ལིའུ་ལི།སྔ་མའི་པར་གཞི་དེ སེང་མཚོ།  ནས 2021-11-26 09:02ལ་འགྲུབ།

ལིའུ་ལི།

ལིའུ་ལི།
ལིའུ་ལི་ནི་པེ་ཅིང་སློབ་ཆེན་གྱི་སྐབས་དྲུག་པའི་སློབ་ཁྲིད་འཐུས་མི་ཚོགས་ཆེན་གྱི་ལག་བསྟར་ཨུ་ཡོན་ལྷན་ཁང་། པེ་ཅིན་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ། ཀོང་ཧྭ་དོ་དམ་སློབ་གླིང་གི་དེ་སྔའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘力
རྒྱལ་ཁབ།
ཀྲུང་གོ།
ལས་ཐོབ།
དགེ་རྒན་ཆེན་མོ།
བསླབ་གནས།
རབ་འབྱམས་པ།
མཐར་ཕྱིན་སློབ་གྲྭ།
པེ་ཅིང་སློབ་ཆེན།
1 ངོ་སྤྲོད།

ལིའུ་ལི་ནི་པེ་ཅིང་སློབ་ཆེན་གྱི་སྐབས་དྲུག་པའི་སློབ་ཁྲིད་འཐུས་མི་ཚོགས་ཆེན་གྱི་ལག་བསྟར་ཨུ་ཡོན་ལྷན་ཁང་། པེ་ཅིན་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ། ཀོང་ཧྭ་དོ་དམ་སློབ་གླིང་གི་དེ་སྔའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན།

2 མི་སྣའི་ལོ་རྒྱུས།
2_1 སློབ་སྦྱོང་བརྒྱུད་རིམ།

སྤྱི་ལོ1978ལོའི་ཟླ3པ་ནས་སྤྱི་ལོ1982ལོའི་ཟླ1པོའི་བར་པེ་ཅིང་སློབ་ཆེན་གྱི་དངོས་ཁམས་སྡེ་ཁག་གི་དངོས་གཞིའི་ཚན་ཁག་ཏུ་སློབ་སྦྱོང་བྱས་ནས་གནས་ལུགས་རིག་པའི་ཤེས་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ1982ལོའི་ཟླ2པ་ནས་སྤྱི་ལོ1984ལོའི་ཟླ6པའི་བར་པེ་ཅིང་སློབ་ཆེན་གྱི་དངོས་ལུགས་སྡེ་ཁག་གི་ཞིབ་འཇུག་སློབ་མའི་ནང་གནས་ལུགས་རིག་པའི་རབ་འབྱམས་པའི་བསླབ་གནས་ཐོབ།

སྤྱི་ལོ1987ལོའི་ཟླ9བ་ནས་སྤྱི་ལོ1989ལོའི་ཟླ6པའི་བར་པི་ལི་ཧྲིའི་གནམ་བདག་ཆོས་ལུགས་ཀྱི་ལུའུ་ཝུན་སློབ་ཆེན་གྱིKU LEUVENཉེར་སྤྱོད་དཔལ་འབྱོར་ཚན་ཁག་ཏུ་སློབ་སྦྱོང་བྱས།

སྤྱི་ལོ1989ལོའི་ཟླ6པར་སློབ་ཆེན་དེའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་བསླབ་གནས་(MBA)ཐོབ།   

སྤྱི་ལོ1997ལོའི་ཟླ9བ་ནས་སྤྱི་ལོ1997ལོའི་ཟླ12པའི་བར་ཨ་རིའི་ནུབ་བྱང་སློབ་ཆེན་གྱིKelloggཚོང་ལས་སློབ་གླིང་གི་འཚམས་འདྲི་མཁས་དབང་ཡིན། 

སྤྱི་ལོ2000ལོའི་ཟླ3པར་ཞང་ཀང་རྒྱ་ཡིག་སློབ་ཆེན་གྱི་ཚོང་ལས་སློབ་གླིང་གི་རིག་གཞུང་འཚམས་འདྲི་མཁས་དབང་ཡིན།

སྤྱི་ལོ2003ལོའི་ཟླ11པ་ནས་སྤྱི་ལོ2004ལོའི་ཟླ1པོའི་བར་ཨ་རིའི་ཏུའུ་ཁེ་སློབ་ཆེན་གྱིFuquaཚོང་ལས་སློབ་གླིང་དང་ཨ་རིའི་ལོ་ཧྲན་ཅི་སློབ་ཆེན་གྱི་ཅ་ཀྲོའུ་ཡན་ལག་སློབ་གྲྭའིAndersonཚོང་ལས་སློབ་གླིང་གི་འཚམས་འདྲིའི་མཁས་དབང་ཡིན། 

2_2 བྱ་བའི་བརྒྱུད་རིམ།

པེ་ཅིང་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་དངུལ་རྩའི་སྡེ་ཁག་གི་ཀྲུའུ་རེན་དང་། MBAརྣམ་གྲངས་ཀྱི་ཀྲུའུ་རེན་གྱི་འགན་བཞེས་མྱོང་།

ད་ལྟ་པེ་ཅིང་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་དངུལ་རྩའི་སྡེ་ཁག་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན་དང་། ཞོར་དུ་པེ་ཅིང་སློབ་ཆེན་གྱི་དངུལ་རྩ་དང་དངུལ་འཛིན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་དངུལ་རྩ་སློབ་ཚོགས་དངུལ་རྩའི་བཟོ་སྐྲུན་ཆེད་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། པེ་ཅིང་དངུལ་རྩ་སློབ་ཚོགས་ཀྱི་ལས་འཛིན་པ། དམངས་གཙོའི་མནའ་མཐུན་ཚོགས་པའི་ཀྲུང་དབྱང་དཔལ་འབྱོར་དང་ས་ཁོངས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། 《དཔལ་འབྱོར་ཚན་རིག》དུས་དེབ་ཨུ་ཡོན་ལྷན་ཁང་གི་རྩོམ་སྒྲིག་བཅས་ཀྱི་འགན་བཞེས་ཡོད། སྤྱི་ལོ1986ལོ་ནས་བཟུང་པེ་ཅིང་སློབ་ཆེན་གྱི་དཔལ་འབྱོར་སློབ་གླིང་གི་དཔལ་འབྱོར་དོ་དམ་སྡེ་ཁག(ཀོང་ཧྭ་དོ་དམ་སློབ་གླིང་གི་སྔ་མིང)དང་དེའི་རྗེས་ཀྱི་པེ་ཅིང་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་དུ་དགེ་རྒན་བྱས། ད་ལྟ་པེ་ཅིང་སློབ་ཆེན་གྱི་ཀོང་ཧྭ་དོ་དམ་སློབ་གླིང་གི་དངུལ་རྩའི་རིག་པའི་དགེ་རྒན་ཆེན་མོ་དང་། འབུམ་རམས་པའི་སློབ་དཔོན། པེ་ཅིང་སློབ་ཆེན་གྱི་དངུལ་རྩ་དང་དངུལ་འཛིན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས་ཡོད།  

3 སྤྱི་ཚོགས་གོ་མིང་།

ཀྲུང་གོའི་དངུལ་རྩ་ཚོགས་པའི་དངུལ་རྩའི་བཟོ་སྐྲུན་ཆེད་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན།

《དཔལ་འབྱོར་ཚན་རིག》དུས་དེབ་རྩོམ་སྒྲིག་ཨུ་ཡོན།

པེ་ཅིང་དངུལ་རྩ་ཚོགས་པའི་ལས་འཛིན།

4 ​ཆེད་རྩོམ།

《དངུལ་འཛིན་མ་འཇོག་རིག་པ》པེ་ཅིང་སློབ་ཆེན་གྱི་དཔེ་སྐྲུན་ཁང་། སྤྱི་ལོ2000ལོའི་ཟླ7པར་ཚའོ་ཧྥེང་ཆི་དང་ཡའོ་ཁྲང་ཧུའེ་གཉིས་དང་མཉམ་དུ་བརྩམས། 

《ནོར་དོན་དོ་དམ་རིག་པ》ཁེ་ལས་དོ་དམ་དཔེ་སྐྲུན་ཁང་། སྤྱི་ལོ2000ལོའི་ཟླ8པ། 

《ནོར་དོན་སྙན་ཞུའི་རེའུ་མིག་དབྱེ་ཞིབ་དང་དངུལ་འཛིན་གྱི་རིན་གོང་གཏན་འཁེལ》ཞེས་པའི་པར་གཞི2པ་དེ་གཙོ་བསྒྱུར་བ། ཀྲུང་གོའི་ནོར་སྲིད་དཔལ་འབྱོར་དཔེ་སྐྲུན་ཁང་། སྤྱི་ལོ2005ལོའི་ཟླ8པ།  

《ཀུང་སིའི་ནོར་དོན་དོ་དམ།གཞུང་ལུགས་དང་ལག་ལེན》གྱི་གཙོ་བསྒྱུར་བ། མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་། སྤྱི་ལོ2000ལོའི་ཟླ3པ།

《མ་གནས་ཞིབ་རྩིས་དང་དོ་དམ་དངོས་སྤྱོད་ལག་དེབ》ཀྱི་གཙོ་སྒྲིག་པ། ཀྲུང་གོའི་ཚོང་ལས་དཔེ་སྐྲུན་ཁང་། སྤྱི་ལོ1996ལོའི་ཟླ5བ།

《དངུལ་འཛིན་མ་འཇོག་རིག་པ》ཡི་རྩོམ་སྒྲིག་པ་གཙོ་བོ་གཞོན་པ། པེ་ཅིང་སློབ་ཆེན་དཔེ་སྐྲུན་ཁང་། སྤྱི་ལོ1995ལོའི་ཟླ9བ།

《མ་རྐང་ཀུང་སིས་སྒྲིག་འཛུགས་བྱས་པའི་བཀོལ་སྤྱོད་དངོས་དོན》གྱི་གཙོ་སྒྲིག་པ། ཁེ་ལས་དོ་དམ་དཔེ་སྐྲུན་ཁང་། སྤྱི་ལོ1994ལོའི་ཟླ5བ། 

《མ་རྐང་ཀུང་སིའི་རྩིས་གཉེར། ནོར་དོན། རྒྱལ་སྤྱི་ཅན》ཞེས་པ་རྩོམ་སྒྲིག་པ། ཁེ་ལས་དོ་དམ་དཔེ་སྐྲུན་ཁང་། སྤྱི་ལོ1993ལོའི་ཟླ12པར་ཝང་ལི་ཡན་དང་མཉམ་དུ་བརྩམས། 

《མ་འཇོག་རིག་པ》ཞེས་པ་རྩོམ་སྒྲིག་པ། ཁེ་ལས་དོ་དམ་དཔེ་སྐྲུན་ཁང་། སྤྱི་ལོ1993ལོའི་ཟླ8པ།

《ཀྲུང་གོའི་ཁེ་ལས་རྒྱལ་སྤྱི་ཅན་གྱི་གཉེར་སྐྱོང》ཞེས་པ་རྩོམ་སྒྲིག་པ། ཁེ་ལས་དོ་དམ་དཔེ་སྐྲུན་ཁང་། སྤྱི་ལོ1993ལོའི་ཟླ3པ།

《དེང་རབས་ཚོང་རའི་དཔལ་འབྱོར་གྱི་སྣེ་ཁྲིད་སྨྲ་བ》ཞེས་པའི་གཙོ་སྒྲིག་པ། ཀྲུང་གོའི་དངུལ་རྩ་དཔེ་སྐྲུན་ཁང་། སྤྱི་ལོ1993ལོའི་ཟླ4བ།

《མ་རྐང་ཀུང་སིའི་ནོར་དོན་དོ་དམ》ཞེས་པ་རྩོམ་སྒྲིག་པ། ཀྲུང་གོའི་དཔལ་འབྱོར་དཔེ་སྐྲུན་ཁང་། སྤྱི་ལོ1993ལོའི་ཟླ3པར་བརྩམས། 


དཔྱད་གཞིའི་ཡིག་ཆ།