སྨན་གྱི་ཡོན་ཏན་རྣམ་པ་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-10-19 09:49ལ་འགྲུབ།

སྨན་གྱི་ཡོན་ཏན་རྣམ་པ་བཞི།

ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་ལས་བྱུང་བའི་སྨན་གྱི་ཡོན་ཏན་རྣམ་པ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་གསོ་རིག་ཧེ་པ》ཤ338བ1ལས་བཏུས།
རིགས་དབྱེ།
གསོ་བ་རིག་པ།
1 རྣམ་གྲངས་འདྲེན་པ།

ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་ལས་བྱུང་བ་སྟེ།

1.སྨན་སྣ་ཚོགས་སོ་སོའི་སྔོ་བརྐོ་སྐམ་པ་ལ་སོགས་པ་སོ་སོའི་ཆོ་ག་བཞིན་བྱས་པར་གྱུར་པ།

2.སྨན་སྣ་རེ་རེ་ཡང་མཐུ་སྟོབས་ལ་སོགས་པ་ཡོན་ཏན་དང་ལྡན་པ།

3.སྨན་སྐྱེ་བའི་ཚེ་ན། ཆར་པ་ཆེན་པོའམ་ཐན་པ་ཆེས་པའམ། ཉི་ལྷགས་དང་གྲིབ་མས་ཧ་ཅང་གནོད་པར་མ་གྱུར་པ།

4.ས་བཟང་པོ་ནས་སྐྱེས་པ་སོ་སོའི་སྨིན་པར་ལྡན་པ་དག་ནད་དམིགས་ཐ་དད་པ་དང་། འཕྲོད་པའི་སྨན་དམིགས་སུ་ཕན་པ་འདི་བཞི་ནི་སྨན་གྱི་ཡོན་ཏན་ཡིན་ནོ༎