ལས་རིགས་གཅིག་པའི་རིན་གོང་བསྡུར་བ།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2021-10-15 09:26ལ་འགྲུབ།

ལས་རིགས་གཅིག་པའི་རིན་གོང་བསྡུར་བ།

ལས་རིགས་གཅིག་པའི་རིན་གོང་བསྡུར་བ།
ལས་རིགས་གཅིག་པའི་རིན་གོང་བསྡུར་བ་ཞེས་པ་ནི་སིལ་ཚོང་ཁང་གིས་གོང་ཁེ་བའི་བརྡ་ཁྱབ་བརྒྱུད་རང་ཉིད་ཀྱི་ཚོང་ཟོག་རིན་གོང་དང་འགྲན་ཟླའི་ཚོང་ཟོག་གི་རིན་གོང་བསྡུར་བ་བྱེད་པར་ཟེར། ལས་རིགས་གཅིག་པའི་རིན་གོང་བསྡུར་བ་བརྒྱུད་འཛད་སྤྱོད་པར་ཚོང་ཁང་དེ་དང་འགྲན་རྩོད་ཚོང་ཁང་གཉིས་ཀྱི་ཚོང་ཟོག་གི་སྤུས་ཚད་དང་ཚོང་ཟོག་གི་རིན་གོང་ཐད་སུ་ལེགས་པ་དང་སུ་ཞན་པའི་ངོས་འཛིན་ཐུབ་པ་བྱས་ནས་ཚོང་ཁང་དེའི་ཕྱིར་འཚོང་གི་ཕན་འབྲས་ཆེ་རུ་གཏོང་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
同行价格比较
རྣམ་པ།
སིལ་ཚོང་ཁང་གིས་གོང་ཁེའི་བརྡ་ཁྱབ་ལ་བརྟེན་པ།
དོན་སྙིང་།
ཚོང་ཁང་འདིའི་ཕྱིར་འཚོང་གི་ཕན་འབྲས་ཇེ་མཐོར་གཏོང་བ།
རིགས་དབྱེ།
རིན་གོང་བསྡུར་བ།
1 ནང་དོན་ངོ་སྤྲོད།

རིན་གོང་གཏན་འཁེལ་བྱེད་པའི་ཐབས་ཇུས་འདི་ལག་བསྟར་བྱེད་པར་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་ཚོང་ཁང་དེ་གའི་ཚོང་ཟོག་གི་རིན་གོང་དེ་འགྲན་རྩོད་བྱེད་མཁན་གྱི་རིགས་གཅིག་པའི་ཚོང་ཟོག་གི་རིན་གོང་ལས་མངོན་གསལ་གྱིས་དམའ་བར་ཁག་ཐེག་བྱ་དགོས།ལས་རིགས་གཅིག་པའི་རིན་གོང་བསྡུར་བའི་རིན་གོང་གཏན་འབེབས་ཐབས་ཇུས་བཀོལ་སྤྱོད་ཅུང་རྒྱ་ཆེ་བ་དང་། གཞི་རྩའི་ཆ་ནས་ཚོང་ཟོག་གི་རིམ་པ་དང་འཛད་སྤྱོད་པའི་རིམ་པའི་ཚོད་འཛིན་མི་ཐེབས་པ་རེད། འོན་ཀྱང་ལས་རིགས་གཅིག་པའི་རིན་གོང་བསྡུར་བའི་རིན་གོང་གཏན་འབེབས་ཀྱི་ཐབས་ཇུས་ནི་རང་ཕན་གཞན་གནོད་ཀྱི་རིན་གོང་གཏན་འཁེལ་གྱི་ཐབས་ཇུས་ཤིག་ཡིན་པས།ལས་རིགས་གཅིག་པའི་བར་རྩོད་གཞི་དང་རིན་གོང་གི་དམག་འཁྲུག་སློང་སླ་བས། སིལ་ཚོང་ཁང་གིས་རིན་གོང་གཏན་འཁེལ་གྱི་ཐབས་ཇུས་འདི་སྤྱོད་སྐབས་དངོས་གཞི་མིན་པའི་ཕྱི་ཕྱོགས་དྲིལ་བསྒྲགས་བྱེད་ཐབས་སྤྱོད་པའམ་ཡང་ན་མིང་གྲགས་རང་བཞིན་མེད་པར་སིལ་ཚོང་ཁང་གཞན་དང་བསྡུར་ན་འགྲིག དེ་དང་ཆབས་ཅིག་སིལ་ཚོང་ཁང་གི་གཉེར་སྐྱོང་པས་ད་དུང་མཐའ་འཁོར་གྱི་སིལ་ཚོང་ཁང་གི་རིགས་གཅིག་པའི་ཚོང་ཟོག་ལ་རིན་གོང་བརྟག་དཔྱད་བྱས་ནས་ཚོང་ཁང་དེའི་ཚོང་ཟོག་གི“གོང་ཚད་དམའ་བའི”འགན་ལེན་བྱེད་དགོས་ཀྱིན་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།