས་སེམས་ཁམས་སློབ་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ།  ཀྲུང་གོ་དོ་དམ་ཞིབ་འཇུག་རྒྱལ་སྤྱིའི་མཐུན་ཚོགས(IACMR)གཏོད་འཛུགས་ཚོགས་པའི་ཁོངས་མི། ཀྲུང་གོའི་སེམས་ཁམས་སློབ་ཚོགས་ཀྱི་ཚོགས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྲུང་གོའི་ཁེ་ལས་མཁས་ཅན་བརྟག་དཔྱད་མ་ལག་གི་ཞིབ་འཇུག་ཚོགས་ཆུང་གི་ཁོངས་མི་གཙོ་བོ། ཀྲུང་གོའི་སན་ཞིན(SAMSUNG)སྤུས་རྟགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཡིན།


དཔྱད་གཞིའི་ཡིག་ཆ།