ཐབས་ཇུས་ཀྱི་རྒྱབ་སྐྱོར་མ་ལགསྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-19 08:29ལ་འགྲུབ།

ཐབས་ཇུས་ཀྱི་རྒྱབ་སྐྱོར་མ་ལག

ཐབས་ཇུས་ཀྱི་རྒྱབ་སྐྱོར་མ་ལག
ཐབས་ཇུས་ཀྱི་རྒྱབ་སྐྱོར་མ་ལག་ནི་དོ་དམ་ཆ་འཕྲིན་མ་ལག་གི་ཉེར་སྤྱོད་ཐ་སྙད་གཏིང་ཟབ་ཏུ་བཏང་བ་དང་། དོ་དམ་ཆ་འཕྲིན་མ་ལག་གི་རྨང་གཞིའི་ཐོག་འཕེལ་རྒྱས་བྱུང་བའི་མ་ལག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
决策支持系统
ཕྱི་ཡིག་གི་མིང་།
Decision Support System
བསྡུས་འབྲི།
DSS
རྨང་གཞི།
ཚན་རིག་དང་། ཇུས་འགོད་རིག་པ། ཚོད་འཛིན་སྨྲ་བ།
བྱེད་ཐབས།
རྩིས་འཁོར་གྱི་ལག་རྩལ་དང་། འདྲ་བཟོས་ལག་རྩལ། ཆ་འཕྲིན་ལག་རྩལ།
བཏོན་པའི་དུས་ཚོད།
དུས་རབས20པའི་ལོ་རབས70པ།
1 འཕེལ་རྒྱས་ཀྱི་ལོ་རྒྱུས།

དུས་རབས20པའི་ལོ་རབས70པའི་ཐབས་ཇུས་རྒྱབ་སྐྱོར་མ་ལག་གི་གོ་དོན་བཏོན་པ་ནས་བཟུང་ཐབས་ཇུས་རྒྱབ་སྐྱོར་མ་ལག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

སྤྱི་ལོ1980ལོརSpragueཡིས་ཐབས་ཇུས་རྒྱབ་སྐྱོར་མ་ལག་གི་ལྷུ་ལག་གསུམ་གྱི་གྲུབ་ཚུལ་བཏོན་པ་དང་། ཐབས་ཇུས་རྒྱབ་སྐྱོར་མ་ལག་གི་གཞི་རྩའི་གྲུབ་ཚུལ་ཁ་གསལ་བྱས་ཏེ། ཐབས་ཇུས་རྒྱབ་སྐྱོར་མ་ལག་གི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བྱས།

དུས་རབས20པའི་ལོ་རབས80པའི་མཇུག་དང་ལོ་རབས90པའི་དུས་འགོར། ཐབས་ཇུས་རྒྱབ་སྐྱོར་མ་ལག་གིས་ཆེད་མཁས་པའི་མ་ལག(Expert SystemདངES)དང་ཟུང་འབྲེལ་བྱས་ཏེ། རིག་ནུས་ཐབས་ཇུས་རྒྱབ་སྐྱོར་མ་ལག(Intelligent Decision Support System, IDSS)གྲུབ་པ་རེད།

Internetཁྱབ་གདལ་བཏང་བས། དྲ་རྒྱའི་ཁོར་ཡུག་གི་ཐབས་ཇུས་རྒྱབ་སྐྱོར་མ་ལག་དེ་གྲུབ་ཆ་གསར་པའི་རྣམ་པའི་ཐོག་ནས་ཐོན་གྱིན་ཡོད། ཐབས་ཇུས་རྒྱབ་སྐྱོར་མ་ལག་གི་ཐབས་ཇུས་ཐོན་ཁུངས་དཔེར་ན། གཞི་གྲངས་ཐོན་ཁུངས་དང་། དཔེ་དབྱིབས་ཐོན་ཁུངས། ཤེས་བྱའི་ཐོན་ཁུངས་བཅས་མཉམ་སྤྱོད་ཐོན་ཁུངས་སུ་བརྩིས་ནས། ཞབས་ཞུ་ཆས་ཀྱི་རྣམ་པའི་ཐོག་ནས་དྲ་རྒྱའི་ཐོག་ནས་མཉམ་སྤྱོད་ཞབས་ཞུ་མཁོ་འདོན་བྱས་ཏེ། ཐབས་ཇུས་རྒྱབ་སྐྱོར་མ་ལག་ལ་བགྲོད་ལམ་གསར་པ་ཞིག་གཏོད། དྲ་རྒྱའི་ཁོར་ཡུག་གི་ཐབས་ཇུས་རྒྱབ་སྐྱོར་མ་ལག་ནི་ཐབས་ཇུས་རྒྱབ་སྐྱོར་མ་ལག་གི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན།

2 ཁྱད་རྟགས་དང་གྲུབ་ཚུལ།

①གཙོ་བོ་དོ་དམ་མི་སྣའི་མདུན་དུ་ལྷགས་པའི་གྲུབ་ཚུལ་ཅན་གྱི་ཚད་མི་མཐོ་བ་དང་། གསལ་བཤད་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་དགོས།

②དཔེ་དབྱིབས་སམ་དབྱེ་ཞིབ་ལག་རྩལ་དང་སྲོལ་རྒྱུན་གྱི་གཞི་གྲངས་གསོག་ལེན་དང་འཚོལ་བསྡུའི་ལག་རྩལ་ཟུང་འབྲེལ།

③རྩིས་འཁོར་མ་ཡིན་པའི་ཆེད་ལས་མི་སྣ་དང་སྤེལ་རེས་གླེང་མོལ་གྱི་རྣམ་པས་བཀོལ་སྤྱོད་བྱེད་སླ་བ།

④ཁོར་ཡུག་དང་སྤྱོད་མཁན་གྱི་ཐབས་ཇུས་འགོད་པའི་ཐབས་ཤེས་ལ་འགྱུར་ལྡོག་གཏོང་བའི་བབ་བསྟུན་རང་བཞིན་དང་འཚམ་མཐུན་རང་བཞིན་ལ་ནན་བཤད་བྱེད་པ།

⑤རྒྱབ་སྐྱོར་བྱེད་པ་ནི་མཐོ་རིམ་དོ་དམ་པའི་ཚབ་བྱས་ཏེ་ཐབས་ཇུས་གཏན་འབེབས་བྱེད་པ་མིན།

3 འབྲེལ་ལྡན་ཉེར་སྤྱོད།

རྨང་གཞིའི་གཞི་གྲངས་དང་ལས་དོན་སྒྲིག་གཅོད་རིམ་པ།

སྡོམ་རྩིས་དབྱེ་ཞིབ་དོ་དམ་ལྟ་འཛིན་རིམ་པ།

རམ་འདེགས་ཇུས་འགོད་རིམ་པ།

དཔྱད་གཞིའི་ཡིག་ཆ།