དམིགས་པ་ཡིད་ལ་བྱེད་པའི་མཚན་མ་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-10-19 09:06ལ་འགྲུབ།

དམིགས་པ་ཡིད་ལ་བྱེད་པའི་མཚན་མ་བཞི།

རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བའི་དམིགས་པ་ཡིད་ལ་བྱེད་པའི་མཚན་མ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སེམས་ཙམ་ཛི་པ》ཤ104ན2ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།

1.དམིགས་པའི་མཚན་མ་ནི། ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་དང་། སྣང་བརྙན་གང་ཡིན་པའོ༎

2.གཞིའི་མཚན་མ་ནི། ཏིང་ངེ་འཛིན་གྱི་ཚོགས་བསགས་པ་དང་། རྗེས་སུ་མཐུན་པའི་ལུང་དང་། སྒོམ་པ་དང་ལྡན་པའི་འདུན་པ་དྲག་པོ་དང་། སྐྱོ་བར་བྱ་བའི་ཆོས་རྣམས་ལ་སྐྱོ་བ་དང་། རྣམ་པར་གཡེང་བ་དང་། རྣམ་པར་གཡེང་བ་མེད་པ་ཡོངས་སུ་ཤེས་པར་བྱ་བ་ལ་སེམས་གཏོད་པ་དང་། གཞན་ལས་གཡོ་བར་འགྱུར་བ་མིས་བྱས་པའམ། མི་མ་ཡིན་པས་བྱས་པའམ། སྒྲས་བྱས་པའམ། བརྩལ་བས་བྱས་པ་མེད་པ་དང་། དེ་བཞིན་དུ་སེམས་ནང་དུ་མངོན་པར་བསྡུས་པ་ལྷག་མཐོང་གི་སྔོན་དུ་བཏང་བ་ནི་ཕྱིས་ལྷག་མཐོང་གསལ་བར་འགྱུར་བའི་གཞིའི་མཚན་ཉིད་ཡིན་པ་དང་། དེ་བཞིན་དུ་ལྷག་མཐོང་གི་གནས་ཀྱི་སྔོན་དུ་བཏང་བ་ནི་ཕྱིས་ཞི་གནས་གསལ་བར་འགྱུར་བའི་གཞིའི་མཚན་མ་ཡིན་ནོ༎

3.ཡོངས་སུ་སྤང་བར་བྱ་བའི་མཚན་མ་ལ་བཞི་སྟེ།

(1)བྱིང་བའི་མཚན་མ་ནི། དམིགས་པའི་མཚན་མ་དང་། གཞིའི་མཚན་མ་གང་གིས་སེམས་བྱིང་བ་ཉིད་དུ་འགྱུར་བའོ༎

(2)རྒོད་པའི་མཚན་མ་ནི། དམིགས་པའི་མཚན་མ་དང་། གཞིའི་མཚན་མ་གང་གིས་སེམས་རྒོད་པར་འགྱུར་བའོ༎

(3)ཆགས་པའི་མཚན་མ་ནི། དམིགས་པའི་མཚན་མ་དང་། གཞིའི་མཚན་མ་གང་གིས་སེམས་དམིགས་པ་ལ་ཆགས་པར་བྱེད། ཀུན་ཏུ་ཆགས་པར་བྱེད་ཅིང་ཀུན་ཏུ་ཉོན་མོངས་པར་བྱེད་པའོ༎ 

(4)རྣམ་པར་གཡེང་བའི་མཚན་མ་ནི། དམིགས་པའི་མཚན་མ་དང་། གཞིའི་མཚན་མ་གང་གིས་སེམས་ཕྱི་རོལ་དུ་རྣམ་པར་གཡེང་བར་བྱེད་པའོ༎

4.སོ་སོར་སྟོན་པར་བྱ་བའི་མཚན་མའོ༎