ཟོག་འདྲེན་མ་ལགསྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-18 10:07ལ་འགྲུབ།

ཟོག་འདྲེན་མ་ལག

ཟོག་འདྲེན་མ་ལག
ཟོག་འདྲེན་མ་ལག་ཅེས་པ་ནི་ཟོག་འདྲེན་ནུས་པའི་སྡེ་ཚན་གཉིས་སམ་གཉིས་ཡན་ལས་གྲུབ་ཅིང་། ཟོག་འདྲེན་ཞབས་ཞུ་ལེགས་འགྲུབ་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པའི་གཞི་མཐུན་པའི་ཚོགས་སྤྱི་ཞིག་ཡིན། ཟོག་འགྲེམས་མ་ལག་གི“ནང་འདྲེན”ཞེས་པ་ནི་ཉོ་སྒྲུབ་དང་། སྐྱེལ་འདྲེན། གསོག་འཇོག འཁོར་རྒྱུག་ལས་སྣོན། འདོན་འདྲེན། དབོར་འདྲེན། ཐུམ་སྒྲིལ། ཕྱིར་འཚོང་། ཟོག་འགྲེམས་ཆ་འཕྲིན་ཐག་གཅོད་སོགས་ཟོག་འགྲེམས་ལྷུ་ཚིགས་ལ་མཁོ་བའི་ངལ་ནུས་དང་། སྒྲིག་ཆས། རྒྱུ་ཆ། ཐོན་ཁུངས་སོགས་ཀྱི་རྒྱུ་རྐྱེན་ལ་ཟེར་ཞིང་། ཕྱི་རོལ་ཁོར་ཡུག་གིས་མ་ལག་ལ་མཁོ་འདོན་བྱེད་པའི་བརྒྱུད་རིམ་ལ་ཟེར། སྐྱེལ་འདྲེན་མ་ལག་ཅེས་པ་ནི་དུས་ཚོད་ངེས་ཅན་དང་བར་སྟོང་ངེས་ཅན་ཞིག་གི་ནང་དུ་སྐྱེལ་འདྲེན་བྱེད་དགོས་པའི་དངོས་རྫས་དང་། འབྲེལ་ཡོད་སྒྲིག་ཆས་དང་། སྐྱེལ་འདྲེན་ཡོ་བྱད། མཛོད་ཉར་སྒྲིག་ཆས། མི་སྣ་དང་དེ་བཞིན་འཕྲིན་གཏོང་འབྲེལ་གཏུག་སོགས་ཕན་ཚུན་ཚོད་འཛིན་བྱེད་པའི་འགུལ་རྣམ་གྱི་རྒྱུ་རྐྱེན་གཙོ་བོ་འགའ་ཤས་ལས་གྲུབ་པའི་དམིགས་བསལ་གྱི་བྱེད་ནུས་ལྡན་པའི་ཕན་ཚུན་བྲལ་ཐབས་མེད་པའི་ཚོགས་སྤྱི་ཞིག་ཡིན། ཟོག་འགྲེམས་མ་ལག་གི་རྒྱལ་ཁའི་རྒྱུ་རྐྱེན་གཙོ་བོ་ནི་ཟོག་འགྲེམས་མ་ལག་ཧྲིལ་པོ་ལེགས་སུ་གཏོང་རྒྱུ་དང་ལུགས་མཐུན་ཡོང་བ་བྱ་རྒྱུ་དེ་ཡིན་པ་མ་ཟད། སྤྱི་ཚོགས་ཀྱི་མ་ལག་ཆེན་པོའི་ཁོར་ཡུག་ལ་བསྟུན་རྒྱུ་དང་ལེགས་སུ་གཏོང་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
物流系统
ཕྱི་ཡིག་གི་མིང་།
Logistic System
རིགས།
སྐྱེ་ལྡན་ཚོགས་སྤྱི་གཟུགས།
དམིགས་ཡུལ།
ཟོག་འགྲེམས་ཞབས་ཞུ་ལེགས་འགྲུབ།
སྤྱིར་བཏང་གི་ཆོས་ཉིད།
ཟོག་འགྲེམས་མ་ལག་ནི་མཁོ་མཁན་ཞབས་ཞུའི་ཐོན་དངོས་ཡིན།
དཀར་ཆག
1   གཞི་རྩའི་ཆ་འཕྲིན།
1.1 དངོས་ཟོག་སྐྱེལ་འདྲེན་རྒྱུད་ཁོངས།
2   འཕེལ་ཕྱོགས།
2.1 ལས་རིགས་ཀྱི་གནས་ཚུལ།
2.2 ལག་རྩལ་གྱི་ཕྱོགས།
2.3 ཁྱད་ཆོས།
3   མ་དཔེ།
4   དམིགས་ཡུལ།
5   ཟོག་འགྲེམས་མ་ལག་དོ་དམ་གྱི་གལ་ཆེའི་ཕྱོགས་ལྔ་ནི།
6   དམིགས་ཡུལ།
7   དངོས་ཟོག་སྐྱེལ་འདྲེན་གྱི་རྒྱུ་རྐྱེན་གཙོ་བོ།
7.1 སྤྱིར་བཏང་རྒྱུ་རྐྱེན།
7.2 བྱེད་ལས་རྒྱུ་ཆ།
7.3 རྒྱུག་འགུལ་རྒྱུ་རྐྱེན།
8   ལེགས་བཅོས་བྱེད་ཐབས།
9   བར་སྟོང་འབྲེལ་བ།
10   བྱེད་ལས།  
10.1 སྐྱེལ་འདྲེན་གྱི་ནུས་པ།
10.2 མཛོད་ཉར་བྱེད་ལས།
10.3 ཐུམ་སྒྲིལ་གྱི་ནུས་པ།
10.4 འདོན་འཇུག་དབོར་འདྲེན་བྱེད་ནུས།
10.5 རྒྱུན་འཁོར་ལས་སྣོན་བྱེད་ནུས།
10.6 ཆ་འཕྲིན་ཞབས་ཞུའི་བྱེད་ལས།
1 གཞི་རྩའི་ཆ་འཕྲིན།
1_1 དངོས་ཟོག་སྐྱེལ་འདྲེན་རྒྱུད་ཁོངས།

རྒྱུད་ཁོངས་ཞེས་པ་ནི་གཙོ་བོ་བྱེད་ལས་ཕན་ཚུན་འབྲེལ་བའི་རྒྱུ་རྐྱེན་གཙོ་བོ་དང་། འགྱུར་ཚད། གྲུབ་ཆའམ་ཡང་ན་དམིགས་འབེན་ལས་གྲུབ་པའི་གཅིག་གྱུར་གྱི་ཚོགས་སྤྱི་ཞིག་ཡིན། མ་ལག་དོ་དམ་གྱི་སྤྱིར་བཏང་གི་རྩ་དོན་ཞིག་ཡིན་པའི་ཆ་ནས། འགྱུར་ཚད་ཁེར་རྐྱང་ལ་དོ་སྣང་བྱེད་དགོས་པ་མ་ཟད། འགྱུར་ཚད་མང་པོ་ཞིག་སྤྱི་ཡོངས་ཤིག་ཡིན་པའི་ངོས་ནས་བཤད་ན་ཇི་ལྟར་ཕན་ཚུན་ནུས་པ་ཐོན་པར་དོ་སྣང་བྱེད་དགོས།

2 འཕེལ་ཕྱོགས།
2_1 ལས་རིགས་ཀྱི་གནས་ཚུལ།

ཟོག་འདྲེན་མ་ལག་ཅེས་པ་ནི་ཟོག་འདྲེན་ནུས་པའི་སྡེ་ཚན་གཉིས་སམ་གཉིས་ཡན་ལས་གྲུབ་ཅིང་། ཟོག་འདྲེན་ཞབས་ཞུ་ལེགས་འགྲུབ་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པའི་གཞི་མཐུན་པའི་ཚོགས་སྤྱི་ཞིག་ཡིན། ཟོག་འགྲེམས་མ་ལག་གི“ནང་འདྲེན”ཞེས་པ་ནི་ཉོ་སྒྲུབ་དང་། སྐྱེལ་འདྲེན། གསོག་འཇོག འཁོར་རྒྱུག་ལས་སྣོན། འདོན་འདྲེན། དབོར་འདྲེན། ཐུམ་སྒྲིལ། ཕྱིར་ཚོང་། ཟོག་འགྲེམས་ཆ་འཕྲིན་ཐག་གཅོད་སོགས་ལྷུ་ཚིགས་ཀྱི་ངལ་ནུས་དང་། སྒྲིག་ཆས། རྒྱུ་ཆ། ཐོན་ཁུངས་སོགས་ཡིན། སྡེབ་སྐྱེལ་ལག་རྩལ་གྱི་མ་འོངས་པའི་འཕེལ་རྒྱས་ནི་དྲ་རྒྱ་ཅན་དང་རིག་ནུས་ཅན་གྱི་ཁྱད་ཆོས་ཡིན། སྤྱི་ལོ2012ལོའི་ཟླ་དང་པོ་ནས་ལྔ་པའི་བར་གཙོ་གནད་ཟོག་འགྲེམས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་དུས་མཚུངས་ལས14.1%འཕར་ནས་འཕར་ཚད་ཟླ་དང་པོ་ནས་བཞི་པའི་བར་ལས་བརྒྱ་ཆའི་གྲངས1.7ཆག་ཡོད་པ་རེད། སྔོན་དཔག་བྱས་ན་སྤྱི་ལོ2012ལོའི་ལོ་སྨད་དུ་ཀྲུང་གོའི་ཟོག་འགྲེམས་འཁོར་རྒྱུག་དལ་པོའི་ཁྲོད་བརྟན་དུ་ཕྱིན་ཏེ་ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་ཟོག་འགྲེམས་སྤྱི་འབོར11%ཙམ་འཕར་བ་དང་སྤྱི་ཚོགས་ཀྱི་ཟོག་འགྲེམས་སྤྱི་འབོར12%ཙམ་འཕར་བ་རེད། སྤྱི་ལོ2012ལོར་ཨ་རིའི་བུ་ལོན་ཉམས་ཉེན་གྱི་ཉེན་བརྡ་གཏོང་བའི་སྒྲ་གྲགས་པ་དང་ཡོ་རོབ་ཀྱི་བུ་ལོན་ཉམས་ཉེན་མུ་མཐུད་ཆེ་རུ་ཕྱིན་ཡོད། དུས་ཚིགས་གསུམ་པའི་ནང་བཟོ་ལས་རྒྱལ་ཁབ་ཆེ་གྲས་བདུན་དང་འབོ་གསེར་རྒྱལ་ཁབ་ཀྱི་ནང་འདྲེན་ཟླ་གོང་མའི་དུས་མཚུངས་ལས1%ཆག་པ་དང་ཕྱིར་གཏོང་འཕར་ཚད་ཀྱང་ཆེས་ཆེར་ཆག་ཡོད་པ་རེད།

2_2 ལག་རྩལ་གྱི་ཕྱོགས།

ཟོག་འགྲེམས་མ་ལག་གི་ལག་རྩལ་ནི་སྔོན་ཐོན་གྱི་བཟོ་སྐྲུན་ལག་རྩལ་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། འཕྲུལ་ཆས་ཇུས་འགོད་དང་། རྩིས་འཁོར་ཚན་རིག དོ་དམ་རིག་པ། རང་འགུལ་ཅན་གྱི་ཚོད་འཛིན་ལག་རྩལ་བཅས་ཚང་མ་ཕྱོགས་བསྡུས་ལག་རྩལ་ཡིན།

དུས་རབས་སྔོན་མའི་ལོ་རབས90བའི་མཇུག་ཏུ། འཛམ་གླིང་ཡོངས་ཀྱི་བཟོ་སྐྲུན་མཁན་དང་ཁག་བགོས་ཕྱིར་འཚོང་མཁན་གྱིས་མུ་མཐུད་དུ་གནོན་ཤུགས་སྣ་ཚོགས་འཁུར་བཞིན་ཡོད། དེའི་ནང་དུ། ཐོན་རྫས་ཀྱི་མངག་ཐོ་དེ་ལས་ཆུང་ཞིང་། དེ་ལས་མང་བ། ཐོན་རྫས་ཀྱི་དགོས་མཁོ་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་ཡོད་པ་མ་ཟད། སྔར་བས་སྤྱོད་མཁན་ཅན་དང་ཞབས་ཞུའི་རིན་གོང་ཇེ་མཐོར་འགྲོ་བ་སོགས་འདུག ཚོང་གཉེར་བྱེད་མཁན་རྣམས་ཀྱིས་ངེས་པར་དུ་བཟོ་གྲྭའི་འཁོར་སྐྱོད་ཀྱི་རྩིས་ཐོ་མཉམ་བསྲེས་དང་། དེ་བས་ཐུང་བའི་རྩིས་ཐོ་གཏན་འཁེལ་གྱི་འཁོར་རྒྱུག་གི་དུས་ཚོད་དང་དེ་བས་མཐོ་བའི་ཐོན་སྐྱེད་ནུས་ཤུགས་དང་འཚམ་པར་བྱ་དགོས། ངེས་པར་དུ་ཐབས་ཇུས་ངེས་ཅན་ཞིག་སྤྱད་ནས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་མཛོད་བཅུག་དོ་དམ་དང་། འཁོར་སྐྱོད་ཀྱི་མཉེན་གཤིས་དང་དེ་བཞིན་གོ་རིམ་སྣ་ཚོགས་ཀྱི་འདུས་གྲུབ་ཀྱི་ཚད་བཅས་དང་འཚམ་པ་བྱེད་དགོས།

རྩིས་འཁོར་གྱི་ཚན་རིག་དང་རང་འགུལ་ཅན་གྱི་ལག་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། དངོས་སྐྱེལ་དོ་དམ་མ་ལག་ཀྱང་སྟབས་བདེའི་རྣམ་པ་ནས་མགྱོགས་མྱུར་ངང་རང་འགུལ་ཅན་གྱི་དོ་དམ་ཕྱོགས་སུ་འཕོ་འགྱུར་འབྱུང་བཞིན་ཡོད། དེའི་མཚོན་རྟགས་གཙོ་བོ་ནི་རང་འགུལ་དངོས་སྐྱེལ་སྒྲིག་ཆས་ཡིན།

ད་ལྟའི་བར་དུ་ཟོག་འདྲེན་མ་ལག་ནི་དཔེ་མཚོན་ཅན་གྱི་དེང་རབས་འཕྲུལ་ཆས་གློག་རྡུལ་ཟུང་དུ་སྦྲེལ་བའི་མ་ལག་ཅིག་རེད། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་ནི་རང་འགུལ་ཅན་ཕྱེད་ཙམ་དང་། རང་འགུལ་ཅན། ཐ་ན་རིག་ནུས་ངེས་ཅན་ལྡན་པའི་དངོས་ཟོག་སྐྱེལ་འདྲེན་སྒྲིག་ཆས་དང་། རྩིས་འཁོར་གྱི་དངོས་ཟོག་སྐྱེལ་འདྲེན་དོ་དམ་དང་ཚོད་འཛིན་མ་ལག་ལས་གྲུབ་པ་ཡིན།

2_3 ཁྱད་ཆོས།

(གཅིག)དངོས་ཟོག་སྐྱེལ་འདྲེན་མ་ལག་གི་དངོས་ཡོད་རང་བཞིན།

(གཉིས)སྐྱེལ་འདྲེན་མ་ལག་ནི་བར་བརྒལ་རང་བཞིན་གྱི་མ་ལག་ཆེན་པོ་ཞིག་ཡིན།

(གསུམ)སྐྱེལ་འདྲེན་མ་ལག་གི་གཏན་འཇགས་རང་བཞིན་ཅུང་ཞན་ཞིང་འགུལ་རྣམ་རང་བཞིན་ཅུང་དྲག་པ།

(བཞི)སྐྱེལ་འདྲེན་མ་ལག་ནི་རིམ་པ་བར་མའི་མ་ལག་གི་ཁོངས་སུ་གཏོགས་པ།

(ལྔ)དངོས་ཟོག་སྐྱེལ་འདྲེན་མ་ལག་གི་རྙོག་འཛིང་རང་བཞིན།

(དྲུག)དངོས་ཟོག་འཁོར་རྒྱུག་མ་ལག་གི་མ་ལག་གྲུབ་ཆའི་བར་དུ་རྒྱབ་ལྡོག་གི་སྣང་ཚུལ་དྲག་པོ་ཡོད།

3 མ་དཔེ།

རྒྱུད་ཁོངས་ནི་ཕན་ཚུན་ཁྱད་པར་ཡོད་པ་མ་ཟད་ཕན་ཚུན་འབྲེལ་བའི་རྒྱུ་རྐྱེན་གཙོ་བོ་གཉིས་སམ་གཉིས་ཡན་གྱིས་དམིགས་ཡུལ་ངེས་ཅན་ཞིག་འགྲུབ་ཆེད། བྱེད་སྟངས་ངེས་ཅན་ཞིག་གིས་ཟུང་འབྲེལ་བྱས་ཏེ་གྲུབ་པའི་ཚོགས་སྤྱི་ཞིག་ཡིན། མ་ལག་གི་མཚན་ཉིད་དེར་གཞི་རྩའི་ཐོག་ནས་བསམ་འཆར་མི་མཐུན་པ་གང་ཡང་མེད། འོན་ཀྱང་ཟོག་འགྲེམས་མ་ལག་གི་རྒྱུ་རྐྱེན་གཙོ་བོའི་ནང་ནང་དོན་གང་དག་ཚུད་ཡོད་པས་པར་གཞི་མང་པོ་ཡོད། ཞིབ་འཇུག་མི་འདྲ་བར་གཞིགས་ནས་ཟོག་འགྲེམས་ཀྱི་རྒྱུ་རྐྱེན་རིགས་མི་འདྲ་བར་དབྱེ་བ་སྟེ། ཟོག་འདྲེན་གྱི་རྒྱུ་རྐྱེན་གཙོ་བོ་དང་། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ། དྲ་རྒྱའི་རྒྱུ་རྐྱེན་གཙོ་བོ་སོགས་ཡིན།

4 དམིགས་ཡུལ།

ཟོག་འགྲེམས་མ་ལག་འཛུགས་པའི་དམིགས་ཡུལ་གཙོ་བོ་ནི་ཟོག་འགྲེམས་མ་ལག་ལུགས་མཐུན་དུ་འགྱུར་བ་བྱས་ནས་སྤྱི་ཁོག་དང་བྱེ་བྲག་གི་ཕན་འབྲས་གཉིས་ཀ་ཐོབ་རྒྱུ་དེ་རེད། དངོས་ཟོག་འཁོར་རྒྱུག་མ་ལག་ལ་དོ་དམ་བྱ་དགོས། དངོས་ཟོག་འཁོར་རྒྱུག་མ་ལག་གི་སྤྱི་ཁོག་དཔལ་འབྱོར་ཕན་འབྲས་ནི་དངོས་ཟོག་འཁོར་རྒྱུག་མ་ལག་ཅིག་གིས་སྤྱི་ཚོགས་ཡོངས་ཀྱི་དཔལ་འབྱོར་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་པར་བསྟན་པ་ཡིན། དེའི་ཐད་ཀའི་མཚོན་ཚུལ་ནི་གལ་ཏེ་དངོས་ཟོག་འཁོར་རྒྱུག་མ་ལག་དེ་མ་ལག་ཅིག་གི་ངོས་ནས་དེ་ལ་ལྟ་སྟངས་བཟུང་ན། སྤྱི་ཚོགས་ཀྱི་འགྲོ་རྒྱུག་ཧྲིལ་པོ་དང་རྒྱལ་དམངས་ཀྱི་དཔལ་འབྱོར་ཕན་འབྲས་ཡོངས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད།

5 ཟོག་འགྲེམས་མ་ལག་དོ་དམ་གྱི་གལ་ཆེའི་ཕྱོགས་ལྔ་ནི།

1.དངོས་ཟོག་འཁོར་རྒྱུག་མ་ལག་དོ་དམ་གྱི་གནད་འགག་ནི་ཕྱིར་གཏོང་གི“མཇུག་འབྲས”ལ་དོ་སྣང་བྱེད་དགོས།

2.དངོས་ཟོག་སྐྱེལ་འདྲེན་མ་ལག་གི་རྒྱུ་རྐྱེན་གཙོ་བོའི་བར་དུ་ངེས་པར་དུ་གོ་རིམ་ལྟར་དོ་དམ་བྱ་དགོས།

3.དངོས་ཟོག་འཁོར་རྒྱུག་མ་ལག་གི་བཀོལ་སྤྱོད་དང་བརྒྱུད་རིམ་ལ་ངེས་པར་དུ་དགོས་མཁོ་ཡོད་དགོས།

4.དངོས་ཟོག་སྐྱེལ་འདྲེན་མ་ལག་གི་དོ་དམ་ལ་བར་སྟོང་རྒྱུ་རྐྱེན་གྱི་བཀག་རྒྱ་ཡོད།

5.དངོས་ཟོག་སྐྱེལ་འདྲེན་མ་ལག་གི་རྒྱུ་རྐྱེན་གཙོ་བོའི་བར་དུ་བསམ་གཞིགས་དོ་དམ་བྱ་དགོས།

6 དམིགས་ཡུལ།

(གཅིག)མཁོ་མཁན་ཞབས་ཞུའི་དམིགས་ཚད།

(གཉིས)མགྱོགས་མྱུར་དང་དུས་ཐོག་དམིགས་འབེན།

(གསུམ)གྲོན་ཆུང་གི་དམིགས་འབེན།

(བཞི)གཞི་ཁྱོན་ལེགས་སྒྱུར་དམིགས་འབེན།

(ལྔ)མཛོད་ཉར་སྙོམ་སྒྲིག་དམིགས་འབེན།

7 དངོས་ཟོག་སྐྱེལ་འདྲེན་གྱི་རྒྱུ་རྐྱེན་གཙོ་བོ།
7_1 སྤྱིར་བཏང་རྒྱུ་རྐྱེན།

མིའི་རྒྱུ་རྐྱེན་གཙོ་བོ་ནི་ངལ་རྩོལ་པ་ཡིན་པ་དང་། མ་ལག་ཡོད་ཚད་ཀྱི་ལྟེ་བའི་རྒྱུ་རྐྱེན་ཡིན་ལ། རྒྱུད་ཁོངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཡང་ཡིན།

རྒྱུ་ནོར་གྱི་རྒྱུ་རྐྱེན་གཙོ་བོ་ནི་ཟོག་འགྲེམས་ཁྲོད་མེད་དུ་མི་རུང་བའི་མ་དངུལ་ལ་ཟེར། མ་དངུལ་ནི་ཁེ་ལས་ཀྱི་མ་ལག་ཚང་མའི་སྒུལ་ཤུགས་ཡིན།

དངོས་པོའི་རྒྱུ་རྐྱེན་གཙོ་བོའི་ནང་ཟོག་འགྲེམས་མ་ལག་གི་ངལ་རྩོལ་བྱ་ཡུལ་ཏེ་དངོས་པོ་སྣ་ཚོགས་ཚུད་ཡོད།

ཆ་འཕྲིན་གྱི་རྒྱུ་རྐྱེན་གཙོ་བོའི་ནང་ཟོག་འགྲེམས་ཁོངས་གཏོགས་ཀྱིས་ཐག་གཅོད་བྱེད་དགོས་པའི་ཆ་འཕྲིན་ཏེ་ཟོག་འགྲེམས་ཆ་འཕྲིན་ཚུད་ཡོད།

7_2 བྱེད་ལས་རྒྱུ་ཆ།

ཟོག་འགྲེམས་མ་ལག་གི་ནུས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཟོག་འགྲེམས་མ་ལག་ལ་ལྡན་པའི་གཞི་རྩའི་ནུས་པ་དེ་ཡིན། གཞི་རྩའི་ནུས་པ་དེ་དག་ནུས་ལྡན་ངང་སྡེབ་སྒྲིག་དང་འབྲེལ་མཐུད་ཐུབ་ནས་ཟོག་འགྲེམས་མ་ལག་གི་སྤྱིའི་ནུས་པར་གྱུར་ནས་ལུགས་མཐུན་དང་ནུས་ལྡན་ངང་ཟོག་འགྲེམས་མ་ལག་གི་སྤྱིའི་དམིགས་ཡུལ་མངོན་འགྱུར་ཐུབ་ཀྱིན་ཡོད།

གཙོ་བོ་སྐྱེལ་འདྲེན་དང་། གསོག་ཉར་དོ་དམ། ཐུམ་སྒྲིལ། འདོན་འཇུག་དབོར་འདྲེན། འཁོར་རྒྱུག་ལས་སྣོན། སྡེབ་སྐྱེལ། ཟོག་འགྲེམས་ཆ་འཕྲིན་སོགས་ཚུད་ཡོད།

7_3 རྒྱུག་འགུལ་རྒྱུ་རྐྱེན།

1.རྒྱུག་གཟུགས་ནི“དངོས་པོ”ལ་ཟེར།

2.གཞི་རྟེན་ནི“དངོས་པོ”སྐྱེལ་འདྲེན་བྱེད་པའི་སྒྲིག་ཆས་དང་སྒྲིག་ཆས་དེ་དག་ལ་བརྟེན་ནས་འཁོར་སྐྱོད་བྱེད་པའི་སྒྲིག་བཀོད། དཔེར་ན། རླངས་འཁོར་དང་འགྲོ་ལམ་ལྟ་བུ།  

3.རྒྱུག་ཕྱོགས་ནི“དངོས་པོ”ཡི་སྤོ་བསྒྱུར་གྱི་ཁ་ཕྱོགས་ཡིན།

4.བཞུར་ཚད་ནི་ཟོག་འགྲེམས་ཀྱི་གྲངས་འབོར་མཚོན་ཚུལ་ཞིག་ཡིན།

5.བརྒྱུད་རིམ་ནི་ཟོག་འགྲེམས་ཐབས་ལམ་གྱི་གྲངས་འབོར་མཚོན་ཚུལ་ཏེ། ཟོག་འགྲེམས་བརྒྱུད་རིམ་ཡིན།

8 ལེགས་བཅོས་བྱེད་ཐབས།

(གཅིག)མ་གནས་དང་ཞབས་ཞུ་ལེགས་བཅོས་དང་། དངོས་ཟོག་སྐྱེལ་འདྲེན་གྱི་མ་ལག་བསྒྱུར་བ།

(གཉིས)དངོས་ཟོག་སྐྱེལ་འདྲེན་གྱི་ཞབས་ཞུ་ཇེ་མཐོར་བཏང་སྟེ། འགྲན་རྩོད་ཀྱི་དགེ་མཚན་ཐོབ་པ།

(གསུམ)མ་གནས་ཀྱི་ཐབས་ཇུས་སྤྱད་དེ་ཟོག་འགྲེམས་ཞབས་ཞུ་ལེགས་བཅོས་བྱེད་དགོས།

(བཞི)དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་ཇེ་དམའ་རུ་གཏོང་དགོས།

9 བར་སྟོང་འབྲེལ་བ།

ཟོག་འགྲེམས་མ་ལག་གི་མ་གནས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ནི་བར་མཐོངས་ཀྱི་འབྲེལ་བ་ཡིན་པ་སྟེ། ཟོག་འགྲེམས་མ་ལག་ཁྲོད་ཀྱི་ཁྲོམ་ར་དང་མཁོ་སྤྲོད་ས་ཚིགས་དང་འབྲེལ་བའི་གནས་གཏན་འཁེལ་གྱི་ས་ཆ་འདེམས་རྒྱུ་དེ་རེད། གཙོ་བོ་ནི་ཟོག་འདྲེན་གྱི་ནུས་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་གི་དབོར་འདྲེན་མ་གནས་འཕར་བ་དང་དབོར་འདྲེན་གྱི་བར་ཐག་ལ་འབྲེལ་བ་ཆེན་པོ་ཡོད།

10 བྱེད་ལས།  
10_1 སྐྱེལ་འདྲེན་གྱི་ནུས་པ།

སྐྱེལ་འདྲེན་ནི་ཟོག་འགྲེམས་ཀྱི་ལྟེ་བའི་ལས་སྒོའི་གྲས་ཤིག་ཡིན་ལ་ཟོག་འགྲེམས་མ་ལག་གི་ནུས་པ་གལ་ཆེན་ཞིག་ཀྱང་ཡིན།

10_2 མཛོད་ཉར་བྱེད་ལས།

ཟོག་འདྲེན་མ་ལག་ཁྲོད་དུ། མཛོད་འཇོག་དང་སྐྱེལ་འདྲེན་ནི་དེ་དང་འདྲ་བར་གལ་ཆེན་གྱི་རྒྱུ་རྐྱེན་ཞིག་ཡིན།

10_3 ཐུམ་སྒྲིལ་གྱི་ནུས་པ།

ཟོག་འགྲེམས་བརྒྱུད་རིམ་ཁྲོད་ཀྱི་དངོས་ཟོག་ཆ་ཚང་ངང་སྤྱོད་མཁན་གྱི་ལག་ཏུ་སྐྱེལ་བ་དང་འབྲེལ་སྤྱོད་མཁན་དང་ཞབས་འདེགས་ཞུ་ཡུལ་གྱི་རེ་བ་སྐོང་ཆེད་ཚོང་ཟོག་མང་ཆེ་བར་བྱེད་སྟངས་མི་འདྲ་བ་དང་ཚད་གཞི་མི་འདྲ་བའི་ཐོག་ནས་ཐུམ་སྒྲིལ་བྱེད་དགོས།

10_4 འདོན་འཇུག་དབོར་འདྲེན་བྱེད་ནུས།

འདོན་འཇུག་དབོར་འདྲེན་ནི་སྐྱེལ་འདྲེན་དང་ཉར་ཚགས་བྱས་པ་ལས་བྱུང་བའི་དགོས་ངེས་ཀྱི་ཟོག་འགྲེམས་བྱེད་སྒོ་ཞིག་ཡིན་ཞིང་། དེ་ནི་སྐྱེལ་འདྲེན་དང་། ཉར་ཚགས། ཐུམ་སྒྲིལ། འཁོར་རྒྱུག་ལས་སྣོན་སོགས་ཟོག་འགྲེམས་བྱེད་སྒོ་དང་སྦྲེལ་མཐུད་བྱེད་པའི་བར་གནས་ཀྱི་ལྷུ་ཚིགས་ཤིག་ཡིན་པ་དང་། དེ་བཞིན་ཉར་ཚགས་སོགས་ཀྱི་བྱེད་སྒོའི་ནང་ཞིབ་བཤེར་དང་། སྲུང་སྐྱོང་། ཉམས་གསོ་བཅས་བྱེད་ཆེད་སྤེལ་བའི་འདོན་འཇུག་བྱེད་སྒོ་ཞིག་ཡིན་པ་དཔེར་ན། དངོས་ཟོག་བླུག་པ་དང་འབེབས་པ་དང་། སྐྱེལ་སྤྲོད། འདེམས་སྒྲུག རིགས་དབྱེ་བ་སོགས་ཡིན།

10_5 རྒྱུན་འཁོར་ལས་སྣོན་བྱེད་ནུས།

འཁོར་རྒྱུག་ལས་སྣོན་གྱི་བྱེད་ནུས་ནི་དངོས་རྫས་ཐོན་སྐྱེད་ཀྱི་ཁྱབ་ཁོངས་ནས་འཛད་སྤྱོད་ཀྱི་ཁྱབ་ཁོངས་སུ་འཁོར་རྒྱུག་བྱེད་པའི་གོ་རིམ་ཁྲོད། ཐོན་རྫས་ཕྱིར་འཚོང་ལ་སྐུལ་འདེད་དང་། ཐོན་རྫས་ཀྱི་སྤུས་ཀ་སྲུང་སྐྱོང་། དངོས་ཟོག་འཁོར་རྒྱུག་གི་ལས་ཆོད་ཅན་མངོན་འགྱུར་བྱེད་ཆེད། དངོས་རྫས་ལ་ལས་སྣོན་ཐག་གཅོད་བྱས་ཏེ། དངོས་རྫས་ལ་དངོས་ལུགས་སམ་རྫས་འགྱུར་རང་བཞིན་གྱི་འགྱུར་ལྡོག་འབྱུང་དུ་འཇུག་པའི་བྱེད་ནུས་ཡིན།

10_6 ཆ་འཕྲིན་ཞབས་ཞུའི་བྱེད་ལས།

དེང་རབས་ཀྱི་ཟོག་འགྲེམས་ནི་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ཟོག་འགྲེམས་མ་ལག་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པ་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།