འཐབ་ཇུས་ཀྱི་དོ་དམ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-18 10:08ལ་འགྲུབ།

འཐབ་ཇུས་ཀྱི་དོ་དམ།

འཐབ་ཇུས་ཀྱི་དོ་དམ།
འཐབ་ཇུས་ཀྱི་དོ་དམ་ཞེས་པ་ནི་ཁེ་ལས་ཤིག་གམ་ཡང་ན་རྩ་འཛུགས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ཁྱོན་ཡོངས་དང་། ཕུགས་རིང་གི་འཕེལ་རྒྱས་གཏོང་ཕྱོགས། དམིགས་ཚད། ལས་འགན། སྲིད་ཇུས་བཅས་དང་དེ་བཞིན་ཐོན་ཁུངས་བཀོད་སྒྲིག་ཐད་བཟོས་པའི་ཐབས་ཇུས་དང་དོ་དམ་སྒྱུ་རྩལ་ལ་ཟེར། ཁེ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན། འཐབ་ཇུས་དེ་འཆར་གཞི་ཞིག་ཏུ་མངོན་པ་དང་ཁེ་ལས་ཀྱི་དེ་སྔའི་འཕེལ་རྒྱས་ལོ་རྒྱུས་ཀྱི་ངོས་ནས་བལྟས་ཚེ་འཐབ་ཇུས་དེ་བྱེད་སྟངས་ཤིག་ཏུ་མངོན་གྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
战略管理
ཕྱི་ཡིག་གི་མིང་།
Strategic management
བྱ་ཡུལ།
ཁེ་ལས།
ཁྱད་རྟགས་གཙོ་བོ།
རྒྱུད་རིམ་རང་བཞིན་དང་། ཚན་རིག་རང་བཞིན། སྒྱུ་རྩལ་གྱི་རང་བཞིན་སོགས།
གོ་དོན།
ཁེ་ལས་ཀྱི་འཐབ་ཇུས་ལ་དོ་དམ་བྱེད་ཕྱོགས་སྐོར། ​
1 ནང་དོན་ངོ་སྤྲོད།

འཐབ་ཇུས་དོ་དམ་གྱི་ཁོངས་སུ་ཀུང་སིས་ཞིབ་ཕྲའི་དམིགས་ཡུལ་སྒྲུབ་སྐབས་ངེས་གཏན་མེད་པའི་རྒྱུ་རྐྱེན་ལ་བརྡར་ཤ་རབ་དང་རིམ་པ་བཅད་པ་ཚུད་ཡོད། ཀུང་སིས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱེད་སྒོའི་རྨང་གཞིའི་ཐོག་འཐབ་ཇུས་གཏན་འབེབས་བྱ་དགོས།

འཐབ་ཇུས་དོ་དམ་ནི་ངེས་གཏན་མེད་པའི་གོ་རིམ་ཞིག་ཡིན། རྒྱུ་མཚན་ནི་ཀུང་སིས་ཉེན་ཁ་དང་གོ་སྐབས་ཀྱི་ཁྱད་པར་ལ་གོ་བ་མི་འདྲ་བ་ཡོད།

2 ཁེ་ལས་འཐབ་ཇུས་ཀྱི་མཚན་ཉིད།

མཁས་དབང་མི་འདྲ་བ་དང་ཁེ་ལས་པའི་ལྟ་བ་མི་འདྲ་བར་གཞིགས་ན། འཐབ་ཇུས་དོ་དམ་ལ་རིགས་གཉིས་སུ་བསྡུས་ཆོག་པ་སྟེ། རྒྱ་ཆེ་བའི་འཐབ་ཇུས་དོ་དམ་དང་ཁྱབ་ཆུང་བའི་འཐབ་ཇུས་དོ་དམ་གཉིས་ཡིན།

རྒྱ་ཆེ་བའི་འཐབ་ཇུས་དོ་དམ་ནི་འཐབ་ཇུས་བེད་སྤྱད་དེ་ཁེ་ལས་ཡོངས་ལ་དོ་དམ་བྱེད་པ་དང་། དེའི་ཚབ་བྱེད་མི་སྣ་ནི་ཨན་སུའོ་ཧྥུ་ཡིན།

རྒྱ་ཆུང་ས་ནས་བཤད་ན། འཐབ་ཇུས་ཀྱི་དོ་དམ་ལ་གཤམ་གསལ་གྱི་ནང་དོན་འགའ་ཚུད་ཡོད་པ་སྟེ།

འཐབ་ཇུས་ཀྱི་དོ་དམ་ནི་ཁེ་ལས་ཀྱིས་ཡུན་རིང་གི་འཐབ་ཇུས་གཏན་འབེབས་དང་འཐབ་ཇུས་དེ་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་སྒོ་ཞིག་རེད།

འཐབ་ཇུས་ཀྱི་དོ་དམ་ནི་ཁེ་ལས་ཀྱིས་རང་ངོས་དང་ཁོར་ཡུག་གི་འབྲེལ་བ་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་རང་གི་བསམ་འདུན་མངོན་འགྱུར་བྱེད་པའི་དོ་དམ་བརྒྱུད་རིམ་ཞིག་ཡིན།

3 ནུས་པ།

བདག་གཉེར་ཁོར་ཡུག་ལ་ཞིབ་འཇུག་བྱེད་པར་མཐོང་ཆེན་བྱ་དགོས།

འཐབ་ཇུས་ལག་བསྟར་བྱེད་པར་མཐོང་ཆེན།

རྒྱུན་ལྡན་གྱི་གཉེར་སྐྱོང་དང་འཆར་གཞི་ཚོད་འཛིན་བྱེད་ཕྱོགས་སྐོར།

འཐབ་ཇུས་ཀྱི་གདེང་འཇོག་དང་གསར་སྒྱུར་ལ་མཐོང་ཆེན་བྱ་དགོས། 

4 སྔ་དུས་ཀྱི་གཏམ་བརྗོད།

ཨན་སུའོ་ཧྥུ་ཡིས་དང་ཐོག་སྤྱི་ལོ1976ལོར་དཔེ་སྐྲུན་བྱས་པའི《འཐབ་ཇུས་འཆར་འགོད་ནས་འཐབ་ཇུས་དོ་དམ་བར》ཞེས་པའི་དེབ་ནང“ཁེ་ལས་ཀྱི་འཐབ་ཇུས་དོ་དམ”བཏོན་ཡོད།

ཁོང་གིས་ངོས་འཛིན་གནང་དོན། ཁེ་ལས་ཀྱི་འཐབ་ཇུས་དོ་དམ་ཞེས་པ་ནི་ཁེ་ལས་ཀྱི་རྒྱུན་ལྡན་གྱི་ལས་སྒོའི་ཐབས་ཇུས་དང་ཡུན་རིང་གི་འཆར་གཞིའི་ཐབས་ཇུས་ཟུང་དུ་འབྲེལ་ནས་གྲུབ་པའི་གཉེར་སྐྱོང་དོ་དམ་གྱི་ལས་སྒོ་རབ་དང་རིམ་པར་ཟེར།

སྤྱི་ལོ1982ལོར་སི་ཐན་ན་ཡིས་པར་དུ་བསྐྲུན་པའི《ཁེ་ལས་ཀྱི་སྲིད་ཇུས་དང་འཐབ་ཇུས》ཞེས་པའི་དེབ་ནང་དུ། ཁེ་ལས་ཀྱི་འཐབ་ཇུས་དོ་དམ་ནི་ཁེ་ལས་ཀྱི་ལས་འགན་གཏན་འཁེལ་བྱེད་པ་དང་། ཁེ་ལས་ཀྱི་ཕྱི་རོལ་ཁོར་ཡུག་དང་ནང་ཁུལ་གཉེར་སྐྱོང་གི་རྒྱུ་རྐྱེན་ལ་གཞིགས་ནས་ཁེ་ལས་ཀྱི་དམིགས་ཚད་གཏན་འཁེལ་བྱེད་པ། དམིགས་ཚད་དོན་འཁྱོལ་ཡང་དག་བྱ་རྒྱུར་འགན་ལེན་བྱེད་པ་མ་ཟད་ཁེ་ལས་ཀྱི་ལས་འགན་མཐར་མངོན་འགྱུར་ཡོང་བའི་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་རེད།

5 རྩ་དོན་ཆེན་པོ་དྲུག

(གཅིག)ཁོར་ཡུག་གི་རྩ་དོན་དང་འཚམ་པ།

(གཉིས)བྱ་རིམ་ཧྲིལ་པོར་དོ་དམ་བྱེད་པའི་རྩ་དོན།

(གསུམ)སྤྱི་ཡོངས་ཆེས་ལེགས་པའི་རྩ་དོན།

(བཞི)ཁོངས་མི་ཡོངས་ཞུགས་པའི་རྩ་དོན།

(ལྔ)ལྡོག་འདྲེན་དག་བཅོས་བྱ་རྒྱུའི་རྩ་དོན།

(དྲུག)ཕྱི་ནས་ནང་དུ་སྤེལ་བའི་རྩ་དོན།

6 ཕམ་པའི་རྒྱུ་རྐྱེན།

ཕུགས་ཀྱི་འཕེལ་རྒྱས་འཆར་འགོད་མི་འདང་བ་དང་འཐབ་ཇུས་ཀྱི་འགྱུར་ལྡོག་མང་བ།

རྨོངས་ཚོད་ཀྱིས་ཁྲོམ་རའི་གླེང་མང་བའི་གནད་དོན་དོན་གཉེར་བྱས་ནས་ཁེ་ལས་ཀྱི་མ་འཇོག་བྱེད་ཐལ་ཤོར་བ།

འཐབ་ཇུས་ཀྱི་ཐབས་ཇུས་ལ་རང་སྣང་གང་ཤར་གྱི་རང་བཞིན་ཆེ་ཙམ་ཡོད་པས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པའི་ལམ་སྲོལ་མེད་པ།

ཚོང་ར་དང་འགྲན་རྩོད་ཀྱི་ཁོར་ཡུག་ལ་ངོས་འཛིན་དང་དབྱེ་ཞིབ་བྱ་རྒྱུ་རྨོངས་ཚོད་ཡིན་པ་དང་། ཚད་འབེབས་ཀྱི་ཕྱི་རོལ་ཡུལ་དང་མཐུན་པའི་དབྱེ་ཞིབ་བྱ་རྒྱུ་དཀོན་པ།

ཁེ་ལས་ཀྱི་འཐབ་ཇུས་འཆར་གཞི་རྣམས་ཡིག་ཐོག་གི་སྙན་ཞུའི་ནང་འགོད་རྒྱུ་ཡིན་པས་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་འཐབ་ཇུས་དམིགས་ཚད་ཁ་གསལ་མེད་པ།

ཁེ་ལས་ཀྱི་འཐབ་ཇུས་འཆར་གཞིར་མཐོ་རིམ་དང་འབྲིང་རིམ་གྱི་རྒྱབ་སྐྱོར་ནུས་ལྡན་ཐོབ་དཀའ་ལ་ཞིབ་ཕྲའི་བྱ་སྤྱོད་འཆར་གཞི་ཡང་མེད་པ་རེད།

7 འཐབ་ཇུས་ཀྱི་འཆར་འགོད།

1.མིག་སྔའི་ལས་སྒོ་དང་ལས་འགན་དབྱེ་འབྱེད་བྱེད་པ།

2.ཕྱི་ཕྱོགས་དང་ནང་ཁུལ་གྱི་རྩིས་བཤེར་བྱེད་པ།

3.ལས་སྒོ་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འོས་འགན་གསལ་བཤད་གསར་པ་འགྲུབ་པར་བྱ་དགོས།

4.ལས་འགན་དེ་དམིགས་འབེན་དུ་བསྒྱུར་དགོས།

5.འཐབ་ཇུས་གཏན་འབེབས་བྱེད་པར་བརྟེན་ནས་འཐབ་ཇུས་ཀྱི་དམིགས་འབེན་འགྲུབ་དགོས།

དཔྱད་གཞིའི་ཡིག་ཆ།