དམག་དཔུང་ཡན་ལག་གཅིག་པ་ནས་བཞི་པ་བར་ཚན་པ་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-10-19 08:59ལ་འགྲུབ།

དམག་དཔུང་ཡན་ལག་གཅིག་པ་ནས་བཞི་པ་བར་ཚན་པ་བཞི།

འདུལ་བ་རྣམ་པར་འབྱེད་པ་ལས་བྱུང་བའི་དམག་དཔུང་ཡན་ལག་གཅིག་པ་ནས་བཞི་པ་བར་ཚན་པ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《འདུལ་བ་ཇ་པ》ཤ259བ6ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འདུལ་བ་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ།

1.དམག་དཔུང་ཡན་ལག་གཅིག་པ་ནི། གླང་པོ་ཆེའི་ཚོགས་སོ༎

2.དམག་དཔུང་ཡན་ལག་གཉིས་པ་ནི། གླང་པོ་ཆེའི་ཚོགས་དང་རྟ་པའི་ཚོགས་སོ༎

3.དམག་དཔུང་ཡན་ལག་གསུམ་པ་ནི། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་སོ༎

4.དམག་དཔུང་ཡན་ལག་བཞི་པ་ནི། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་སོ༎