མུ་སྟེགས་བྱེད་ཀྱི་མྱ་ངན་ལས་འདས་པ་རྣམ་པ་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-10-19 09:18ལ་འགྲུབ།

མུ་སྟེགས་བྱེད་ཀྱི་མྱ་ངན་ལས་འདས་པ་རྣམ་པ་བཞི།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བའི་མུ་སྟེགས་བྱེད་ཀྱི་མྱ་ངན་ལས་འདས་པ་རྣམ་པ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ཅ་པ》ཤ168བ1ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ།

1.དངོས་པོའི་རང་བཞིན་མེད་པའི་མྱ་ངན་ལས་འདས་པ།

2.མཚན་ཉིད་སྣ་ཚོགས་ཀྱི་དངོས་པོ་མེད་པའི་མྱ་ངན་ལས་འདས་པ།

3.རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པར་རྟོགས་པའི་མྱ་ངན་ལས་འདས་པ།

4.ཕུང་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་རྒྱུད་ཀྱི་རྒྱུན་ཆད་པའི་མྱ་ངན་ལས་འདས་པའོ༎

དེ་དག་གི་མུ་སྟེགས་བྱེད་རྣམས་ཀྱི་མྱ་ངན་ལས་འདས་པ་ཡིན་ཏེ། ངའི་གསུང་རབ་ལ་མ་ཡིན་ནོ༎ ངའི་གསུང་རབ་ལ་ནི། རྣམ་པར་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པར་བྱེད་པའི་མྱ་ངན་ལས་འདས་པ་ཞེས་བྱའོ༎