གཅིག་ནི་ཉན་སྒྲུབ་ཀྱི་ཁྱབ་ཁོངས་ཡིན།“མང་ཚོགས་ཀྱི་བདེ་རྩར་ཐུག་པའི་སྤྱི་སྤྱོད་བྱ་གཞག་གི་རིན་གོང་དང་། སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་རིན་གོང་། རང་བྱུང་སྒེར་སྡེམ་གཉེར་སྐྱོང་གི་ཚོང་ཟོག་རིན་གོང་སོགས་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་རིན་གོང་གཏན་འབེབས”ཁ་གསལ་བཟོས་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་བསམ་འཆར་ཉན་འཇོག་སྔར་ལས་མང་བ་བྱེད་དགོས་པའི་རིན་གོང་ཚང་མ་ཉན་སྒྲུབ་ཀྱི་ཁྱབ་ཁོངས་སུ་བཞག་ཆོག
གཉིས་ནི་རིན་གོང་ཉན་སྒྲུབ་ཚོགས་འདུའི་གཙོ་སྐྱོང་ལས་ཁུངས་ཡིན།《རིན་གོང་སྐོར་གྱི་བཅའ་ཁྲིམས》ཀྱིས་གཏན་འབེབས་བྱས་དོན། རིན་གོང་ཉན་སྒྲུབ་ཚོགས་འདུ་འཚོག་རྒྱུ་དེ་སྲིད་གཞུང་གི་རིན་གོང་གཙོ་གཉེར་སྡེ་ཁག་གིས་གཙོ་སྐྱོང་བྱ་དགོས། དེ་ནི་གཙོ་བོ་སྔར་ལས་དྲང་གཞག་གི་སྒོ་ནས་བསམ་འཆར་ཉན་འཇོག་དང་། སྡེ་ཁག་ཁ་ཤས་ཀྱིས་རིན་གོང་གཏན་འབེབས་བྱ་རྒྱུ་དེ་རང་ཉིད་ཀྱི་སྡེ་ཁག་གི་ཁེ་ཕན་དང་ཆ་ཤས་ཀྱི་ཁེ་ཕན་དང་ཟུང་འབྲེལ་བྱ་རྒྱུ་སྔོན་འགོག་བྱེད་ཆེད་ཡིན།
གསུམ་ནི་བསམ་འཆར་བསྡུ་ལེན་བྱ་ཡུལ་ཡིན།《རིན་གོང་སྐོར་གྱི་བཅའ་ཁྲིམས》ནང་འཛད་སྤྱོད་པ་དང་། གཉེར་སྐྱོང་བྱེད་མཁན། འབྲེལ་ཡོད་ཕྱོགས་བཅས་ལ་གཏན་འབེབས་བྱས་ཡོད། དེ་ནི་རིན་གོང་གཏན་འབེབས་བྱེད་པ་དང་དེའི་ཁེ་ཕན་ལ་ཐད་ཀའི་འབྲེལ་བ་ཡོད་པས་ངེས་པར་དུ་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོ་བདག་གི་འཐུས་མིར་བསམ་འཆར་འདོན་པའི་དབང་ཆ་ཡོད་པར་འགན་སྲུང་བྱ་དགོས་པ་དང་། དུས་མཚུངས་སུ་རིན་གོང་ཁུངས་སྐྱེལ་དག་འབུད་ཚོགས་འདུ་འཚོགས་པ་ནི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་ལ་ཉན་པའི་ཆེད་དུ་ཡིན་པ་མ་ཟད། དེ་བས་གལ་ཆེ་བ་ནི་རྒྱ་ཆེའི་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་ཡིན།
བཞི་ནི་རིགས་པས་ཁུངས་སྐྱེལ་གྱི་ནང་དོན་ཡིན།《རིན་གོང་བཅའ་ཁྲིམས》ནང་གཏན་འབེབས་བྱས་པའི་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་གི་དགོས་ངེས་རང་བཞིན་དང་ལག་བསྟར་བྱེད་འཐུས་རང་བཞིན་ཡིན་ཞིང་། དེའི་ནང་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་ལུགས་མཐུན་ཡིན་མིན་དང་། དོན་དངོས་དང་མཐུན་མིན། རྒྱལ་ཁབ་ཀྱི་ཁེ་ཕན་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་མཐུན་མིན་སོགས་ཀྱི་ནང་དོན་ཚུད་ཡོད།