ལུའུ་ཀྲེང་ཧྥེ་ནི་ཁེ་ལས་དོ་དམ་རིག་པའི་འབུམ་རམས་པ་དང་དཔལ་འབྱོར་རིག་པའི་འབུམ་རམས་པ་ཡིན། ད་ལྟ་ཀྲུང་གོའི་ཞིན་ཏ་རྒྱུ་ནོར་དོ་དམ་མ་རྐང་ཚད་ཡོད་ཀུང་སིའི་སྒེར་ཚུགས་ལག་བསྟར་མིན་པའི་ལས་འཛིན་པ་དང་། པེ་ཅིང་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་རྩིས་གཉེར་སྡེ་ཁག་གི་དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་བཅས་ཀྱི་འགན་བཞེས་བཞིན་ཡོད།
སྤྱི་ལོ1981ལོ་ནས་སྤྱི་ལོ1985ལོའི་བར་ཧང་ཀྲོའུ་ཚོང་ལས་སློབ་གླིང་གི(ད་ལྟའི་ཀྲེ་ཅང་བཟོ་ཚོང་སློབ་ཆེན)རྩིས་གཉེར་སྡེ་ཁག་གི་ནོར་དོན་དང་རྩིས་པའི་ཆེད་ལས་དཔལ་འབྱོར་རིག་པའི་ཤེས་རམས་པ་ཡིན།
སྤྱི་ལོ1985ལོ་ནས་སྤྱི་ལོ1988ལོའི་བར་ཀྲུང་གོ་མི་དམངས་སློབ་ཆེན་གྱི་རྩིས་གཉེར་སྡེ་ཁག་གི་རྩིས་གཉེར་རིག་པའི་ཆེད་ལས་ཀྱི་དཔལ་འབྱོར་རིག་པའི་རབ་འབྱམས་པ་ཡིན།
སྤྱི་ལོ1994ལོ་ནས་སྤྱི་ལོ1996ལོའི་བར་ནན་ཅིང་སློབ་ཆེན་གྱི་ཚོང་ལས་སློབ་གླིང་གི་ཁེ་ལས་དོ་དམ་ཆེད་ལས(ནོར་དོན་དོ་དམ་ཁ་ཕྱོགས)ཀྱི་དཔལ་འབྱོར་རིག་པའི་འབུམ་རམས་པ་ཡིན།
སྤྱི་ལོ1997ལོ་ནས་སྤྱི་ལོ1999ལོའི་བར་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དཔལ་འབྱོར(རྩིས་གཉེར་རིག་པ)རིག་པའི་འབུམ་རམས་ཕྱི་ཚར་སྐོར་སྐྱོད་ས་ཚིགས་ཀྱི་འབུམ་རམས་པའི་ཞིབ་འཇུག་པ་ཡིན།
སྤྱི་ལོ2011ལོ་ནས་སྤྱི་ལོ2015ལོའི་བར་པེ་ཅིང་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་། MPAccལྟེ་བའི་ཀྲུའུ་རེན། དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་བཅས་ཀྱི་འགན་བཞེས།
སྤྱི་ལོ2007ལོ་ནས་སྤྱི་ལོ2011ལོའི་བར་པེ་ཅིང་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དང་། ཡོན་ཀྲང་གཞོན་པ། རྩིས་གཉེར་སྡེ་ཁག་གི་ཀྲུའུ་རེན། དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་བཅས་ཀྱི་འགན་བཞེས།
སྤྱི་ལོ2007ལོ་ནས་སྤྱི་ལོ2007ལོའི་བར་པེ་ཅིང་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་མགོ་འཛིན་གཞོན་པ་དང་། རྩིས་གཉེར་སྡེ་ཁག་གི་ཀྲུའུ་རེན། དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་ཀྱི་འགན་བཞེས།
སྤྱི་ལོ2001ལོ་ནས་སྤྱི་ལོ2006ལོའི་བར་པེ་ཅིང་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་རྩིས་གཉེར་སྡེ་ཁག་གི་ཀྲུའུ་རེན་དང་། དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་བཅས་ཀྱི་འགན་བཞེས།
སྤྱི་ལོ1999ལོ་ནས་སྤྱི་ལོ2001ལོའི་བར་པེ་ཅིང་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་རྩིས་གཉེར་སྡེ་ཁག་གི་ཀྲུའུ་རེན་གཞོན་པ། དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་བཅས་ཀྱི་འགན་བཞེས།
སྤྱི་ལོ1997ལོ་ནས་སྤྱི་ལོ1999ལོའི་བར་ནན་ཅིན་སློབ་ཆེན་གྱི་ཚོང་ལས་སློབ་གླིང་གི་རྩིས་གཉེར་སྡེ་ཁག་གི་ཀྲུའུ་རེན་དང་དགེ་རྒན་ཆེན་མོའི་འགན་བཞེས།
སྤྱི་ལོ1994ལོ་ནས་སྤྱི་ལོ1997ལོའི་བར་ནན་ཅིན་སློབ་ཆེན་གྱི་ཚོང་ལས་སློབ་གླིང་གི་རྩིས་གཉེར་སྡེ་ཁག་གི་ཀྲུའུ་རེན་དང་དགེ་རྒན་ཆེན་མོ་གཞོན་པའི་འགན་བཞེས།
སྤྱི་ལོ1993ལོ་ནས་སྤྱི་ལོ1994ལོའི་བར་ནན་ཅིན་སློབ་ཆེན་གྱི་ཚོང་ལས་སློབ་གླིང་གི་རྩིས་གཉེར་སྡེ་ཁག་གི་ཀྲུའུ་རེན་གཞོན་པ་དང་དགེ་རྒན་ཆེན་མོ་གཞོན་པའི་འགན་བཞེས།
སྤྱི་ལོ1992ལོ་ནས་སྤྱི་ལོ1993ལོའི་བར་ནན་ཅིན་སློབ་ཆེན་གྱི་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པའི་འགན་བཞེས།
སྤྱི་ལོ1990ལོ་ནས་སྤྱི་ལོ1992ལོའི་བར་ནན་ཅིན་སློབ་ཆེན་གྱི་ཚོང་ལས་སློབ་གླིང་གི་འཆད་ཁྲིད་དགེ་རྒན་གྱི་འགན་བཞེས།
སྤྱི་ལོ1988ལོ་ནས་སྤྱི་ལོ1990ལོའི་བར་ནན་ཅིན་སློབ་ཆེན་གྱི་ཚོང་ལས་སློབ་གླིང་གི་དགེ་རྒན་ལས་རོགས་པའི་འགན་བཞེས།