རིན་གོང་དཔང་ཉན་ཚོགས་འདུ།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal ནས 2021-10-15 09:59ལ་འགྲུབ།
རིན་གོང་དཔང་ཉན་ཚོགས་འདུ་ནི་རིན་གོང་དཔུང་ཉན་བྱེད་པའི་རྣམ་པ་གཙོ་བོ་ཞིག་ཡིན་ཞིང་། དེ་ནི་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གིས་རིན་གོང་གཏན་འབེབས་བྱེད་པའི་ཚོང་ཟོག་གལ་ཆེན་གྱི་རིན་གོང་དང་ཞབས་ཞུའི་རིན་གོང་གཏན་འབེབས་དང་ལེགས་སྒྲིག་མ་བྱས་གོང་། སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་དྲང་གཞག་དང་། ཡོངས་བསྒྲགས། དྲང་གཞག་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱས་ཏེ། ཚོགས་འདུའི་རྣམ་པའི་ཐོག་ནས་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་དེའི་དགོས་ངེས་རང་བཞིན་དང་ལག་བསྟར་བྱེད་ཐུབ་མིན་ལ་རིགས་པས་ཁུངས་སྐྱེལ་བྱས་ཏེ། ཕྱོགས་སོ་སོའི་བསམ་འཆར་གང་ལེགས་ཀྱིས་ཉན་དགོས།