ཐོན་སྐྱེད་དོ་དམ་མ་ལགསྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-18 09:23ལ་འགྲུབ།

ཐོན་སྐྱེད་དོ་དམ་མ་ལག

ཐོན་སྐྱེད་དོ་དམ་མ་ལག
ཐོན་སྐྱེད་དོ་དམ་མ་ལག་གི་མཉེན་ཆས་ནི་བཟོ་སྐྲུན་ཁེ་ལས་འབྲིང་ཆུང་གི་ཐོན་སྐྱེད་བཀོལ་སྤྱོད་ལ་དམིགས་ནས་གསར་སྤེལ་བྱས་ཚེ། ཁེ་ལས་ཀྱིས་ཚད་ལྡན་དང་འཕྱུགས་པ་མེད་པའི་ཐོན་སྐྱེད་ཀྱི་གྲངས་གཞིའི་མཛོད་ཅིག་འཛུགས་ཐུབ་པ་དང་ཆབས་ཅིག་ཐོན་སྐྱེད་ལས་སྒོ་དང་མཛོད་ཉར་ལས་སྒོ་གཞི་གཅིག་ཅན་གྱི་དོ་དམ་མ་ལག་གི་ལས་དོན་ཡང་སྒྲུབ་ཐུབ། དོ་དམ་གྱི་ལས་ཆོད་ཆེ་རུ་གཏོང་བ་དང་། དུས་ཐོག་ཏུ་ཁོང་དུ་ཆུད་པ། གནད་ལ་འཁེལ་བ། ཆ་ཚང་བ་བཅས་ཀྱི་ཐོན་སྐྱེད་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ལ་ཚོད་འཛིན་ནུས་ལྡན་བྱེད་ཐུབ། ཐོན་རྫས་བཟོ་སྐྲུན་དང་མཛོད་ཉར་དོ་དམ་བྱེད་པའི་ཁེ་ལས་ཚང་མར་སྤྱད་འཐུས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
生产管理系统
སྤྱད་འཐུས་ཁྱབ་ཁོངས།
ཐོན་རྫས་བཟོ་སྐྲུན་དང་མཛོད་ཉར་དོ་དམ་བྱེད་པའི་ཁེ་ལས།
དམིགས་ཡུལ།
བཟོ་སྐྲུན་ཁེ་ལས་འབྲིང་ཆུང་གི་ཐོན་སྐྱེད་བཀོལ་སྤྱོད་ལ་བརྟེན་ནས་གསར་སྤེལ།
ནུས་པ།
དོ་དམ་གྱི་ལས་ཆོད་ཆེ་རུ་གཏོང་བ།
1 རྒྱུད་ཁོངས་སྤྱི་བཤད།
1_1 ཐོན་སྐྱེད་དོ་དམ་རྒྱུད་ཁོངས།

རང་ཁོངས་ཀྱི་ཐོན་སྐྱེད་དོ་དམ་མ་ལག་དཔེ་དུམ་བརྒྱུད་ནས། དོ་དམ་པས་ག་དུས་ཡིན་ནའང་ཐོན་སྐྱེད་ཀྱི་གནས་ཚུལ་ཤེས་རྟོགས་དང་། མཛོད་དུ་ཉར་བའི་དངོས་ཟོག་གི་གནས་ཚུལ་ལ་བལྟས་ནས། རང་འགུལ་གྱིས་སྡེབ་རྫས་ཐོན་སྐྱེད་ཀྱི་རྒྱུ་ཆ་བཟོས་ཏེ། ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་དང་། ཚན་རིག་དང་མཐུན་པར་ཐོན་སྐྱེད་དངོས་རྫས་ལ་དོ་དམ་བྱེད་པ་དང་། དུས་མཚུངས་སུ་ཁེ་ལས་ཀྱི་དོ་དམ་པས་ཐོན་སྐྱེད་མ་གནས་ཚོད་འཛིན་ནུས་ལྡན་བྱེད་པར་རོགས་རམ་བྱས་ཏེ། དུས་ཐོག་ཏུ་ཐོན་རྫས་ཀྱི་ཐོན་ཚད་དང་མཛོད་དུ་ཉར་བའི་ལས་སྒོའི་ཞིབ་ཆ་ལ་རྒྱུས་ལོན་བྱས་ཏེ། གནས་ཡོད་པའི་གནད་དོན་ཤེས་རྟོགས་དང་། མཛོད་དུ་བཅུག་སྟེ་ཕུང་གསོག་མི་ཐེབས་པ་དང་ཚོང་རའི་འགྱུར་འབྱུང་དང་བསྟུན་ཐུབ་པ་བྱེད་དགོས།  

1_2 སྤྱད་འཐུས་ཁྱབ་ཁོངས།

ཐོན་རྫས་བཟོ་སྐྲུན་དང་མཛོད་ཉར་དོ་དམ་བྱེད་པའི་ཁེ་ལས་ཚང་མར་སྤྱད་འཐུས།

2 ཉེར་སྤྱོད་རིན་ཐང་།
2_1 རྨང་གཞིའི་རིན་ཐང་།

ཉོ་སྒྲུབ་དང་། བྲིན་ཚོང་། ཐོན་སྐྱེད་བཅས་ཀྱི་གྲངས་གཞི་གཅིག་གྱུར་གང་ལེགས་བྱུང་ནས་ཁེ་ལས་ཀྱི་ཟོག་འགྲེམས་དང་། དངུལ་སྨར་འགྲོ་རྒྱུག ཆ་འཕྲིན་རྒྱུན་བཅས་ཀྱི་དོ་དམ་སྟབས་བདེ་དང་ཕན་འབྲས་ཐོན་རྒྱུར་གྱུར་ཡོད་པ་རེད།

ཁེ་ལས་ཀྱི་ལས་སྒོའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། ཁེ་ལས་ཀྱི་གཉེར་སྐྱོང་ལས་ཕྱོད་ཆེ་རུ་གཏོང་བ། གཉེར་སྐྱོང་མ་གནས་གཅོག་པ་བཅས་བྱེད་དགོས།

མཐའ་སྣེའི་ཕྱིར་ཚོང་དང་མཛོད་ཉར་ཆ་འཕྲིན་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ནས་ཚོང་ཟོག་མཛོད་ཉར་གྱི་གྲུབ་ཆ་ལེགས་སུ་བཏང་སྟེ་ཚོང་ཟོག་ཕུང་གསོག་མི་ཐེབས་པ་བྱེད་དགོས།

ཚོང་ཟོག་བྲིན་རྒྱུགས་ཆེ་བ་དང་བྲིན་མི་ཐུབ་པའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ནས་གཉེར་སྐྱོང་བྱེད་པའི་ཐབས་ཇུས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ་གཉེར་སྐྱོང་གི་ཉེན་ཁ་ཆུང་དུ་གཏོང་དགོས།

འགྲོ་འོང་མང་བའི་ལས་ཁུངས་ཀྱི་རྩིས་ཁྲ་སྣ་ཚོགས་བལྟས་པ་ཙམ་གྱིས་ཤེས་རྟོགས་ཐུབ་པ་བྱེད་དགོས།

ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོར་དོ་དམ་འཕྱུགས་མེད་བྱས་ནས་ལས་སྒོའི་ཞིབ་ཕྲའི་གནས་ཚུལ་སྟངས་འཛིན་གྱིས་ཁེ་ལས་ལ་ལུགས་མཐུན་ངང་ཉོ་སྒྲུབ་དང་ལུགས་མཐུན་ངང་ཐོན་སྐྱེད་བཀོད་སྒྲིག་བྱེད་རོགས་བྱེད་དགོས།

རིམ་པ་མང་བ་དང་ཕྱོགས་མང་གི་སྙན་ཞུའི་རེའུ་མིག་ལ་དབྱེ་ཞིབ་བྱས་ནས་ཁེ་ལས་ཀྱི་ཐབས་ཇུས་ལ་གཞི་གྲངས་ཀྱི་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས།

3 རང་ཚུགས་ཀྱི་ཉེར་སྤྱོད།

དུས་དང་རྣམ་པ་ཀུན་ཏུ་ཐོ་འགོད་མ་ལག་གིས་ཀུང་སིའི་གཉེར་སྐྱོང་བྱེད་ཚུལ་འདྲི་རྩད་མགྱོགས་མྱུར་བྱས་ཆོག་པ་དང་། དུས་ཐོག་ཏུ་ཀུང་སིའི་གཉེར་སྐྱོང་བྱེད་ཚུལ་ལེགས་སྒྲིག་བྱས་ཆོག

བདེ་འཇགས་ལྡེ་མིག་གི་ཐོ་འགོད་མ་ལག་གི་བྱེད་སྟངས་ཕུདUSBབདེ་འཇགས་ལྡེ་མིག་བསྣན་ནས་ཐོབ་ཐང་ཞིབ་བཤེར་ར་སྤྲོད་བྱས་ནས། འགན་བཅོལ་འགན་ལེན་མ་ལག་གི་བདེ་འཇགས་རང་བཞིན་འགན་ལེན་ཐུབ་ནས་སྤྱོད་མཁན་གྱི་གསང་བའི་ཨང་གྲངས་བརྐུས་པའི་རྐྱེན་གྱིས་ཚོང་དོན་གྱི་གསང་བ་ཕྱིར་གྱར་བའི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་ནུས་ལྡན་ཐུབ་པ་རེད།

4 ཁེ་ལས་འབྲིང་ཆུང་གི་དོ་དམ་ཇུས་གཞི།

གོང་སྨྲས་ཐོན་སྐྱེད་དོ་དམ་མ་ལག་མཉེན་ཆས་ནི་ཁེ་ལས་འབྲིང་ཆུང་ལ་དམིགས་ནས་གསར་སྤེལ་བྱས་པ་ཡིན་ན། ཁེ་ལས་འབྲིང་ཆུང་ལ་དོ་དམ་བྱེད་པར་གནད་དོན་གང་དག་ཡོད་དམ། གཤམ་ནི་ལོ་མང་པོའི་རིང་ལེགས་སྒྲིག་བྱས་པའི་མིར་དོ་དམ་དང་། རྒྱུ་ནོར་ལ་དོ་དམ་བཅས་བྱེད་པའི་དཔེ་མཚོན་གྱི་གནད་དོན་དང་ཐག་གཅོད་ཀྱི་ཇུས་གཞི་ཞིག་རེད།

5 མིར་དོ་དམ།

1.མཁོ་མཁན་གྱི་ཡིག་ཚགས་ཆ་ཚང་ཞིག་མེད་པ་དང་། ལྷག་པར་དུ་མཁོ་མཁན་འབོར་ཆེན་ཞིག་དུས་ཐོག་ཏུ་གྲ་སྒྲིག་བྱས་མེད་པ།

2.མཁོ་མཁན་གྱིས་དུས་ཐོག་ཏུ་འབྲེལ་གཏུག་དང་རྗེས་འདེད་མ་བྱས་པ།

3.སྐུ་མགྲོན་རྒན་གྲས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་མ་བྱུང་བ།

4.ཁྲོམ་རར་མ་དངུལ་གཏོང་ཤུགས་ཆེ་བ་དང་ཕན་འབྲས་དམའ་བ།

5.ལས་གཉེར་བས་ལས་ཀའི་དུས་ཚོད་གང་ལེགས་སྤྱད་དེ་ལས་སྒོ་རྒྱ་སྐྱེད་ཀྱི་ལས་ཀ་བྱས་མེད་པ།

6 དོ་དམ།

1.དེ་རིང་དངོས་ཟོག་སྤྲོད་པའི་ཐོན་རྫས་ཀྱི་ཞིབ་ཐོ།

2.སང་ཉིན་དངོས་ཟོག་སྤྲོད་པའི་ཐོན་རྫས་ཀྱི་རྩིས་ཁྲ།

3.གཟའ་འཁོར་གཅིག་གི་ནང་དངོས་ཟོག་རྩིས་སྤྲོད་བྱེད་དགོས་པའི་ཐོན་རྫས་ཀྱི་རྩིས་ཁྲ།

4.དུས་ལས་ཡོལ་ཡང་དངོས་ཟོག་མ་སྤྲད་པའི་ཐོན་རྫས་ཀྱི་རྩིས་ཁྲ། དངོས་ཟོག་སྤྲོད་པའི་གྲངས་ཚད་དང་དངོས་ཟོག་མ་སྤྲད་པའི་གྲངས་འབོར།

རྒྱུད་ཁོངས་བྱེད་ལས་ཐོན་སྐྱེད་དོ་དམ།

(1)དངོས་རྫས་ཀྱི་ཞིབ་ཐོ་ཡིས་ཐོན་རྫས་གཅིག་གི་པར་གཞི་མང་པོ་ལ་རྒྱབ་སྐྱོར་དང་། རྫས་སྦྱོར་འཆར་གཞི་སྣ་མང་ལ་རྒྱབ་སྐྱོར། ཐོན་སྐྱེད་ཀྱི་མ་གནས་ལ་རྩ་བ་ནས་ཚོད་འཛིན་བཅས་བྱེད་དགོས།

(2)ཐོན་སྐྱེད་ཀྱི་མངག་ཐོའི་གྲངས་འབོར་ལ་གཞིགས་ནས་རང་འགུལ་ངང་རྒྱུ་ཆ་རྩིས་རྒྱག་ཐུབ་པ་དང་། རང་འགུལ་ངང་སྡེབ་རྫས་ཀྱི་ཐོ་བཟོ་ཐུབ་པ། ནུས་ལྡན་ངང་རྒྱུ་ཆ་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས།

(3)རྒྱུ་ཆ་ལེན་པའི་ཤོག་བྱང་གིས་མཛོད་ཁང་དུ་རྒྱུ་ཆ་ལེན་ཐུབ་ཅིང་། རང་འགུལ་གྱིས་གྲུབ་པ་ཡིན་པས། མིས་འབྲི་མི་དགོས། ཞིབ་བཤེར་བྱས་རྗེས་རང་འགུལ་ངང་མཛོད་འདོན་ཤོག་བྱང་བཟོ་དགོས།

(4)རྒྱུ་ཆ་ཕྱིར་སློག་དང་རྒྱུ་ཆ་ཁ་གསབ་བྱེད་པའི་བརྒྱུད་རིམ་ལ་རྒྱབ་སྐྱོར་བྱས་ཏེ། རྒྱུ་ཆ་ཕྱིར་སློག་གིས་རང་འགུལ་ངང་ཐོན་རྫས་ཀྱི་མ་གནས་དག་བཅོས་བྱེད་དགོས།

(5)ཐོན་རྫས་ལེགས་འགྲུབ་བྱུང་རྗེས། རང་འགུལ་གྱིས་ཐོན་རྫས་ཀྱི་མ་གནས་ཞིབ་རྩིས་རྒྱག་དགོས།

(6)ཡན་ལག་སྡེ་ཁག་དང་ཟླ་རེའི་ཐོན་རྫས་ཐོན་སྐྱེད་ཀྱི་འཆར་གཞིའི་དོ་དམ་ལ་རྒྱབ་སྐྱོར་བྱེད་དགོས།

7 ཉོ་སྒྲུབ་དོ་དམ།

ཉོ་སྒྲུབ་དོ་དམ་ནི་ཉོ་སྒྲུབ་འཛིན་ཡིག་དང་། ཉོ་སྒྲུབ་མངག་ཐོ། ཉོ་སྒྲུབ་འཛིན་ཤོག ཉོ་སྒྲུབ་ཕྱིར་སློག་སོགས་བྱེད་པའི་ནུས་པ་ལྡན་པའི་དཔེ་དུམ་ལས་གྲུབ་པ་ཡིན། གཤམ་གྱི་བྱེད་ནུས་ཁྱད་ཆོས་ལྡན།

(1)ཉོ་སྒྲུབ་ཀྱི་ཁྱོན་ཡོངས་ཀྱི་ལས་སྒོ་རྒྱུད་རིམ་ལྡན་པའི་སྒོ་ནས་སྡེབ་སྒྲིག་བྱས་ཡོད། དངོས་ཟོག་ཉོ་སྒྲུབ་དང་། ཚོང་ཟོག་ཕྱིར་སློག དངུལ་སྤྲོད་སོགས་ཀྱི་ལས་དོན་རབ་དང་རིམ་པར་ཁྱོན་ཡོངས་ནས་རྗེས་འདེད་བྱས་ཏེ་ཉོ་སྒྲུབ་ཀྱི་བརྒྱུད་རིམ་ལུགས་མཐུན་ངང་སྤྱོད་རྒྱུར་ཚོད་འཛིན་བྱེད་དགོས། ལས་སྒོའི་གདུབ་མདུད་འབྲེལ་མཐུད་དམ་ཟབ་མངོན་འགྱུར་བྱེད་པ།

(2)མཁོ་འདོན་ཚོང་པའི་ཡིག་ཚགས་འཐུས་ཚང་བཙུགས་ནས་དུས་ཐོག་ཏུ་མཁོ་འདོན་ཚོང་པའི་དཔྱད་ཡིག་དང་། ཡིད་རྟོན། རིན་གོང་སོགས་འགག་རྩའི་ལྷུ་ཚིགས་ཀྱི་ལས་སྒོ་ཐག་གཅོད་བྱེད་དགོས།

(3)ཕྱོགས་གང་ཅིའི་ཐད་ནས་བསྡོམས་རྩིས་དང་དབྱེ་ཞིབ་བྱས་ཏེ་ཉོ་སྒྲུབ་ཀྱི་ལས་སྒོ་སྤྱི་ཡོངས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་མུན་འཐོམས་ཀྱིས་ཚོང་ཟོག་འཐེན་གྲངས་ཉུང་དུ་བཏང་བ་དང་། མཛོད་དུ་བཅུག་པ་དང་རྒྱུན་འཁོར་མ་དངུལ་འབོར་ཆེན་སྤྱད་པའི་གྲངས་ཉུང་དུ་གཏོང་དགོས།  

(4)ཉོ་སྒྲུབ་ཀྱི་མངག་ཐོ་དང་། ཉོ་སྒྲུབ་ཀྱི་བཀར་འཇུག ཉོ་སྒྲུབ་ཀྱི་ཕྱིར་སློག་བཅས་ཀྱི་ལས་སྒོ་ལ་རྒྱབ་སྐྱོར་བྱས་ནས་ཁེ་ལས་འབྲིང་ཆུང་གི་ཚོང་དོན་ལས་སྒོའི་ནང་གི་ཉོ་སྒྲུབ་ཀྱི་ཞིབ་རྩིས་དོ་དམ་སྐོང་དགོས།

(5)ཚོང་རྫས་ཀྱི་ཨང་རྟགས་ལྟར་དོ་དམ་བྱེད་པར་རྒྱབ་སྐྱོར་དང་། ཁག་ཐེངས་དོ་དམ། གོ་ཆོད་དུས་ཡུན་དོ་དམ་བྱེད་པར་རྒྱབ་སྐྱོར་བྱ་དགོས།

(6)ཉོ་སྒྲུབ་ཀྱི་མངག་ཐོ་དེ་ཉོ་སྒྲུབ་རྐྱང་མར་དཔེ་བལྟས་ནས་རང་འགུལ་ངང་བཟོས་ཆོག་པ་དང་། ཉོ་སྒྲུབ་ཀྱི་མངག་ཐོ་དེ་དཔྱད་གཞིར་བཟུང་ནས་བཟོས་ཆོག་ལ། ལག་སྒུལ་གྱིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་མཛོད་དུ་བཅུག་པའི་ཐོ་དང་དངུལ་སྤྲོད་དགོས།

8 ཕྱིར་འཚོང་དོ་དམ།

བྲིན་ཚོང་དོ་དམ་ནི་བྲིན་ཚོང་མངགས་ཐོ་དང་། བྲིན་ཚོང་ཐོ་འཛིན། སིལ་ཚོང་ཐོ་འཛིན། བྲིན་ཚོང་འཛིན་ཤོག ཁེ་སྤོགས་དབྱེ་ཞིབ། འབུལ་རྫས་དང་དངོས་དཔེ་སོགས་བྱེད་ནུས་ཀྱི་དཔེ་དུམ་ལས་གྲུབ་པ་ཞིག་ཡིན།

9 མཛོད་ཉར་དོ་དམ།

མཛོད་ཉར་དོ་དམ་གྱི་ཁོངས་སུ་བཀར་འཇུག་དོ་དམ་དང་། མཛོད་འདོན་དོ་དམ། གཏོང་འགྲེམས་དོ་དམ། རྩིས་བཤེར་དོ་དམ་སོགས་བྱེད་ལས་ཀྱི་དཔེ་དུམ་ཚུད་ཡོད། གཤམ་གྱི་བྱེད་ནུས་ཁྱད་ཆོས་ལྡན།

(1)མཛོད་བཅུག་དོ་དམ། མཛོད་བཅུག་དངོས་ཟོག་ལ་ཞིབ་བཤེར་ཆོག་མཆན་འགོད་ཆོག་ལ། ཐད་ཀར་མཛོད་བཅུག་འཛིན་ཡིག་བཟོས་ནས་མཛོད་བཅུག་དངོས་ཟོག་ལ་ཞིབ་བཤེར་དང་སྡོམ་རྩིས་བྱས་ཀྱང་ཆོག

(2)མཛོད་འདོན་དོ་དམ། མཛོད་འདོན་དངོས་ཟོག་ལ་ཞིབ་མཆན་འགོད་ཆོག་ལ། ཐད་ཀར་མཛོད་འདོན་རྩིས་ཐོ་བཙུགས་ནས་མཛོད་འདོན་དངོས་ཟོག་ལ་འདྲི་རྩད་དང་བསྡོམས་རྩིས་བྱས་ཀྱང་ཆོག

(3)གཏོང་སྤྲོད་དོ་དམ། མཛོད་ཁང་མི་འདྲ་བའི་ནང་དུ་ཚོང་ཟོག་གཏོང་སྤྲོད་བྱེད་པ་དང་། ཚོང་ཟོག་གི་ནུས་པ་ལེགས་སྒྲིག་དང་སྐྱེལ་འདྲེན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ། ཁག་བགོས་འགྲེམས་ཚོང་གི་ལས་སྒོ་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱེད་དགོས།

ནོར་དོན་དོ་དམ་ནི་བསྡུ་དགོས་པའི་ཆད་དངུལ་དང་། ཆད་དངུལ་སྤྲོད་པ། དངུལ་བསྡུའི་ཐོ་འགོད། དངུལ་བསྡུའི་ཐོ་འཛིན། གྲོན་དངུལ་རྩིས་ཐོ་སོགས་བྱེད་ལས་ཀྱི་དཔེ་དུམ་ལས་གྲུབ་པ་ཡིན། གཤམ་གྱི་བྱེད་ནུས་ཁྱད་ཆོས་ལྡན།

10 ནོར་དོན་དོ་དམ།

(1)ནོར་དོན་ཆེད་ལས་ཀྱི་ཤེས་བྱ་མི་དགོས་པར་བསྡུ་དགོས་པའི་རྩིས་ཁྲའི་དངུལ་དང་། སྤྲོད་དགོས་པའི་རྩིས་ཁྲ། འགྲོ་སོང་སོགས་ལ་དོ་དམ་གསལ་པོ་བྱ་དགོས། རྒྱུ་ནོར་དོ་དམ་གསལ་པོ་དང་། ཡོང་འབབ་ཀྱི་གཏོང་སྒོ་བལྟས་པ་ཙམ་གྱིས་རྟོགས་ཐུབ་པ་བྱེད་དགོས།

(2)ལས་སྒོ་རེ་རེའི་ཐད་ཀྱི་རྩིས་ཐོ་གསལ་པོ་མཚོན་པ་དང་། ལས་སྒོ་རེ་རེའི་ཐད་ཀྱི་ཁེ་སྤོགས་དུས་ཐོག་ཏུ་རྩིས་རྒྱག་དགོས།

(3)མཁོ་འདོན་ཚོང་པ་དང་ཚོང་འགྲུལ་པའི་འགྲོ་འོང་གི་རྩིས་དོན་མཁོ་འདོན་བྱས་ནས་དུས་ཐོག་ཏུ་མཁོ་འདོན་ཚོང་པ་དང་། མཁོ་མཁན་བསྡུ་དགོས་པ། གཉེར་སྐྱོང་བྱས་ཚུལ་དབྱེ་ཞིབ་རེའུ་མིག་བཅས་ལ་ལྟ་ཞིབ་བྱས་ནས་ཁེ་ལས་གཉེར་སྐྱོང་པས་ལས་གཉེར་གྱི་གནས་ཚུལ་ལ་རྒྱུས་ལོན་སྟབས་བདེ་ཡོང་བར་རོགས་རམ་བྱེད་དགོས།

11 རྒྱུད་ཁོངས་དོ་དམ།
11_1 རྒྱུད་ཁོངས་དོ་དམ།

(1)དབང་ཚད་ཚོད་འཛིན་གང་ལ་གང་འཚམ་དང་སྟབས་བདེ་ཡིན་པ། ལས་གནས་ཚོད་འཛིན་གྱི་དབང་ཚད་བརྒྱུད་དགོས། དཔེར་ན། མཛོད་དོ་དམ་གྱིས་བྱེད་ནུས་གང་ཞིག་སྤྱོད་དགོས་པ། གཞི་གྲངས་གང་ཞིག་ལ་ལྟ་ཞིབ་བྱེད་ཐུབ་པ། རྣམ་གྲངས་གང་ཞིག་ལ་ལྟ་ཞིབ་བྱེད་མི་ཐུབ་པ། དཔེར་ན་རིན་གོང་ལྟ་བུ།

(2)དྲ་ཐོག་ལྟ་སྐུལ་ཚོད་འཛིན་གྱིས་ག་དུས་ཡིན་ཡང་མཉེན་ཆས་ཀྱི་དྲ་ཐོག་སྤྱོད་མཁན་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། རྒྱུད་ཁོངས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

(3)རྒྱུད་ཁོངས་ཉིན་ཐོ་ཡིས་ག་དུས་ཡིན་ཡང་མཉེན་ཆས་ཀྱི་བཀོལ་སྤྱོད་གནས་ཚུལ་འདྲི་རྩད་བྱེད་ཐུབ་པ། དཔེར་ན། སུ་ཡིས་དུས་ནམ་ཞིག་ལ་ཐོ་འགོད་བྱས་ནས་བཀོལ་སྤྱོད་གང་དག་བྱས་ཡོད་པ། གཞི་གྲངས་གང་དག་བཟོ་བཅོས་བྱས་པ་བཅས་ཡིན།

(4)གཞི་གྲངས་གྲབས་ཉར་དང་། གཞི་གྲངས་བདེ་འཇགས་ལ་ཁག་ཐེག་བྱ་དགོས། ལག་སྒུལ་གྲབས་ཉར་བྱས་ནས། དུས་བཀག་རང་འགུལ་གྲབས་ཉར་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།