དམིགས་པའི་དངོས་པོ་རྣམ་པ་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-10-19 09:21ལ་འགྲུབ།

དམིགས་པའི་དངོས་པོ་རྣམ་པ་བཞི།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བའི་དམིགས་པའི་དངོས་པོ་རྣམ་པ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སྣ་ཚོགས་ཆོ་པ》ཤ139ན3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1.ཁྱབ་པའི་དམིགས་པ་ལ་རྣམ་པ་བཞི་སྟེ།

(1)རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན།

(2)རྣམ་པར་མི་རྟོག་པའི་གཟུགས་བརྙན།

(3)དངོས་པོའི་མཐའ།

(4)དགོས་པ་ཡོངས་སུ་གྲུབ་པའོ༎

2.དཔྱད་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་རྣམ་པ་ལྔ་སྟེ།

(1)མི་སྡུག་པ།

(2)བྱམས་པ།

(3)རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ།

(4)ཁམས་རབ་ཏུ་དབྱེ་བ།

(5)དབུགས་རྔུབ་པ་དང་། དབུགས་འབྱུང་བ་དྲན་པ་དང་ལྔའོ༎

3.མཁས་པའི་དམིགས་པ་ལ་རྣམ་པ་ལྔ་སྟེ།

(1)ཕུང་པོ་ལ་མཁས་པ།

(2)ཁམས་ལ་མཁས་པ།

(3)སྐྱེ་མཆེད་ལ་མཁས་པ།

(4)རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ།

(5)གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་ལྔའོ༎

4.ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ནི། དེ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་བྱེ་བྲག་གིས་རྣམ་པ་གཉིས་སྟེ།

(1)འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ཡང་གཉིས་ཏེ།

﹝1﹞ས་འོག་མར་རགས་པར་ལྟ་བ།

﹝2﹞ས་གོང་མ་རྣམས་ལ་ཞི་བར་ལྟ་བའོ༎

(2)འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ཡང་གཉིས་ཏེ། ﹝1﹞རྣམ་པར་གཞག་པའི་བདེན་པ་ལ་དམིགས་པ།

﹝2﹞རྣམ་པར་མ་གཞག་པའི་བདེན་པ་ལ་དམིགས་པའོ༎