དམུ་རྒོད་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-10-19 09:23ལ་འགྲུབ།

དམུ་རྒོད་བཞི།

དཀོན་བརྩེགས་འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བ་ལས་བྱུང་བའི་དམུ་རྒོད་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《དཀོན་བརྩེགས་ཆ་པ》ཤ2162ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

དཀོན་བརྩེགས་འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བ་ལས་བྱུང་བ་སྟེ།

1.ཐོས་པ་ལ་གཅེས་པ་འདོར་བའི་ཆོས་སུ་གནས་ཤིང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་ལ་ནན་ཏན་དུ་མི་བྱེད་པ་ཡིན།

2.རྗེས་སུ་བསྟན་པ་ལ་གཅེས་པ་འདོར་བའི་ཆོས་སུ་གནས་ཤིང་། སློབ་དཔོན་དང་། མཁན་པོ་ལ་སྲི་ཞུ་མི་བྱེད་པ་ཡིན།

3.དམ་བཅས་པ་ལས་ཉམས་ཀྱང་དད་པས་བྱིན་པ་ཀུན་སྤྱོད་དེ། དད་པས་བྱིན་པ་ལོག་པར་ལྟུང་བར་བྱེད་པ་ཡིན།

4.བྱང་ཆུབ་སེམས་དཔའ་དུལ་བ་ཅང་ཤེས་པ་རྣམས་མཐོང་ན་མི་གུས་ཤིང་ང་རྒྱལ་འཛིན་པའོ༎