ཚོང་ལས་དཔལ་འབྱོར་རིག་པ།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2021-10-15 09:34ལ་འགྲུབ།

ཚོང་ལས་དཔལ་འབྱོར་རིག་པ།

ཚོང་ལས་དཔལ་འབྱོར་རིག་པ་ནི་ཆེད་དུ་ཚོང་ལས་ལས་རིགས་ཀྱི་དཔལ་འབྱོར་འབྲེལ་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་པ་དང་། ཚན་ཁག་དཔལ་འབྱོར་རིག་པའི་ཚོང་ལས་དཔལ་འབྱོར་རིག་པ་ནི། དུས་རབས་ཉི་ཤུ་བའི་ཨུ་རུ་སུའི་ཟླ་བཅུ་བའི་གསར་བརྗེའི་རྗེས་སུ་སུའུ་ལེན་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་དུ་གསར་འཛུགས་བྱས་པ་ཞིག་ཡིན། སྐབས་དེའི་ཞིབ་འཇུག་གི་ཁྱབ་ཁོངས་ནི་སུའུ་ལེན་ཙམ་ལས་བརྒལ་མེད་ཅིང་། དེ་ལ “སུའུ་ཝེ་ཨེད་ཉོ་ཚོང་དཔལ་འབྱོར” ཞེས་འབོད་ཀྱི་ཡོད། དེའི་རྗེས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ཡུན་རིང་མ་དགོར་བར། ཀྲུང་གོའི་ཚོང་ལས་ཁྱབ་ཁོངས་ལ་ཞིབ་འཇུག་བྱས་ཏེ་ཚོང་ལས་དཔལ་འབྱོར་རིག་པ་གསར་དུ་འཛུག་པའི་མགོ་བརྩམས་པ་དང་། དེ་ལ “ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཚོང་ལས་དཔལ་འབྱོར་རིག་པ” ཞེས་བརྗོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商业经济学
ཕྱི་ཡིག་གི་མིང་།
Business economics
ཁྱད་ཆོས།
དེང་རབས་ཁྲོམ་རའི་དཔལ་འབྱོར།
དངོས་ཚུལ།
རྒྱུན་རིང་གི་ལོ་རྒྱུས།
1 མཚམས་སྦྱོར།

ཚོང་ལས་ནི་ཚོང་ཟོང་བརྗེ་རེས་འཕེལ་རྒྱས་བྱུང་བའི་རྣམ་པ་ཞིག་ཡིན་ཞིང་། དེའི་ལོ་རྒྱུས་ཀྱི་བཤུད་ལམ་ནི་རྒྱུན་རིང་བ་ཞིག་ཡིན། དེང་རབས་ཁྲོམ་རའི་དཔལ་འབྱོར་དུ་ཚོང་ལས་ཀྱིས་གལ་ཆེ་བའི་གནད་འགག་གི་ནུས་པ་འདོན་གྱི་ཡོད། འཛམ་གླིང་ཁྱབ་ཁོངས་ལ་བལྟས་ན། དེང་རབས་ཀྱི་རྒྱུགས་ཆེ་བའི་ཁྱབ་ཁོངས་དེ་རྒྱལ་ཁབ་སོ་སོའི་འགྲན་རྩོད་གྱི་ལྟེ་བ་རུ་གྱུར་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ན། ཚོང་ལས་དེ་རྒྱལ་དམངས་དཔལ་འབྱོར་གྱི་སྣེ་འདྲེན་ཐོན་ལས་སུ་འགྱུར་བཞིན་པའི་སྒང་ཡིན། འདི་ལྟ་བུའི་གནས་ཚུལ་འོག་ཏུ། དེང་རབས་ཚོང་ལས་གཞུང་ལུགས་ཀྱི་ཞིབ་འཇུག་དང་། དེང་རབས་ཚོང་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་གལ་ཆེ་བའི་གནད་འགག་ཅིག་ཡིན་པ་ཤེས་ཐུབ། «ཚོང་ལས་དཔལ་འབྱོར་རིག་པ» འཁོར་རྒྱུགས་ཆེ་བ་དང་། ཁྲོམ་ར་ཆེ་བ། བརྗེ་རེས་མང་བ་བཅས་ནི་དཔལ་འབྱོར་རིག་ཚན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་བསྟན་ཡོད། «ཚོང་ལས་དཔལ་འབྱོར་རིག་པ»ས་མར་ཁེ་སི་རིང་ལུགས་མཛུབ་སྟོན་དུ་བཟུང་ནས། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ཚན་རིག་ཐབས་ལམ་སྤྱད་དེ། ཚོང་ཟོང་འཁོར་རྒྱུག་གི་ཁྱད་ཆོས་དང་ཆོས་ཉིད། དེང་རབས་དཔལ་འབྱོར་གྱི་སྤྱོད་སྒོ། ད་དུང་འཕེལ་རྒྱས་ཀྱི་ཁ་ཕྱོགས་སོགས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། དེའི་ཡོངས་ཁྱབ་རང་བཞིན་དང་ངོ་བོའི་རང་བཞིན་གྱི་གནད་དོན་ལ་དབྱེ་ཞིབ་བྱེད་པར་མཐོང་ཆེན་བྱེད་ཀྱི་ཡོད།

2 ཞིབ་ཕྲའི་ནང་དོན།

ཚོང་ལས་དཔལ་འབྱོར་རིག་པ་དང་ཚོང་ཟོག་འགྲོ་རྒྱུག་ཁྱབ་ཁོངས་ཀྱི་དཔལ་འབྱོར་རིག་པ་གཞན་དག་དཔེར་ན། ཚོང་ར་དང་ཚོང་ཟོག་འགྲོ་རྒྱུག་དང་དངུལ་ལོར་འགྲོ་རྒྱུག་དང་རིན་གོང་སོགས་ཁྱབ་ཁོངས་ཀྱི་དཔལ་འབྱོར་རིག་པར་འབྲེལ་བ་དམ་པོ་ཡོད། དཔེར་ན་ཚོང་ལས་དཔལ་འབྱོར་ལ་ཞིབ་འཇུག་བྱེད་སྐབས་ཚོང་རའི་མཁོ་སྤྲོད་ཀྱི་ཆོས་ཉིད་གཞིར་འཛིན་མི་དགོས་པ་དང་། དངུལ་ལོར་འགྲོ་རྒྱུག་གི་ཆོས་ཉིད་དང་ཤོག་སྒོར་འགྲོ་རྒྱུག་གི་ཆོས་ཉིད་དང་དེ་བཞིན་རིན་གོང་མ་ལག་ལ་དམིགས་བསལ་དུ་ཡོད་པའི་ཆོས་ཉིད་ལ་བསམ་གཞིགས་མི་བྱེད་ཐབས་མེད་རེད།དུས་མཚུངས་སུ་ཚོང་ལས་དཔལ་འབྱོར་རིག་པས་གསལ་སྟོན་བྱས་པའི་ཚོང་ལས་ཀྱི་དམིགས་བསལ་དུ་ཡོད་པའི་དཔལ་འབྱོར་ཆོས་ཉིད་དེ་ལྡོག་ནས་ཚོང་ར་དང་ཚོང་ཟོག་འགྲོ་རྒྱུག་གི་དཔལ་འབྱོར་རིག་པས་གྲུབ་པའི་ཀ་རྟེན་ཆེན་པོ་ཞིག་ཀྱང་ཡིན། ཚོང་ལས་དཔལ་འབྱོར་རིག་པ་ནི་ཚོང་ལས་སྡེ་ཁག་གི་ཕྱོགས་གཞན་དག(དཔེར་ན་ཚོང་ཟོག་གཉེར་སྐྱོང་དང་ཚོང་ལས་དོ་དམ། ཚོང་ལས་ལོ་རྒྱུས་སོགས)རིག་ཚན་གྱི་གཞུང་ལུགས་རྨང་གཞི་ཡིན་པ་དང་། རིག་ཚན་འདི་དག་གི་གྲུབ་འབྲས་ཀྱང་ཚོང་ལས་དཔལ་འབྱོར་རིག་པ་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན།       

དུས་རབས་ཉི་ཤུ་པའི་ལོ་རབས90པ་ནས་བཟུང་། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕོ་འགྱུར་བྱུང་བ་དང་བསྟུན་ནས། རིག་གཞུང་ཁྱབ་ཁོངས་ཀྱི་ཞིབ་འཇུག་ཁ་ཕྱོགས་དང་གཙོ་གནད་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། བསྒྱུར་བཅོས་འདིའི་དུས་སྐབས་སུ་ཚོང་ལས་དཔལ་འབྱོར་རིག་པར་འགྲན་སློང་དྲག་པོ་འཕྲད་ཡོད། མཐོ་རིམ་སློབ་གསོའི་མ་ལག་གིས་རིག་ཚན་གནད་ཆུང་བསྡུས་དང་ཟླ་སྒྲིལ་བྱས་པས་ཚོང་ལས་དཔལ་འབྱོར་རིག་པར་སློབ་ཁྲིད་མ་ལག་ཁྲོད་རང་ཚུགས་ཀྱི་གོ་གནས་མེད་པར་གྱུར།(རྗེས་སུ་སློབ་གྲྭ་ཁག་ཅིག་གི་ཚོང་ལས་དཔལ་འབྱོར་གྱི་རིག་ཚན་སོར་ཉར་གང་ཐུབ་བྱས་ཡོད་མོད། འོན་ཀྱང་ཚོང་ལས་དཔལ་འབྱོར་གྱི་རིག་ཚན་ཉམས་ཞན་དུ་སོང་བའི་དོན་དངོས་སྤྱིའི་ཆ་ནས་འགྱུར་ལྡོག་གཏོང་མི་ཐུབ)ཀྲུང་དབྱང་གི་སྒྲིག་གཞི་ཁུ་བསྡུ་བྱས་པ་དེས་རྒྱལ་ནང་ཉོ་ཚོང་པུའུ་མེད་པར་བཟོས་པ(མཐར་རྒྱལ་ནང་གི་ཉོ་ཚོང་ཅུའུ་མེད་པར་གྱུར)དེས་ཚོང་ལས་དཔལ་འབྱོར་རིག་པའི་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་སྡུག་ཐོག་ཏུ་བརྩེགས་ཡོད། མི་ལ་ལས་དེ་ནི་ཀྲུང་གོའི་དཔལ་འབྱོར་སྒྲིག་སྲོལ་དེ་འཆར་ལྡན་དཔལ་འབྱོར་ནས་ཁྲོམ་རའི་དཔལ་འབྱོར་ལ་བསྒྱུར་བའི་ལྡོག་མེད་ཀྱི་འབྲས་བུ་ཞིག་ཡིན་པ་དང་། ཚོང་ལས་དཔལ་འབྱོར་རིག་པ་ནི་དེ་སྔ་སྡེ་ཚན་གྱི་དོ་དམ་དགོས་མཁོར་དམིགས་ནས་བཙུགས་པའི་རིག་ཚན་ཞིག་ཡིན་པ་དང་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྡེ་ཚན་གྱི་དོ་དམ་སྒྲིག་སྲོལ་ལ་འགྱུར་ལྡོག་བྱུང་བའི་ངོས་འཛིན་བྱེད་ཀྱིན་ཡོད། ཚོང་ལས་དཔལ་འབྱོར་རིག་པའི་གོ་གནས་ལ་འགྱུར་ལྡོག་བྱུང་བ་ནི་ལུགས་དང་མཐུན་པ་ཞིག་རེད། འོན་ཀྱང་དུས་ཡུན་རིང་པོར་ཚོང་ལས་དཔལ་འབྱོར་རིག་པའི་སློབ་ཁྲིད་དང་ཞིབ་འཇུག་བྱེད་མཁན་དགེ་རྒན་ཆེན་མོ་དང་ཆེད་མཁས་པ་ཁག་གཅིག་གིས་དཔལ་འབྱོར་སྒྲིག་སྲོལ་གྱི་འཁོར་ལམ་བསྒྱུར་བ་དེས་ཚོང་ལས་དཔལ་འབྱོར་རིག་པའི་གོ་གནས་ཞན་དུ་གཏོང་མི་རུང་བའི་ངོས་འཛིན་བྱས། དེ་ལས་ལྡོག་སྟེ། ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་ཚོང་ལས་བརྗེ་རེས་དང་ཚོང་ཟོག་འགྲོ་རྒྱུག་བྱེད་སྒོའི་གལ་ཆེའི་རང་བཞིན་སྔར་བས་མངོན་གསལ་དུ་འགྱུར་སྲིད་པ་དང་། ཚོང་ལས་བྱེད་སྒོས་སྤྱི་ཚོགས་ཀྱི་དཔལ་འབྱོར་བྱེད་སྒོ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཚུལ་སྔར་བས་མངོན་གསལ་དུ་འགྱུར་སྲིད་པས་ཚོང་ལས་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས།    

3 ལོ་རྒྱུས་འཕེལ་རིམ།

ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ལོ་རབས50པའི་དུས་འགོ་ནས་ལོ་རབས60པའི་དུས་དཀྱིལ་བར་མཐོ་རིམ་ནོར་དཔལ་སློབ་གླིང་གི་ཚོང་ལས་དཔལ་འབྱོར་རིག་པའི་རྩ་བའི་རིགས་པའི་སློབ་ཚན་སློབ་གསོའི་ཁྲོད་སུའུ་ལེན་གྱི་རྣམ་པའི་རིག་ཚན་མ་ལག་གིས་གཙོ་རྒྱུན་གྱི་གནས་བབ་བཟུང་ཡོད། སྤྱི་ལོ1953ལོར།ཀྲུང་གོའི་མི་དམངས་སློབ་ཆེན་གྱིས་ཀེ·ལེ·ལུའུ་པིན་ཧྲི་ཐན་སོགས་ཀྱིས་བརྩམས་པའི་སུའུ་ལེན་མཐོ་རིམ་དཔལ་འབྱོར་སློབ་གླིང་གི་སློབ་དེབ《སུའུ་ཝེ་ཨེ་ཉོ་ཚོང་དཔལ་འབྱོར》(སྤྱི་ལོ1950ལོའི་མོ་སི་ཁོ་ཡི་པར་གཞི)ལོ་ཙཱ་བྱས་ནས་པར་སྐྲུན་བྱས།  

སྤྱི་ལོ1962ལོར་ཧྲང་ཧའེ་ནོར་སྲིད་དཔལ་འབྱོར་སློབ་གླིང་གི་ཉོ་ཚོང་དཔལ་འབྱོར་ཚན་ཁག་གི་ཚོང་ལས་དཔལ་འབྱོར་སློབ་གསོ་ཞིབ་འཇུག་ཚོ་ཆུང་གིས《ཚོང་ལས་དཔལ་འབྱོར》ཞེས་པའི་དེབ་ཅིག་རྩོམ་སྒྲིག་བྱས་ཡོད། རྣམ་བཤད་མ་ལག་ནས་བལྟས་ན། མི་དམངས་འཐུས་ཚོགས་ཀྱི་ཉོ་ཚོང་དཔལ་འབྱོར་ཚན་ཁག་གི་སྤྱི་ལོ1955ལོའི་སློབ་དེབ་དང་སུའུ་ལེན་གྱི་སློབ་དེབ་བར་གྱི་ཁྱད་པར་གཙོ་བོ་ནི།“ཕྱི་ཕྱོགས་ཉོ་ཚོང”ཞེས་པའི་ལེའུ་གཅིག་མང་དུ་ཕྱིན་པ་དེ་ཡིན་མོད། འོན་ཀྱང“སྤྱི་པའི་བཟའ་བཏུང་ལས་རིགས”ཀྱི་ལེའུ་གཅིག་ཉུང་དུ་སོང་ཡོད། མི་དམངས་འཐུས་ཚོགས་ཀྱི་ཉོ་ཚོང་དཔལ་འབྱོར་ཚན་ཁག་གི་སྤྱི་ལོ1962ལོའི་སློབ་དེབ་ནང“སྤྱི་པའི་བཟའ་བཏུང་ལས་རིགས”ཞེས་པའི་ལེའུ་གཅིག་ཁ་སྣོན་བྱས་ཡོད་མོད། འོན་ཀྱང“ཕྱི་ཕྱོགས་ཉོ་ཚོང”གི་ལེའུ་གཅིག་འཐེན་ཡོད། དེ་ལྟར་བྱས་ན་སུའུ་ལེན་གྱི་སློབ་དེབ་ཀྱི་རྣམ་བཤད་མ་ལག་དང་གཞི་རྩའི་ཆ་ནས་གཅིག་མཐུན་བྱུང་བ་རེད།ཧྲང་ཧའེ་ནོར་དཔལ་སློབ་གླིང་གི་སྤྱི་ལོ1962ལོའི་སློབ་དེབ་ཀྱི་རྣམ་བཤད་མ་ལག་དེ་མི་དམངས་འཐུས་ཚོགས་ཀྱི་ཉོ་ཚོང་དཔལ་འབྱོར་ཚན་ཁག་གི་སྤྱི་ལོ1962ལོའི་སློབ་དེབ་ཀྱི་མ་ལག་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན།  

“རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ། ཚོང་ལས་དཔལ་འབྱོར་དང་འབྲེལ་བའི་ཞིབ་འཇུག་དེ་མཚམས་འཇོག་པའི་ཚུལ་དུ་གནས་ཡོད། སྤྱི་ལོ1980ལོར་ཀྲུང་གོའི་མི་དམངས་འཐུས་མི་ཚོགས་ཆེན་དཔེ་སྐྲུན་ཁང་གིས་ཙེང་ཧུང་ཡེ་ཡིས་གཙོ་སྒྲིག་བྱས་པའི《སྤྱི་ཚོགས་རིང་ལུགས་ཀྱི་ཚོང་ལས་དཔལ་འབྱོར་རིག་པ》ཞེས་པ་དཔེ་སྐྲུན་བྱས།དེབ་དེའི་རྣམ་བཤད་མ་ལག་དེ་སྤྱི་ལོ1962ལོའི་སློབ་དེབ་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་མེད་མོད། འོན་ཀྱང“ཚོང་ལས་དེང་རབས་ཅན་དུ་འགྱུར་བའི”ལེའུ་གཅིག་ཁ་སྣོན་བྱས་ནས“སྤྱི་པའི་བཟའ་བཏུང་ལས་རིགས”ཀྱི་ལེའུ་གཅིག་འཐེན་ཡོད།  ལོ་རབས80པའི་དུས་འགོར་ཧྲང་ཧའེ་ས་ཁུལ་གྱི་མཐོ་རིམ་དཔལ་འབྱོར་སློབ་གླིང་གི་ཚོང་ལས་དཔལ་འབྱོར་རིག་པའི་རྩ་བའི་རིགས་པའི་རིགས་ཀྱི་སློབ་ཚན་སློབ་ཁྲིད་བྱེད་པར་དཔེ་དེབ་དེའི་རྣམ་བཤད་མ་ལག་དང་རིགས་པའི་གཞུང་ལུགས་ལྟ་བའི་ཤུགས་རྐྱེན་ཆེ་ཙམ་ཐེབས་ཡོད། ལོ་རབས80པའི་དུས་སྨད་ནས་ལོ་རབས90པའི་དུས་སྟོད་དུ། ཧྲང་ཧའེ་ཡིས་ཚོང་ལས་དཔལ་འབྱོར་རིག་པའི་རྩ་བའི་རིགས་པའི་གཞུང་ལུགས་རིགས་ཀྱི་སློབ་དེབ་སྐོར་ཞིག་དཔེ་སྐྲུན་བྱས་ཤིང་། དེའི་ནང་ཅུང་གལ་ཆེ་བ་ནི་ཀྲོའུ་ཞི་ཆའོ་ཡིས་གཙོ་སྒྲིག་བྱས་པའི《ཚོང་ལས་དཔལ་འབྱོར་རིག་པ》(སྤྱི་ལོ1991ལོར)དང་ཁྲེན་ཧྲུན་ཞ་སོགས་ཀྱི《ཚོང་ལས་རིག་པའི་རགས་བཤད》(སྤྱི་ལོ1996ལོ)ཡོད། གོང་དུ་བརྗོད་པའི་གསུང་རྩོམ་གཉིས་ཀྲུང་གོའི་མི་དམངས་སློབ་ཆེན་གྱི་སྤྱི་ལོ1980ལོའི་སློབ་དེབ་དང་བསྡུར་ན་འགྱུར་ལྡོག་གཙོ་བོ་ནི། “ཚོང་ལས་ཁོར་ཡུག”དང་།“ཚོང་ལས་ཆ་འཕྲིན།”“ཚོང་ལས་ཀྱི་སྤྱི་ཁོག་དོ་དམ་”བཅས་ཀྱི་ལེའུ་ཁ་སྣོན་བྱས་ནས་ཚོང་རའི་མ་ལག་ལ་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད། ཚོང་ལས་དཔལ་འབྱོར་རིག་པའི་ཐོག་མའི་རིགས་ཀྱི་སློབ་དེབ་ཀྱི་རྣམ་བཤད་མ་ལག་ལ་བསྒྱུར་བཅོས་བྱེད་པའི་ཚོད་ལྟ་བྱས་ཏེ། ཧོང་ཀྲི་མིན་དང་། ཕེང་ཧུའེ་ཧྥང་། ཅང་ཁེ་ཀྲེན་བཅས་ཀྱིས་མཉམ་ལས་བྱས་ནས《ཚོང་ཟོག་འཁོར་རྒྱུག་དཔལ་འབྱོར་རིག་པ》(སྤྱི་ལོ1987ལོར)རྩོམ་སྒྲིག་བྱས་ཡོད།      

ལོ་རབས80པའི་དུས་འགོར་དར་རྒྱས་ཆེ་བའི་ཁྲོམ་རའི་དཔལ་འབྱོར་རྒྱལ་ཁབ་ནས་སླར་ཡང་ཁྲོམ་རའི་རིག་པའི་རིག་ཚན་ནང་འདྲེན་བྱས་པ་རེད། སྤྱི་ལོ1981ལོར་ཁེ་ལས་དོ་དམ་དཔེ་སྐྲུན་ཁང་གིས་ཨ་རིའིR.H.ཧོར་ཏུན་གྱི《ཁྲོམ་རའི་རིག་པ》ཞེས་པ་དཔེ་སྐྲུན་བྱས། དཔེ་ཆ་འདི་པར་སྐྲུན་བྱས་རྗེས་ཤུགས་རྐྱེན་ཆེན་པོ་ཐེབས། དེའི་རྗེས་སུ། རྒྱལ་ནང་གི་མཁས་པ་ཚོས་ཚོང་རའི་རིག་པའི་རིག་ཚན་འདི་ཁྱབ་སྤེལ་བྱེད་པར་བྱ་བ་མང་པོ་བསྒྲུབས། ལོ་རབས80པའི་དུས་སྨད་ནས་ལོ་རབས90པའི་དུས་སྟོད་དུ། ཧྲང་ཧའེ་ས་ཁུལ་གྱི་མཁས་པ་རྣམས་ཀྱིས་ཚོང་རའི་སློབ་དེབ་སྐོར་ཞིག་བྲིས་པ་དང་། དེའི་ནང་ནས་ཅུང་གལ་ཆེ་བ་ནི་ཞའོ་ཁེ་རུང་གི《ཚོང་རའི་རིག་གཞུང་རགས་བཤད》(སྤྱི་ལོ1990ལོར)ཐང་ཧའོ་དང་སུང་ཀྲུང་ཧྲུན་གྱི《དེང་རབས་ཚོང་གཉེར་གཞུང་ལུགས་དང་ཐབས་ཇུས》(སྤྱི་ལོ1990ལོར)ཁྲེན་ཞིན་ཁང་དང་། ཀུའོ་ཧྥང་། ཏེང་ཡུང་ཁྲེང་། གོང་སྨྲས་བརྩམས་ཆོས་ཀྱི་རྣམ་བཤད་མ་ལག་གི་ཁོངས་སུ་སྤྱིར་བཏང་དུ་གཤམ་གྱི་ཁག་འགའ་འདུས་ཏེ།(1)གླེང་གཞི་དང་ཚོང་རའི་རིག་པའི་གཞི་རྩའི་དོན་སྤྱི་ལ་དབྱེ་ཞིབ་བྱེད་པ།(2)ཁྲོམ་རའི་ཚོང་གཉེར་གྱི་འཐབ་ཇུས།(3)ཚོང་གཉེར་བྱེད་ཐབས།དེའི་ནང་ཐོན་རྫས་ཀྱི་ཐབས་ཇུས་དང་།རིན་གོང་གི་ཐབས་ཇུས།ཁག་བགོས་ཕྱིར་འཚོང་གི་ཐབས་ལམ་གྱི་ཐབས་ཇུས།འགྲེམ་འཚོང་ཐབས་ཇུས་སོགས་འདུས།(4)ཉོ་སྒྲུབ་བྱ་སྤྱོད་ཀྱི་ཞིབ་འཇུག(5)ཚོང་རར་བརྟག་དཔྱད་དང་སྔོན་དཔག(6)རྒྱལ་སྤྱིའི་ཚོང་གཉེར།            

ཚོང་ལས་ཁེ་ལས་དང་དངོས་རྫས་ཁེ་ལས་དོ་དམ་བྱེད་པའི་ཐད་ལོ་རབས་བརྒྱད་ཅུ་པའི་དུས་འགོ་ནས་བཟུང་བརྩམས་ཆོས་ཁ་ཤས་དཔེ་སྐྲུན་བྱས་ཡོད་པ་དཔེར་ན། ཝུའུ་ཀྲི་ཝེ་སོགས་ཀྱི《སྡེབ་ཚོང་ཚོང་ལས་ཁེ་ལས་དོ་དམ་རིག་པ》(སྤྱི་ལོ1982ལོ)ཀུའུ་ཝུན་ཅིན་སོགས་ཀྱི《དངོས་རྫས་ཁེ་ལས་དོ་དམ》(སྤྱི་ལོ1983ལོ)ཚུའེ་ཏེ་ལིན་སོགས་ཀྱི《སྤྱི་ཚོགས་རིང་ལུགས་ཀྱི་སིལ་ཚོང་ཁེ་ལས་དོ་དམ་བྱེད་པ》(སྤྱི་ལོ1984ལོ)ཡེ་ཧྲུའུ་ཙི་དང་ཁྲེན་ཀྲུའུ་ཕིང་གི《ཚོང་ལས་ཁེ་ལས་དོ་དམ་བྱེད་པའི་སྐོར་གླེང་བ》(སྤྱི་ལོ1988ལོ)《ཚའོ་ཧྲུན་ཧྲོན)ལོ་རབས90པའི་དུས་དཀྱིལ་དུ་ཚོང་ལས་མུ་འབྲེལ་གཉེར་སྐྱོང་ལ་ཡོངས་ཁྱབ་ཀྱིས་དོ་ཁུར་བྱས་པ་དང་། ཧྲང་ཧའེ་ཡི་མཁས་དབང་གིས་ཀྱང་བརྩམས་ཆོས་ཁ་ཤས་བརྩམས་ཡོད་པ་དཔེར་ན། ཀུའུ་གོ་ཡིས་བསྐྲུན་པའི་《རིམ་འདས་ཚོང་རའི་མུ་འབྲེལ་གཉེར་སྐྱོང་དོ་དམ》(སྤྱི་ལོ1995ལོ)ལྟ་བུ་ཡིན། རིན་གོང་རིག་པའི་ཐད་ཅུང་གལ་ཆེ་བའི་བརྩམས་ཆོས་ལྷག་མ་ཡོད་པ་དང་། དབྱིན་ཁུན་ཧྭ་ཡིས་གཙོ་སྒྲིག་བྱས་པའི《དེང་རབས་ཁེ་ལས་ཀྱི་རིན་གོང་གཏན་འབེབས་ཏེ།གཞུང་ལུགས་དང་ཉེར་སྤྱོད》(སྤྱི་ལོ1988ལོ)  

ལོ་རབས80པའི་དུས་དཀྱིལ་ནས་བཟུང་འཛད་སྤྱོད་སེམས་ཁམས་རིག་པ་དང་། ཞབས་ཞུའི་དཔལ་འབྱོར་རིག་པ། ཆ་འཕྲིན་དཔལ་འབྱོར་རིག་པ་སོགས་རིག་ཚན་ལ་མཐོང་ཆེན་བྱས་པ་དང་། ཧྲང་ཧའེ་ས་ཁུལ་གྱི་མཁས་དབང་གིས་རྒྱལ་ནང་དུ་དེའི་ཐད་ཞིབ་འཇུག་སྔ་ཙམ་བྱས་པ་མ་ཟད། བརྩམས་ཆོས་ཁག་གཅིག་ཀྱང་བྲིས་ཡོད་པ་དཔེར་ན། ཁྲེན་ཅ་ཧའེ་སོགས་ཀྱི《འཛད་སྤྱོད་སེམས་ཁམས་རིག་པའི་འཇུག་སྒོ》(སྤྱི་ལོ1987ལོ)དང་། ཐའོ་ཡུང་ཁོན་དང་། ཀོ་ཝེ་མིང་། ཁྲེན་ཅ་ཧའེ། ཀྲང་ཞིའུ་ཝུན་བཅས་ཀྱི《དཔལ་འབྱོར་རིག་པ》(སྤྱི་ལོ1988ལོ)》དེ་མིན་ད་དུང་ཝུའུ་ཧྲའོ་ཀྲུང་གིས་བརྩམས་པའི《ཀྲུང་གོའི་འཛད་སྤྱོད་ཞིབ་འཇུག》(སྤྱི་ལོ1990ལོར) 

ཚོང་ལས་ལོ་རྒྱུས་ཞིབ་འཇུག་གི་ཕྱོགས་ནས་ཧྲང་ཧེའི་མཁས་པ་རྣམས་ལ་གྲུབ་འབྲས་གལ་ཆེན་འགའ་ཐོབ་ཡོད་དེ། དཔེར་ན་ཧྲང་ཧེ་ཚོང་ཟོག་སྣ་མང་ཀུང་སི་སོགས་ཀྱིས་རྩོམ་སྒྲིག་བྱས་པའི《ཧྲང་ཧེའི་ཉེ་རབས་ཚོང་ཟོག་སྣ་མང་ཚོང་ལས་ལོ་རྒྱུས》(སྤྱི་ལོ1988ལོ)དང་། ཧྲང་ཧེ་སྤྱི་ཚོགས་ཚན་རིག་ཁང་གི་དཔལ་འབྱོར་ཞིབ་འཇུག་ཁང་གིས་གཙོ་སྒྲིག་བྱས་པའི《ཧྲང་ཧེའི་ལྕགས་རིགས་སྣ་ལྔའི་ཚོང་ལས་ལོ་རྒྱུས》(སྤྱི་ལོ1990ལོ)དང་། ཀྲུའུ་གོ་ཏུང་དང་རྒྱལ་པོའི་རྒྱལ་ཁབ་ཀྱིས་གཙོ་སྒྲིག་བྱས་པའི《ཧྲང་ཧེ་ཚོང་ལས་ལོ་རྒྱུས》སོགས་ཡོད།    

ཚོང་ལས་དཔལ་འབྱོར་རིག་པའི་གཞི་རྩའི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་རིག་ཚན་མ་ལག་འཛུགས་སྐྱོང་བྱེད་པ་དང་ཆབས་ཅིག་ཧྲང་ཧའེ་ཚོང་ལས་དཔལ་འབྱོར་ལས་རིགས་ཀྱིས་ད་དུང་དངོས་ཡོད་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པར་ཧུར་ཐག་ཞུགས་ཡོད། སྤྱི་ལོ1983ལོ་ནས་སྤྱི་ལོ1985ལོའི་བར་ཧྲང་ཧའེ་སྤྱི་ཚོགས་ཚན་རིག་ཁང་སྡེ་ཁག་གི་དཔལ་འབྱོར་ཞིབ་འཇུག་ཁང་གིས་འགན་འཁུར་བའི་རྒྱལ་ཡོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལོ་ལྔའི་འཆར་གཞི་དྲུག་པའི་གཙོ་གནད་རྣམ་གྲངས“ཧྲང་ཧའེ་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག”དེའི་ནང་ཧྲང་ཧའེ་ཉོ་ཚོང་འཕེལ་རྒྱས་དང་འཛད་སྤྱོད་འཕེལ་རྒྱས་ལ་ཞིབ་འཇུག་བྱས་པ་ཚུད་ཡོད། 

ལོ་ལྔའི་འཆར་གཞི་བདུན་པའི་རིང་མུ་མཐུད་ནས་རིན་གོང་བསྒྱུར་བཅོས་དང་ཚོང་ལས་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུའི་སྐོར་ཞིབ་འཇུག་བྱས་ཡོད། ཞིབ་འཇུག་རྣམ་གྲངས་ཅུང་གལ་ཆེན་ནི། ལི་ཡུས་སོགས་ཀྱིས་འགན་འཁུར་བའི་རིན་གོང་འགྱུར་ལྡོག་གིས་ཧྲང་ཧའེ་ཡི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པ”དང་། ཞའོ་ཁེ་རུང་གིས་འགན་འཁུར་བའི“ཧྲང་ཧའེ་ཚོང་ལས་སྒྲིག་སྲོལ་དང་གྲུབ་ཆའི་གནད་དོན་ཞིབ་འཇུག་བྱེད་པ”དང་། ཀྲང་ཧུང་མིང་གིས་འགན་འཁུར་བའི་ཧྲང་ཧའེ་གྲོང་ཁྱེར་གྱི་རིན་གོང་དོ་དམ་སྒྲིག་སྲོལ་ཞིབ་འཇུག་བྱེད་ཀྱི་ཡོད།

ལོ་རབས་བརྒྱད་ཅུ་པའི་དུས་སྨད་དུ་རྒྱལ་ནང་གི་ས་ཁོངས་ཉོ་ཚོང་ཁྲོད་བྱུང་བའི་ཉོ་ཚོང་རྩོད་གཞིའི་གནད་དོན་ལ་རིག་གཞུང་ལས་རིགས་ཀྱི་དོ་ཁུར་ཐོབ་པ་དང་། ཧྲང་ཧའེ་སྤྱི་ཚོགས་ཚན་རིག་ཁང་སྡེ་ཁག་གི་དཔལ་འབྱོར་ཞིབ་འཇུག་སུའོ་ཡིས་སྔོན་ལ་དེའི་ཐད་ཀྱི་རྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱས་པ་རེད། སྤྱི་ལོ1990ལོ་ནས་སྤྱི་ལོ1992ལོའི་བར་ཁྲེན་ཅ་ཧའེ་སོགས་ཀྱིས《ཀྲུང་གོའི་ཞིང་ཆེན་བར་གྱི་ཉོ་ཚོང》ཞེས་པའི་ཞིབ་འཇུག་བྱ་གཞི་གནང་།   

སྤྱི་ལོ1993ལོའི་ཟླ9པར། གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྐྱོང་བྱས་པའི་དུས་རབས21པར་སྐྱོད་པའི་ཧྲང་ཧའེ་ཡི་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཅེས་པའི་ཞིབ་འཇུག་བྱ་གཞི་དངོས་སུ་འགོ་བརྩམས། ཞིབ་འཇུག་བྱ་གཞི་ཁག10དང་ཆེད་དོན་ཁག17བཙུགས་པ་དེའི་ནང་ཧྲང་ཧའེ་ཉོ་ཚོང་འཕེལ་རྒྱས་ཀྱི་གནད་དོན་ལ་ཆེད་མངགས་ཞིབ་འཇུག་བྱས་པ་ཚུད་ཡོད། ཞིབ་འཇུག་བྱ་གཞི་ཧྲིལ་པོའི་ཞིབ་འཇུག་གྲུབ་འབྲས་དེ་སྤྱི་ལོ1995ལོར་པར་སྐྲུན་བྱས་པའི《དུས་རབས21པའི་ཧྲང་ཧའེ་ལ་སྐྱོད་པ་སྟེ། སྤྱི་ལོ1996ལོ་ནས་སྤྱི་ལོ2010ལོ་བར་ཧྲང་ཧའེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག》ཅེས་པའི་དཔེ་དེབ་ནང་མངོན་ཡོད། དེབ་དེའི་ནང་ཀྲང་ཀོང་ཧྲེང་དང་། ཁྲེན་ཀྲུང་ཧའོ། ཞུས་ཧྲོའུ་ཞང་བཅས་ཀྱིས་བྲིས་པའི《ཧྲང་ཧའེ་ཡིས་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་བསྐྲུན་པའི་འཕེལ་རྒྱས་དམིགས་ཚད་དང་ལག་བསྟར་ཇུས་གཞི》དང་།ཁྲེན་ཀྲུང་ཧའོ་དང་ཀྲུའུ་ལེན་ཆིང་བཅས་ཀྱིས་བྲིས་པའི《ཧྲང་ཧའེ་ཚོང་ལས་ཁུལ་གྱི་ནུས་པ་དང་བཀོད་སྒྲིག་གི་སྤྱིའི་བསམ་འཆར》བཅས་བསྡུས་ཡོད་པ་རེད། 

སྤྱི་ལོ1993ལོ་ནས་བཟུང་གྲོང་ཁྱེར་སྲིད་གཞུང་གིས་ལོ་ལྟར་གཙོ་གནད་བློ་འདྲིའི་ཞིབ་འཇུག་བྱ་གཞི་དང་གླེང་མང་བའི་ཞིབ་འཇུག་བྱ་གཞི་ཁག་གཅིག་ཁྱབ་བསྒྲགས་བྱས་ནས་གྲོང་ཁྱེར་དེ་ཡོངས་ལ་ཡོངས་བསྒྲགས་སུ་འོས་སྐུལ་བྱས་ཡོད།ཞིབ་འཇུག་བྱ་གཞི་དེ་དག་ནང་ཚོང་ལས་འཕེལ་རྒྱས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པའི་རྣམ་གྲངས་ཚུད་ཡོད་པ་དཔེར་ན། སྤྱི་ལོ1993ལོར་ཁྲེན་ཅ་ཧའེ་ཡིས་འགན་འཁུར་བའི《ཧྲང་ཧའེ་འཁོར་རྒྱུག་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་བསམ་ཕྱོགས་དང་ཚད་བརྒལ་བྱེད་ས》ཞེས་པའི་ཞིབ་འཇུག་བྱ་གཞི་དང་། སྤྱི་ལོ1997ལོར་ཁྲོ་ཀང་གིས་འགན་འཁུར་བའི《མའེ་ཏེ་ལུང་སྣང་ཚུལ་ཞིབ་འཇུག》སྤྱི་ལོ1998ལོར་ཁྲེན་ཀྲུང་ཧའོ་ཡིས་འགན་འཁུར་བའི《མིག་སྔའི་ཧྲང་ཧའེ་ཡི་འཛད་སྤྱོད་དགོས་མཁོར་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པའི་ཞིབ་འཇུག་བྱ་གཞི》ཧྲང་ཧའེ་གྲོང་ཁྱེར་གྱི་ལོ་ལྔའི་འཆར་གཞི་བརྒྱད་པའི་སྤྱི་ཚོགས་ཚན་རིག་འཆར་འགོད་ཀྱི་ཞིབ་འཇུག་བྱ་གཞི་གཙོ་བོའི་ཁྲོད་དུ།ལི་ཡུས་དང་ཁྲེན་ཅ་ཧའེ་ཡིས《ཧྲང་ཧའེ་ཡི་ཚོང་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཞིབ་འཇུག》གི་ཞིབ་འཇུག་བྱ་གཞི་འཁུར་ཡོད།  

ལོ་ལྔའི་འཆར་གཞི་དགུ་པའི་རིང་ཧྲང་ཧའེ་ཚོང་ལས་དཔལ་འབྱོར་ལས་རིགས་ཀྱིས་སྤྱོད་འོས་པའི་གནད་དོན་ལ་ཞིབ་འཇུག་བྱེད་པ་དེ་གཙོ་བོ་ཚོང་ཟོག་འཁོར་རྒྱུག་ཐབས་ལམ་བསྐྱར་སྒྲིག་དང་།ཚོང་ལས་ཁེ་ལས་བསྒྱུར་བཅོས། སྒོ་རྩིས་ཚོང་ཁང་དང་སྟབས་བདེའི་ཚོང་ཁང་སོགས་ལས་རྣམ་གསར་པ་འཕེལ་རྒྱས།སྡེབ་སྐྱེལ་ལྟེ་གནས་འཛུགས་སྐྲུན། ཁུལ་ཁོངས་ཚོང་ལས་འཕེལ་རྒྱས།ཚོང་ཟོག་ཚོང་རའི་སྔོན་དཔག  དྲ་རྒྱ་ཅན་གྱི་ཕྱིར་འཚོང་།གློག་རྡུལ་ཚོང་དོན། WTOཞུགས་རྗེས་ཧྲང་ཧའེ་ཚོང་ལས་ལ་འཕྲད་པའི་འགྲན་སློང་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད། དཔེར་ན། སྤྱི་ལོ1998ལོར་ཁྲོ་ཀང་གིས་ནོར་སྲིད་པུའུ་ཡིས་མངགས་བཅོལ་བྱས་པའི《ཀྲུང་གོའི་ཚོང་ཟོག་འཁོར་རྒྱུག་ཐབས་ལམ་བསྐྱར་སྒྲིག་དང་ཚོད་འཛིན་ཞིབ་འཇུག》ཅེས་པའི་ཞིབ་འཇུག་བྱ་གཞི་འགན་འཁུར་བ་དང་ཁྲེན་ཆི་ཅེས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཞིབ་འཇུག་བྱ་གཞི《འབྱུང་འགྱུར་ལོ་བཅུའི་རིང་ཀྲུང་གོའི་བཟའ་བཅའི་མཁོ་སྤྲོད་ཀྱི་གྲུབ་ཆའི་སྔོན་དཔག་དང་ཁ་གཏད་འཇལ་ཐབས་ཞིབ་འཇུག》གི་འགན་འཁུར་ཡོད།    

4 ཞིབ་འཇུག་ནང་དོན།

སྤྱི་ཚོགས་རིང་ལུགས་ཀྱི་ཚོང་ལས་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་ལྟར་ན། རིག་ཚན་འདིའི་ཞིབ་འཇུག་གི་ནང་དོན་གཙོ་བོ་ནི།

① ཚོང་ལས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས།དེའི་ནང་ཚོང་ལས་ཀྱི་བྱུང་བ་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་མི་འདྲ་བའི་འོག་གི་འཕེལ་རྒྱས་དང་། ཚོང་ལས་ཀྱི་འགན་ནུས་དང་ཉོ་སྒྲུབ་དང་ཕྱིར་འཚོང་། གསོག་ཉར་བཅས་ཀྱི་ནུས་པ་ཕན་ཚུན་བར་གྱི་འབྲེལ་བ། སྤྱི་ཚོགས་ཀྱི་ཐོན་སྐྱེད་བསྐྱར་མའི་ཁྲོད་ཀྱི་ཚོང་ལས་ཀྱི་གོ་གནས་དང་ནུས་པ།(ཐོན་སྐྱེད་དང་འཛད་སྤྱོད། བགོ་བཤའི་ནུས་པ་བཅས་ཚུད་ཡོད)

② ཚོང་ལས་སྡེ་ཁག་ནང་ཁུལ་གྱི་དཔལ་འབྱོར་འབྲེལ་བ། དེའི་ནང་ཚོང་ལས་སྡེ་ཁག་གི་དཔལ་འབྱོར་གྱི་གྲུབ་ཆ་དང་། དབང་བའི་ལམ་ལུགས་ཀྱི་ངོ་བོ། མ་དངུལ་འཇོག་སྟངས། དབང་མཁན་དང་གཉེར་སྐྱོང་བྱེད་མཁན་བར་གྱི་འབྲེལ་བ། ཚོང་ལས་ཀྱི་རྩ་འཛུགས་མ་ལག་དང་ཁེ་ལས་བར་གྱི་འབྲེལ་བ། ཁེ་ལས་ནང་ཁུལ་གྱི་རྩ་འཛུགས་གྲུབ་ཚུལ་བཅས་དང་དེ་བཞིན་འགོ་ཁྲིད་པ་དང་། དོ་དམ་པ། བྱེད་སྒོའི་མི་སྣ་བཅས་བར་གྱི་འབྲེལ་བ། གཉེར་སྐྱོང་གྲུབ་འབྲས་རྒྱལ་ཁབ་དང་ཁེ་ལས་བར་བགོ་བཤའ་རྒྱག་སྟངས། ཁེ་ལས་ཀྱི་ཐོབ་ཆའི་ཆ་དེ་ཐུན་མོང་དང་མི་སྒེར་བར་བགོ་བཤའ་རྒྱག་སྟངས། དེ་བཞིན་མི་སྒེར་ལ་ཐོབ་པའི་ཆ་དེ་འགོ་ཁྲིད་པ་དང་དོ་དམ་པ། དོ་དམ་བྱེད་མཁན། ལས་གཉེར་མི་སྣ་བཅས་ཀྱི་བར་བགོ་བཤའ་རྒྱག་དགོས།  

③ རྒྱལ་ཁབ་ཀྱིས་ཚོང་ལས་ལ་འགོ་ཁྲིད་དང་དོ་དམ་བྱ་དགོས།

④ ཚོང་ལས་ཀྱི་ལས་སྒོ།  དེའི་ནང་ཚོང་ཟོག་ཉོ་སྒྲུབ(བཟོ་ལས་ཐོན་རྫས་ཉོ་སྒྲུབ་དང་ཞིང་ལས་ཐོན་རྫས་ཉོ་སྒྲུབ)དང་། ཚོང་ཟོག་ཕྱིར་ཚོང(ཐོན་སྐྱེད་རྒྱུ་ཆ་ཕྱིར་ཚོང་དང་འཚོ་བའི་རྒྱུ་ཆ་ཕྱིར་འཚོང)ཚོང་ལས་སྡེ་ཁག་ནང་ཁུལ་གྱི་གཉེར་སྐྱོང་བྱེད་མཁན་བར་གྱི་ཉོ་ཚོང་དང་ཚོང་ཟོག་གསོག་འཇོགཚོང་ལས་ཁེ་ལས(སྡེབ་ཚོང་ཁེ་ལས་དང་སིལ་ཚོང་ཁེ་ལས)བཅས་ཀྱི་གཉེར་སྐྱོང་ཚུད་ཡོད།  

⑤ ཚོང་ལས་གཉེར་སྐྱོང་འགན་ལེན་གྱི་ཆ་རྐྱེན།དེའི་ནང་ཚོང་ལས་དྲ་བ་འཛུགས་སྐྲུན་དང་ཚོང་ལས་ཀྱི་དངོས་པོའི་ལག་རྩལ་རྨང་གཞི་དང་། ཚོང་ལས་ངལ་རྩོལ་དང་ངལ་རྩོལ་གྱི་ཐོབ་ཆ། ཚོང་ལས་ལ་མཁོ་བའི་ཞབས་ཞུ(ཚོང་ཟོག་གདོས་བཅས་འགུལ་སྐྱོད་ལ་མཁོ་བའི་སྐྱེལ་འདྲེན་དང་དོ་དམ། ལས་སྣོན་སོགས་ཀྱི་ཞབས་ཞུ་དང་དེ་བཞིན་ཚོང་ཟོག་གཉེར་སྐྱོང་ལ་མཁོ་བའི་ཆ་འཕྲིན་ཞབས་ཞུ)བཅས་ཚུད་ཡོད།

⑥ ཚོང་ལས་ཀྱི་མ་དངུལ་དང་། འགྲོ་གྲོན། དཔལ་འབྱོར་གྱི་ཕན་འབྲས། དེ་བཞིན་ཚོང་ལས་ཀྱི་ཁེ་སྤོགས་དང་ཁེ་སྤོགས་བགོ་འགྲེམས།

⑦ ཚོང་ལས་འཕེལ་རྒྱས་ཀྱི་མདུན་ལམ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སོགས་ཡོད།

5 འབྲེལ་ཡོད་རིག་ཚན།

སྤྱི་ཚོགས་རིང་ལུགས་ཀྱི་ཚོང་ལས་དཔལ་འབྱོར་རིག་པས་ཆབ་སྲིད་དཔལ་འབྱོར་རིག་པ་རྨང་གཞིར་བྱས་ཏེ། ཚོང་ལས་སྡེ་ཁག་གི་དཔལ་འབྱོར་བྱེད་སྒོར་ཞིབ་འཇུག་གཏིང་ཟབ་བྱས་ནས་རང་ཚུགས་ཀྱི་ཚན་རིག་མ་ལག་ཏུ་འཕེལ་རྒྱས་བྱུང་ཡོད། འོན་ཀྱང་དེ་ནི་སྤྱིར་བཏང་གི་དཔལ་འབྱོར་ཆོས་ཉིད་ཚོང་ལས་ཁྲོད་དུ་མངོན་པར་ཞིབ་འཇུག་བྱེད་པ་ཙམ་མ་ཡིན་པར། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཚོང་ལས་ལ་དམིགས་བསལ་དུ་ཡོད་པའི་དཔལ་འབྱོར་ཆོས་ཉིད་གསལ་སྟོན་བྱེད་པ་དེ་ཡིན།ཚོང་ལས་དཔལ་འབྱོར་རིག་པ་དང་ཚོང་ཟོག་འགྲོ་རྒྱུག་ཁྱབ་ཁོངས་ཀྱི་དཔལ་འབྱོར་རིག་པ་གཞན་དག་དཔེར་ན། ཚོང་ར་དང་ཚོང་ཟོག་འགྲོ་རྒྱུག་དང་། དངུལ་ལོར་འགྲོ་རྒྱུག རིན་གོང་སོགས་ཁྱབ་ཁོངས་ཀྱི་དཔལ་འབྱོར་རིག་པར་འབྲེལ་བ་དམ་པོ་ཡོད། དཔེར་ན་ཚོང་ལས་དཔལ་འབྱོར་ལ་ཞིབ་འཇུག་བྱེད་སྐབས་ཚོང་རའི་མཁོ་སྤྲོད་ཀྱི་ཆོས་ཉིད་གཞིར་འཛིན་མི་དགོས་པ་དང་། དངུལ་ལོར་འགྲོ་རྒྱུག་གི་ཆོས་ཉིད་དང་ཤོག་སྒོར་འགྲོ་རྒྱུག་གི་ཆོས་ཉིད་དང་རིན་གོང་མ་ལག་ལ་དམིགས་བསལ་དུ་ཡོད་པའི་ཆོས་ཉིད་ལ་བསམ་གཞིགས་མི་བྱེད་ཐབས་མེད་རེད། དུས་མཚུངས་སུ་ཚོང་ལས་དཔལ་འབྱོར་རིག་པས་ཚོང་ལས་ཀྱི་དམིགས་བསལ་དུ་ཡོད་པའི་དཔལ་འབྱོར་ཆོས་ཉིད་གསལ་སྟོན་བྱས་པ་དེ་ལྡོག་ནས་ཚོང་ར་དང་ཚོང་ཟོག་འཁོར་རྒྱུག་དཔལ་འབྱོར་རིག་པའི་ཀ་རྟེན་ཆེན་པོ་ཞིག་ཆགས་ཡོད། ཚོང་ལས་དཔལ་འབྱོར་རིག་པ་ནི་ཚོང་ལས་སྡེ་ཁག་གི་ཕྱོགས་གཞན་དག(དཔེར་ན་ཚོང་ཟོག་གཉེར་སྐྱོང་དང་ཚོང་ལས་དོ་དམ། ཚོང་ལས་ལོ་རྒྱུས་སོགས)ཀྱི་རིག་ཚན་གཞུང་ལུགས་ཀྱི་རྨང་གཞི་ཡིན་པ་དང་། རིག་ཚན་འདི་དག་གི་གྲུབ་འབྲས་ཀྱང་ཚོང་ལས་དཔལ་འབྱོར་རིག་པ་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན།  

ཆེད་དུ་ཚོང་ལས་སྡེ་ཁག་གི་དཔལ་འབྱོར་འབྲེལ་བ་དང་དེའི་འཕེལ་རྒྱས་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན།

6 རིག་ཚན་བྱུང་འཕེལ།

སྡེ་ཁག་དཔལ་འབྱོར་རིག་པ་ཡིན་པའི་ཚོང་ལས་དཔལ་འབྱོར་རིག་པ་ནི་དུས་རབས20པའི་ཨུ་རུ་སུའི་ཟླ་བ་བཅུ་པའི་གསར་བརྗེའི་རྗེས་སུ་སུའུ་ལེན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་བཙུགས་པ་ཞིག་རེད། སྐབས་དེའི་ཞིབ་འཇུག་བྱེད་ཁོངས་སུའུ་ལེན་ཁོ་ནར་མ་གཏོགས་མེད་པས“སུའུ་ཝེ་ཨེ་ཉོ་ཚོང་དཔལ་འབྱོར”ཞེས་བརྗོད་ཀྱིན་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ཡུན་རིང་མ་སོང་བར་ཀྲུང་གོའི་ཚོང་ལས་ལ་ཞིབ་འཇུག་བྱེད་པ་ཁྱབ་ཁོངས་སུ་བྱེད་པའི་ཚོང་ལས་དཔལ་འབྱོར་རིག་པ་འཛུགས་འགོ་ཚུགས་པ་དང་། དེར་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་ལས་དཔལ་འབྱོར་རིག་པ་ཟེར།