རིན་གོང་དཔལ་འབྱོར་རིག་པ།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2021-10-15 09:17ལ་འགྲུབ།

རིན་གོང་དཔལ་འབྱོར་རིག་པ།

རིན་གོང་དཔལ་འབྱོར་རིག་པ།
རིན་གོང་དཔལ་འབྱོར་རིག་པ་ནི་ཚོང་ཟོང་རིན་གོང་གི་གྲུབ་ཚུལ་དང་འགྱུར་བའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་དཔལ་འབྱོར་རིག་པའི་ནང་གསེས་ཀྱི་ཆ་ཤས་ཤིག་ཡིན། རིན་ཐང་ནི་རིན་གོང་གི་རྨང་གཞི་ཡིན་པ་དང་། རིན་གོང་ནི་རིན་ཐང་གི་དངུལ་ལོའི་མཚོན་ཚུལ་ཞིག་ཡིན། རིན་གོང་དཔལ་འབྱོར་རིག་པས་གཞུང་ལུགས་སྤྱད་དེ་རིན་གོང་གྲུབ་ཚུལ་གྱི་དོན་དངོས་རྨང་གཞི་དང་ལོ་རྒྱུས་ཀྱི་འཕེལ་རིམ་གསལ་བཤད་བྱ་དགོས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
价格经济学
རིགས་དབྱེ།
ཆེད་སྤྱོད་ཐ་སྙད།
བྱ་ཡུལ།
རིག་ཚན།
1 ངོ་སྤྲོད།

དེང་རབས་ཀྱི་རིན་གོང་དཔལ་འབྱོར་རིག་པ་ནི་ལོ་ན་གཞོན་ཞིང་འཕེལ་རྒྱས་དང་འཐུས་ཚང་དུ་འགྲོ་བཞིན་པའི་རིག་ཚན་ཞིག་ཡིན། རིན་གོང་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་དུ་རིན་གོང་གྲུབ་པའི་ཆོས་ཉིད་དང་། རིན་གོང་འགྱུར་ལྡོག་གི་ཆོས་ཉིད། རིན་གོང་བསྡུར་ཚད་དང་རིན་ཁྱད་དེ་བཞིན་རིན་གོང་གི་འདེགས་ཤིང་ཇི་ལྟར་སྤྱད་དེ་ཐོན་སྐྱེད་གཉེར་སྐྱོང་ལ་ཞབས་འདེགས་ཞུ་བ་སོགས་ཚུད་ཡོད། ཚོང་ཟོག་གི་རིན་ཐང་དེ་ཐོན་སྐྱེད་བྱ་རིམ་གསར་སྐྲུན་བྱས་ཡོད་ཀྱང་བརྗེ་རེས་བྱེད་པར་བརྟེན་ནས་འགྲོ་རྒྱུག་བྱ་རིམ་ནང་མངོན་འགྱུར་བྱ་དགོས་པས། དེས་ཚོང་རའི་མཁོ་སྤྲོད་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཚོད་འཛིན་འཁུར་རྒྱུ་གཡོལ་ཐབས་མེད་པར་བརྟེན། ཚོང་ཟོག་གི་རིན་གོང་དེ་རིན་ཐང་དང་རྦད་དེ་གཅིག་མཐུན་ཡོང་དཀའ་བས། གང་ལྟར་ཚད་མི་འདྲ་བའི་ལས་འཛོལ་ཡོང་སྲིད། དེར་བརྟེན་རིན་ཐང་གི་ཐག་གཅོད་དང་རིན་ཐང་མངོན་འགྱུར་བྱེད་པའི་བར་གྱི་འགལ་བར་ངོས་འཛིན་བྱ་དགོས་པ་དང་། བརྗེ་རེས་བྱེད་སྐབས་རིན་གོང་དང་རིན་ཐང་ཕན་ཚུན་གཅིག་མཐུན་དང་ཕན་ཚུན་བྲལ་བའི་འགུལ་སྐྱོད་ཀྱི་ཆོས་ཉིད་རང་བཞིན་གསལ་བཤད་བྱ་དགོས།        

དངོས་ཡོད་ཀྱི་དཔལ་འབྱོར་འཚོ་བའི་ནང་ཚོང་ཟོག་སྣ་ཚོགས་ཀྱི་རིན་གོང་ཕན་ཚུན་བར་འབྲེལ་མཐུད་ཀྱི་འབྲེལ་བ་རབ་དང་རིམ་པ་ཡོད་དེ། གཞུང་ཕྱོགས་ཀྱི་འབྲེལ་བ་ཡོད་པའི་རིན་གོང་གི་ཁྱད་པར་གྱི་འབྲེལ་བ་ཡོད་ལ། འཕྲེད་ཕྱོགས་ཀྱི་འབྲེལ་བའི་རིན་གོང་བསྡུར་ཚད་ཀྱི་འབྲེལ་བའང་ཡོད། རིན་གོང་འགུལ་སྐྱོད་ལ་ཆུ་ཚད་ཀྱི་འགྱུར་ལྡོག་འབྱུང་བ་མ་ཟད། ད་དུང་མུ་འབྲེལ་འགྱུར་འབྱུང་སྣ་ཚོགས་འབྱུང་སྲིད། འབྲེལ་བ་དེ་རིགས་ངོས་འཛིན་བྱ་དགོས་ན་འཆར་གཞི་ལྡན་པའི་ཚོང་ཟོག་དཔལ་འབྱོར་དང་མཐུན་པའི་རིན་གོང་མ་ལག་ལུགས་མཐུན་ཞིག་ལ་ཞིབ་འཇུག་བྱ་དགོས། རིན་གོང་འགུལ་སྐྱོད་ལ་འཚོལ་ཞིབ་བྱེད་པའི་དམིགས་ཡུལ་ནི་རིན་གོང་འགུལ་སྐྱོད་ཀྱི་ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པར་བྱས་ཏེ། རིན་གོང་གི་བཀན་ཤིང་གི་ནུས་པ་འདོན་སྤེལ་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་ལ་ཞབས་འདེགས་ཞུ་བ་དང་། དེ་ནས་རིན་གོང་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་དང་ཞིབ་འཇུག་གི་དམིགས་ཡུལ་གཉིས་གཅིག་གྱུར་ཡོང་བའི་ཆེད་དུ་ཡིན།      

2 རིགས་པའི་གཞུང་ལུགས་ཀྱི་འཕེལ་རྒྱས།

སྤྱི་ལོའི་སྔོན་གྱི་དུས་རབས5པར་ལི་ཀྲུའུ་ཡིས་ཕིན་ཀྲེང་གིས་བཤད་རྒྱུར། སྲིད་གཞུང་གིས་འབྲུ་རིགས་རིན་གོང་དམའ་བའི་སྐབས་སུ་ཉོ་སྒྲུབ་དང་། འབྲུ་གོང་མཐོ་བའི་སྐབས་སུ་ཕྱིར་འཚོང་བྱེད་པ་དང་། འབྲུ་རིགས་འདོན་འཇུག་བྱས་ནས་འབྲུ་རིགས་ཀྱི་རིན་གོང་བརྟན་པོ་ཡོང་བ་དང་མཁོ་སྤྲོད་སྙོམས་སྒྲིག་བྱེད་པའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོའི་གནའ་རབས་ཀྱི་བསམ་བློ་བས་རིན་གོང་གཞུང་ལུགས་ལ་འཚོལ་ཞིབ་དང་ཞིབ་འཇུག་བྱས་མོད། འོན་ཀྱང་ཀྲུང་གོ་དུས་ཡུན་རིང་པོར་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་རང་སོར་གནས་པ་དང་། ཚོང་ཟོག་དཔལ་འབྱོར་དར་རྒྱས་བྱུང་མེད་པ། རིན་གོང་གི་གཞུང་ལུགས་དེ་སྲིད་གཞུང་གིས་ཇི་ལྟར་བྱས་ནས་ཟོག་གོང་བརྟན་པོ་ཡོང་བ་དང་། ཚད་ལྡན་གྱི་གཞུང་ལུགས(ཆ་སྙོམས་ཤོར་བ་དང་འདྲ་མཉམ་སྨྲ་བ་ལ་གསལ)དཔྱད་བསྡུར་བྱེད་པ་ཁོ་ན་ཙམ་ཡིན།      

ནུབ་ཕྱོགས་ཀྱི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་དུས་སྐབས་སུ་རིན་གོང་གི་རིགས་པའི་གཞུང་ལུགས་ཀྱང་དར་རྒྱས་ཆེན་པོ་བྱུང་མེད། མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཚོང་ཟོག་གི་འབྲེལ་བ་དེ་སྤྱི་ཚོགས་ཀྱི་དཔལ་འབྱོར་འཚོ་བའི་ཕྱོགས་གང་སར་ཁྱབ་པ་དང་། རིན་གོང་གྲུབ་པའི་རྨང་གཞི་འཚོལ་ཞིབ་བྱེད་པའི་རིན་ཐང་སྨྲ་བ་དེ་དཔལ་འབྱོར་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། དཔལ་འབྱོར་རིག་པའི་ཁྲོད་ཀྱི་གྲུབ་མཐའ་མི་འདྲ་བ་ནི་སྤྱིར་བཏང་དུ་རིན་ཐང་ལ་ངོས་འཛིན་མི་འདྲ་བ་བྱས་ནས་དབྱེ་འབྱེད་བྱེད་ཀྱི་ཡོད། གནའ་བོའི་དཔལ་འབྱོར་རིག་པ་བW.ཕེ་ཏི་དང་། A.སི་སྨི། D.ལི་ཅ་ཐུའུ་སོགས་ཀྱིས་བེད་སྤྱོད་རིན་ཐང་དང་བརྗེ་རེས་རིན་ཐང་། རིན་ཐང་བཅས་སོ་སོར་ཕྱེ་ནས་ངལ་རྩོལ་རིན་ཐང་སྨྲ་བར་རྨང་གཞི་བཏིང་བ་དང་། མར་ཁེ་སིའི་རིང་ལུགས་ཀྱི་ངལ་རྩོལ་རིན་ཐང་གི་གཞུང་ལུགས་ཀྱིས་རིན་གོང་གྲུབ་པའི་གསང་བ་གསལ་སྟོན་བྱས་ཡོད། འབྱོར་ལྡན་གྲལ་རིམ་གྱི་ཐ་མལ་བའི་དཔལ་འབྱོར་རིག་པ་འདྲ་མིན་སྣ་ཚོགས(འབྱོར་ལྡན་གྲལ་རིམ་གྱི་དཔལ་འབྱོར་རིག་པར་གསལ)ཀྱིས་ཐོན་སྐྱེད་འགྲོ་གྲོན་གྱི་གཞུང་ལུགས(J.-B.ས་དབྱིར་གསལ།)དང་མཐའ་མཚམས་ཀྱི་ཕན་ནུས་གཞུང་ལུགས(མཐའ་རྒྱའི་ཕན་ནུས་རིག་པའི་གྲུབ་མཐའ་མཐོང)སོགས་ཀྱིས་ངལ་རྩོལ་རིན་ཐང་གི་གཞུང་ལུགས་ལ་ངོ་རྒོལ་བྱེད་ཀྱིན་ཡོད། དུས་མཚུངས་སུ་རིན་གོང་འགུལ་སྐྱོད་ཀྱི་ཆོས་ཉིད་རང་བཞིན་དང་། ཚོང་ཟོག་མཁོ་སྤྲོད་དང་ཚོང་ཟོག་གི་རིན་གོང་འབྲེལ་བ། འགྲན་རྩོད་ཡོངས་སུ་བྱེད་པའི་ཆ་རྐྱེན་འོག་དང་དེ་བཞིན་འགྲན་རྩོད་ཡོངས་སུ་མི་བྱེད་པའི་ཆ་རྐྱེན་འོག་མཁོ་སྤྲོད་ཀྱིས་རིན་གོང་ལ་ཤུགས་རྐྱེན་མི་འདྲ་བ་ཐེབས་པར། རིན་ཐང་གི་རིགས་པའི་གཞུང་ལུགས་མི་འདྲ་བར་གཞིགས་ནས་རིན་གོང་གི་རིགས་པའི་གཞུང་ལུགས་མི་འདྲ་བ་ཡོད། ཉེ་རབས་ནུབ་ཕྱོགས་ཀྱི་རིན་གོང་གཞུང་ལུགས་རིམ་བཞིན་རྩིས་གྲངས་ཅན་དུ་འཕེལ་རྒྱས་བྱུང་ཡོད།              

3 ཞིབ་འཇུག་བྱ་ཡུལ།

འཆར་ལྡན་ཚོང་ཟོག་དཔལ་འབྱོར་ཁྲོད་ཀྱི་རིན་གོང་གཞུང་ལུགས་ལ་ཞིབ་འཇུག་དང་དཔྱད་བསྡུར་བྱས་པ་བརྒྱུད་ཀྲུང་གོས་རིམ་བཞིན་རིན་གོང་དཔལ་འབྱོར་རིག་པ་བཙུགས། དེ་ནི་ལོ་ན་གཞོན་པའི་འཕེལ་རྒྱས་དང་འཐུས་ཚང་གི་རིག་ཚན་ཞིག་ཡིན།རིན་གོང་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་གཤམ་གསལ་ཏེ།    

① རིན་གོང་གྲུབ་ལུགས།

རིན་ཐང་ནི་རིན་གོང་གི་རྨང་གཞི་ཡིན་པ་དང་།རིན་གོང་ནི་རིན་ཐང་གི་དངུལ་ལོར་མཚོན་ཚུལ་ཡིན། རིན་གོང་དཔལ་འབྱོར་རིག་པས་རིགས་པའི་གཞུང་ལུགས་ཐོག་ནས་རིན་གོང་གྲུབ་པའི་ཕྱི་རོལ་ཡུལ་གྱི་རྨང་གཞི་དང་དེའི་ལོ་རྒྱུས་ཀྱི་འཕོ་འགྱུར་གསལ་བཤད་བྱ་དགོས། 

② རིན་གོང་འགུལ་སྐྱོད་ཆོས་ཉིད།

ཚོང་ཟོག་གི་རིན་ཐང་དེ་ཐོན་སྐྱེད་བྱ་རིམ་གསར་སྐྲུན་བྱས་ཡོད་ཀྱང་བརྗེ་རེས་བྱེད་པར་བརྟེན་ནས་འགྲོ་རྒྱུག་བྱ་རིམ་ནང་མངོན་འགྱུར་བྱ་དགོས་པས། དེས་ཚོང་རའི་མཁོ་འདོན་གྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཚོད་འཛིན་འཁུར་རྒྱུ་གཡོལ་ཐབས་མེད་པར་བརྟེན། ཚོང་ཟོག་གི་རིན་གོང་དེ་རིན་ཐང་དང་རྦད་དེ་གཅིག་མཐུན་ཡོང་དཀའ་བས།གང་ལྟར་ཚད་མི་འདྲ་བའི་ལས་འཛོལ་ཡོང་སྲིད། དེར་བརྟེན་རིན་ཐང་གི་ཐག་གཅོད་དང་རིན་ཐང་མངོན་འགྱུར་བྱེད་པའི་བར་གྱི་འགལ་བར་ངོས་འཛིན་བྱ་དགོས་པ་དང་། བརྗེ་རེས་བྱེད་སྐབས་རིན་གོང་དང་རིན་ཐང་ཕན་ཚུན་གཅིག་མཐུན་དང་ཕན་ཚུན་བྲལ་བའི་འགུལ་སྐྱོད་ཀྱི་ཆོས་ཉིད་རང་བཞིན་གསལ་བཤད་བྱ་དགོས།

③ རིན་གོང་བསྡུར་ཁྱད་དང་གོང་ཁྱད།

དངོས་ཡོད་ཀྱི་དཔལ་འབྱོར་འཚོ་བའི་ནང་ཚོང་ཟོག་སྣ་ཚོགས་ཀྱི་རིན་གོང་ཕན་ཚུན་བར་འབྲེལ་མཐུད་ཀྱི་འབྲེལ་བ་རབ་དང་རིམ་པ་ཡོད་དེ། གཞུང་ཕྱོགས་ཀྱི་འབྲེལ་བ་ཡོད་པའི་རིན་གོང་གི་ཁྱད་པར་གྱི་འབྲེལ་བ་ཡོད་ལ། འཕྲེད་ཕྱོགས་ཀྱི་འབྲེལ་བའི་རིན་གོང་བསྡུར་ཚད་ཀྱི་འབྲེལ་བའང་ཡོད། རིན་གོང་འགུལ་སྐྱོད་ལ་ཆུ་ཚད་ཀྱི་འགྱུར་ལྡོག་འབྱུང་བ་མ་ཟད། ད་དུང་མུ་འབྲེལ་འགྱུར་འབྱུང་སྣ་ཚོགས་འབྱུང་སྲིད། འབྲེལ་བ་དེ་རིགས་ངོས་འཛིན་བྱེད་བསམས་ན་འཆར་གཞི་ཡོད་པའི་ཚོང་ཟོག་དཔལ་འབྱོར་དང་མཐུན་པའི་རིན་གོང་མ་ལག་ལུགས་མཐུན་ཞིག་ལ་ཞིབ་འཇུག་བྱ་དགོས།  

④ རིན་གོང་འཇའ་ཤིང་སྤྱོད་པ།

རིན་གོང་འགུལ་སྐྱོད་ལ་འཚོལ་ཞིབ་བྱེད་པའི་དམིགས་ཡུལ་ནི་རིན་གོང་འགུལ་སྐྱོད་ཀྱི་ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པར་བྱས་ཏེ། རིན་གོང་འཇའ་ཤིང་གི་ནུས་པ་འདོན་སྤེལ་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་ལ་ཞབས་འདེགས་ཞུ་བ་དང་། དེ་ནས་རིན་གོང་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་དང་ཞིབ་འཇུག་གི་དམིགས་ཡུལ་གཉིས་གཅིག་གྱུར་ཡོང་བའི་ཆེད་དུ་ཡིན།

4 རིག་ཚན་གྱི་གྲུབ་ཆ།

རིན་གོང་དཔལ་འབྱོར་རིག་པའི་རིག་ཚན་གྱི་གྲུབ་ཆ་གཙོ་བོ་ནི། 

① ཕྱོགས་བསྡུས་རིན་གོང་རིག་པ།

ཆེད་དུ་རིན་གོང་གཞུང་ལུགས་ཀྱི་ཐུན་མོང་རང་བཞིན་གྱི་གནད་དོན་འཚོལ་ཞིབ་བྱེད་པའི་རིག་ཚན་དཔེར་ན་རིན་གོང་རིག་པའི་རྩ་བའི་རིགས་པ། 

② སྡེ་ཁག་རིན་གོང་རིག་པ།

རྒྱལ་དམངས་དཔལ་འབྱོར་གྱི་སྡེ་ཁག་སོ་སོ་དང་ལས་རིགས་སོ་སོའི་རིན་གོང་གནད་དོན་ལ་ཞིབ་འཇུག་བྱེད་པའི་རིག་ཚན། བཟོ་ལས་ཐོན་རྫས་ཀྱི་རིན་གོང་རིག་པ་དང་། ཞིང་ལས་ཐོན་རྫས་ཀྱི་རིན་གོང་རིག་པ། ཚོང་ལས་རིན་གོང་རིག་པ། ཕྱི་ཕྱོགས་ཉོ་ཚོང་གི་རིན་གོང་རིག་པ། ཨར་ལས་ཐོན་རྫས་ཀྱི་རིན་གོང་རིག་པ་སོགས་སུ་དབྱེ་ཆོག་པ་དང་། གལ་ཏེ་སྡེ་ཁག་རྣམས་དེ་ལས་ཞིབ་ཕྲ་བགོས་ན། དེ་ལས་ཀྱང་ཆེད་གཉེར་གྱི་རིན་གོང་གནད་དོན་ལ་ཞིབ་འཇུག་བྱེད་ཐུབ། དཔེར་ན་བཟོ་ལས་ཐོན་རྫས་ཀྱི་རིན་གོང་རིག་པའི་ཐད་ལ་སྔོག་འདོན་སྡེ་ཁག་གི་སྤུས་ཚད་རིག་པ། བཟོ་ལས་ཐོན་རྫས་ཀྱི་རིན་གོང་རིག་པ་སོགས་སུ་དབྱེ་ཆོག 

③ ལོ་རྒྱུས་རིག་པའི་རིན་གོང་རིག་པ།

ལོ་རྒྱུས་འཕེལ་རྒྱས་ཀྱི་ཆ་ནས་ལོ་རྒྱུས་དུས་སྐབས་སོ་སོའི་རིན་གོང་གནད་དོན་གྱི་རིག་ཚན། དེར་རིགས་གཉིས་ཡོད་དེ། གཅིག་ནི་རིན་གོང་ལམ་ལུགས་ཀྱི་ཕྱོགས་ནས་བསམ་བློ་བཏང་བ་སྟེ། དཔེར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟོག་གོང་ལོ་རྒྱུས་དང་། ཀྲུང་གོའི་ཉེ་རབས་ཀྱི་ཟོག་གོང་ལོ་རྒྱུས། ཀྲུང་གོའི་དེང་རབས་ཀྱི་ཟོག་གོང་ལོ་རྒྱུས་སོགས་དང་། རིགས་གཞན་ཞིག་ནི་གཞུང་ལུགས་འཕེལ་རྒྱས་ཀྱི་ཕྱོགས་ནས་ཞིབ་འཇུག་བྱས་པ་ཞིག་ཡིན་པ་དཔེར་ན། ཀྲུང་གོའི་རིན་གོང་རིག་པའི་ལོ་རྒྱུས་དང་ཕྱི་རྒྱལ་གྱི་རིན་གོང་རིག་པའི་ལོ་རྒྱུས་ལྟ་བུ་ཡིན། 

④ ཡོ་བྱད་རིན་གོང་རིག་པ།

རིན་གོང་དཔལ་འབྱོར་རིག་པ་དེ་ལག་ཆའི་རང་བཞིན་གྱི་རིག་ཚན་ཁྲོད་དུ་འདྲེས་ནས་གྲུབ་པའི་རིག་ཚན་ཏེ། དཔེར་ན་རིན་གོང་སྡོམ་རྩིས་རིག་པ་སོགས་ལྟ་བུ། 

⑤ གཤིབ་སྡུར་རིན་གོང་རིག་པ།

རྒྱལ་ཁབ་ཁག་གི་རིན་གོང་གཞུང་ལུགས་དང་ལག་ལེན་ལ་ཞིབ་བསྡུར་ཞིབ་འཇུག་བྱེད་པའི་རིག་ཚན་དཔེར་ན། ཕྱི་རྒྱལ་གྱི་རིན་གོང་དོ་དམ་ལམ་ལུགས་སམ་ཡང་ན་སུའུ་ལེན་ཡོ་རོབ་ཤར་མའི་རྒྱལ་ཁབ་ཀྱི་རིན་གོང་དོ་དམ་ལམ་ལུགས་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རིན་གོང་དོ་དམ་ལམ་ལུགས་སོགས་སུ་དབྱེ་ཡོད།

5 ཞིབ་འཇུག་བྱེད་ཐབས།

རིན་གོང་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་པར་རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་ཀྱི་ལྟ་བའི་ཁྲིད་སྟོན་འོགརིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དང་། སྤྱི་ཁོག་དབྱེ་ཞིབ་དང་ཕྲ་མཐོང་དབྱེ་ཞིབ་ཟུང་འབྲེལ། འཇགས་རྣམ་དབྱེ་ཞིབ་དང་འགུལ་རྣམ་དབྱེ་ཞིབ་ཟུང་འབྲེལ། ངོ་བོ་གཏན་ཁེལ་དབྱེ་ཞིབ་དང་གྲངས་ཚད་དབྱེ་ཞིབ་ཟུང་འབྲེལ་བཅས་ཀྱི་བྱེད་ཐབས་སྤྱོད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ན་གཞི་ནས་རྨོངས་ཚོད་ཀྱི་རང་བཞིན་སྔོན་འགོག་བྱེད་ཐུབ་པ་དང་། ཕྱི་རོལ་ཡུལ་གྱི་དོན་དངོས་གཞིར་བཟུང་ནས་རིན་གོང་གིས་མཚོན་པའི་དཔལ་འབྱོར་འབྲེལ་བ་མཐུན་སྦྱོར་བྱས་ཏེ་འབེན་ཡོད་སར་མདའ་འཕེན་པའི་སྒོ་ནས་རིན་གོང་འགུལ་སྐྱོད་ཁྲོད་ཀྱི་གནད་དོན་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་ཐུབ་པ་དང་། སྤྱི་ཁོག་ནས་དབྱེ་ཞིབ་དང་བྱེ་བྲག་གི་དབྱེ་ཞིབ་ཟུང་འབྲེལ་བྱས་ན། ད་གཟོད་ཕྱོགས་རེ་བའི་རང་བཞིན་སྔོན་འགོག་བྱེད་ཐུབ་པ་དང་། ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱེད་པ་མ་ཟད་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་ཐུབ། འཇགས་རྣམ་དབྱེ་ཞིབ་དང་འགུལ་རྣམ་དབྱེ་ཞིབ་ཟུང་འབྲེལ་བྱས་ན། ད་གཟོད་གས་སྲུབས་རང་བཞིན་སྔོན་འགོག་བྱེད་ཐུབ་པ་དང་། མ་ལག་དང་འཕེལ་རྒྱས་ཀྱི་སྒོ་ནས་རིན་གོང་འགུལ་སྐྱོད་ཀྱི་འབྱུང་ལུགས་འབྱུང་སྟངས་ཁོང་དུ་ཆུད་པར་བྱེད་ཐུབ། ངོ་བོ་གཏན་ཁེལ་དབྱེ་ཞིབ་དང་གྲངས་ཚད་གཏན་ཁེལ་དབྱེ་ཞིབ་ཟུང་འབྲེལ་བྱས་ན། ད་གཟོད་སྤྱིར་བཏང་ཅན་དུ་འགྱུར་བ་སྔོན་འགོག་བྱེད་ཐུབ་པ་དང་། རིན་གོང་འགུལ་སྐྱོད་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་དང་ཞིབ་ཚད་ཇེ་མཐོར་གཏོང་ཐུབ།        

6 སྙོམས་སྒྲིག

དཔལ་འབྱོར་རིག་པའི་དོན་སྙིང་ཐོག་ནས་བཤད་ན། རིན་གོང་ཁུངས་སྐྱེལ་དག་འབུད་ཚོགས་འདུ་ནི་སྲིད་གཞུང་གིས་སྒེར་སྡེམ་བྱེད་ཚད་ཅུང་མཐོ་བའི་ལས་རིགས་ལ་དོ་དམ་བྱེད་སྟངས་ལེགས་བཅོས་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱིའི་ཕན་བདེ་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་ངེས་པར་དུ་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གིས་རིན་གོང་ཁུངས་སྐྱེལ་དག་འབུད་བྱ་རྒྱུའི་རྣམ་གྲངས་ཀྱི་དཀར་ཆག་ནང་རྣམ་གྲངས་བཞི་ཚུད་ཡོད་པ་སྟེ།(གཅིག)གྲོང་མིའི་འཚོ་བའི་གློག་སྤྱོད་རིན་གོང་དང་། (གཉིས)ལྕགས་ལམ་འགྲུལ་པ་སྐྱེལ་འདྲེན་གྱི་གཞི་འཛིན་སའི་སྤ་སེའི་རིན་གོང་གི་ཚད།(གསུམ)དམངས་སྤྱོད་མཁའ་འགྲུལ་འགྲུལ་པ་སྐྱེལ་འདྲེན་གྱི་སྤ་སེའི་རིན་གོང་གི་ཆུ་ཚད། (བཞི)གློག་འཕྲིན་གྱི་གཞི་རྩའི་ལས་སྒོའི་འགྲོ་གྲོན་ནང་གི་གཏན་འཇགས་ཁ་པར་གྱི་ཁ་པར་གཏོང་དངུལ་དང་། ཟླ་རེའི་བོགས་གཏོང་གྲོན་དངུལ། སྒུལ་བདེའི་ཁ་པར་གྱི་འགྲོ་གྲོན། ཟླ་རེའི་བོགས་གཏོང་གྲོན་དངུལ། ས་གནས་ཀྱི་རིན་གོང་ཁུངས་སྐྱེལ་དག་འབུད་དཀར་ཆག་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པ་ཡིན་པས། ས་གནས་ཁག་མི་འདྲ་མོད། འོན་ཀྱང་རིན་གོང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་སྤྱི་སྤྱོད་བྱ་གཞག་གི་རིན་གོང་དང་། སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་རིན་གོང་། རང་བྱུང་སྒེར་སྡེམ་གཉེར་སྐྱོང་གི་ཚོང་ཟོག་བཅས་ཁྱབ་ཁོངས་འདི་དག་ལས་མེད།ཁྱབ་ཁོངས་འདི་དག་གི་འགྲན་རྩོད་བྱེད་ཚད་ལ་བལྟས་ན། ལ་ལ་ནི་རྣང་མ་ཐོག་ནས་ཐག་གཅོད་པ་དང་། ལ་ལ་ནི་སྒེར་སྡེམ་བྱེད་པ། འགྲན་རྩོད་ཀྱི་ཚད་མཐོ་བ་གཞི་རྩའི་ཆ་ནས་མེད་པ་རེད།         

དཔལ་འབྱོར་རིག་པས་ཚོང་རའི་རྣམ་པ་དེ་འགྲན་རྩོད་དང་། སྒེར་སྡེམ། དབང་ཆ་ཆེན་པོ་འཛིན་མཁན།  སྒེར་སྡེམ་འགྲན་རྩོད་བཅས་རིགས་བཞི་ལ་དབྱེ་ཡོད། འགྲན་རྩོད་ཚོང་ར་ལ་སྐབས་འགར་འགྲན་རྩོད་ཡོངས་སུ་བྱེད་པའི་ཚོང་ར་ཟེར་ཞིང་། དེར་ཁྱད་ཆོས་གཙོ་བོ་གསུམ་ཡོད་དེ། ཚོང་རའི་ཐོག་ཉོ་མཁན་དང་ཚོང་མཁན་མང་པོ་ཡོད། ཉོ་མཁན་སོ་སོ་དང་འཚོང་མཁན་སོ་སོས་འདོན་སྤྲོད་བྱས་པའི་དངོས་རྫས་ཕལ་ཆེར་འདྲ་མཚུངས་ཡིན། ཁེ་ལས་རང་མོས་ཀྱིས་ཚོང་རར་ཞུགས་པའམ་ཕྱིར་འབུད་བྱས་ཆོག རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་ན། འགྲན་རྩོད་ཡོངས་སུ་བྱས་པའི་མཇུག་འབྲས་དེ་སྤྱི་ཚོགས་ཀྱི་ཕན་འབྲས་ཀྱི་ཕྱོགས་ནས་བལྟས་ན་རྒྱུན་དུ་ཆེས་བཟང་བ་ཡིན། ཐོན་སྐྱེད་བྱེད་མཁན་ལ་སྤྱི་ཚོགས་ཀྱི་ཆ་སྙོམས་ཁེ་སྤོགས་ཐོབ་པ་དང་། འཛད་སྤྱོད་པར་ཐོན་རྫས(ཞབས་ཞུ)འདང་ངེས་དང་རིན་གོང་དམའ་ཤོས་ཐོབ་ཡོད། གནས་ཚུལ་འདི་འདྲའི་འོག་ཏུ་སྤྱི་ཚོགས་ཀྱི་སྤྱིའི་ཕན་བདེ་ཆེ་ཤོས་ཡིན། དངོས་ཡོད་ཀྱི་དཔལ་འབྱོར་འཚོ་བའི་ཁྲོད་དུ་ཚོང་རར་འགྲན་རྩོད་ཡོངས་སུ་བྱེད་པ་ནི་རྙེད་དཀའ་བ་ཞིག་ཡིན་པས། དཔལ་འབྱོར་རིག་པ་བ་རྣམས་ཀྱིས་རྒྱུན་དུ་ཞིང་ལས་ཐོན་རྫས(དཔེར་ན་འབྲུ་རིགས)ཚོང་རའི་དཔེ་འཇོག་གིན་ཡོད། ཐོན་རྫས་མང་ཆེ་བའི་ཚོང་རར་ཉོ་མཁན་དང་འཚོང་མཁན་མང་པོ་ཡོད་པས་ཁེ་ལས་རང་མོས་ཀྱིས་འགྲོ་འོང་བྱེད་ཆོག་མོད། འོན་ཀྱང་ཚོང་མཁན་ཁག་གིས(ཐོན་སྐྱེད་བྱེད་མཁན)མཁོ་འདོན་བྱས་པའི་དངོས་རྫས་ལ་རྟག་པར་ཁྱད་པར་ཡོད་པ་དཔེར་ན་དཔེ་དེབ་ཚོང་ར་ལྟ་བུ་རེད། དེ་བས་རྒྱུན་དུ་མཐོང་བའི་ཆ་ཚང་བའི་འགྲན་རྩོད་རྣམ་པ་འདི་རིགས་ལ“སྒེར་སྡེམ་འགྲན་རྩོད”ཟེར། སྤྱི་ཚོགས་ཀྱི་སྤྱིའི་ཕན་བདེའི་ངོས་ནས་བལྟས་ན། སྒེར་སྡེམ་འགྲན་རྩོད་དང་འགྲན་རྩོད་ལས་བྱུང་བའི་མཇུག་འབྲས་འདྲ་མཚུངས་ཡིན།         


དཔྱད་གཞིའི་ཡིག་ཆ།