དམིགས་པ་ཤེས་པ་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-10-19 09:18ལ་འགྲུབ།

དམིགས་པ་ཤེས་པ་བཞི།

ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་མདོ་དང་འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ལས་བྱུང་བའི་དམིགས་པ་ཤེས་པ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་མདོ་སྡེ་ཉི་པ》ཤ79བ1《མདོ་ཏ་པ》ཤ131བ4ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འདི་ལ་ཁག་གཉིས་ཡོད།

1_1 ཁག་དང་པོ།

ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་ཁག་གཅིག་སྟེ།

1.འདུ་བྱེད་ཀྱི་དམིགས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ།

2.འདུ་བྱེད་ཡོངས་སུ་བཤད་པའི་དམིགས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ།

3.ཀུན་ནས་ཉོན་མོངས་པའི་དམིགས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ།

4.རྣམ་པར་བྱང་བའི་དམིགས་པ་ཤེས་པ་བསམ་གྱིས་མི་ཁྱབ་པའོ༎

1_2 ཁག་གཉིས་པ།

འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ལས་བྱུང་བ་ཁག་གཅིག་སྟེ།

1.བདག་གི་དམིགས་པ་ཤེས་པ།

2.སེམས་ཅན་གྱི་དམིགས་པ་ཤེས་པ།

3.སྲིད་པའི་དམིགས་པ་ཤེས་པ།

4.ཆོས་ཀྱི་དམིགས་པ་ཤེས་པའོ༎