ཁེ་ལས་དོ་དམ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-14 15:30ལ་འགྲུབ།

ཁེ་ལས་དོ་དམ།

ཁེ་ལས་དོ་དམ།
ཁེ་ལས་དོ་དམ་རིག་པའི་ཆེད་ལས་ནི་གཙོ་བོ་དེང་རབས་ཀྱི་བཟོ་ཚོང་དོ་དམ་གྱི་རིགས་པའི་གཞུང་ལུགས་དང་།ཐབས་ཤེས། ནུས་རྩལ་བཅས་ཁོང་དུ་ཆུད་པ་དང་། རྒྱལ་ཁབ་ཕྱི་ནང་གི་བཟོ་ཚོང་དོ་དམ་གྱི་ལོ་རྒྱུས་དང་། ད་ལྟའི་གནས་ཚུལ། གནས་ཚུལ་གསར་ཤོས་བཅས་ལ་རྒྱུས་མངའ་ཡོད་པ། སྦྱངས་པའི་ཤེས་བྱ་སྤྱད་དེ་རང་རྒྱལ་གྱི་ཁེ་ལས་དོ་དམ་ཁྲོད་ཀྱི་དངོས་ཡོད་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་ཐུབ་པའི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
企业管理
ཕྱི་ཡིག་གི་མིང་།
Business Management
བྱ་ཡུལ།
ཁེ་ལས།
རིགས་དབྱེ།
མི་ཤུགས་ཐོན་ཁུངས་དང་། རྣམ་གྲངས། མ་དངུལ། ལག་རྩལ་སོགས།
ནུས་པ།
དཔལ་འབྱོར་ཕན་འབྲས་ཆེ་རུ་གཏོང་བ།
1 ཞིབ་འཇུག་ཁ་ཕྱོགས།  

1.ཁེ་ལས་དོ་དམ།

2.རྒྱལ་སྤྱིའི་ཁེ་ལས་དོ་དམ།

3.ཁེ་ལས་ཀྱི་ནོར་དོན་དོ་དམ།

4.ཁེ་ལས་ཀྱི་འཐབ་ཇུས་དོ་དམ།

5.ཚོང་རའི་ཚོང་གཉེར།

6.ས་ཁང་བདག་ཁོངས་གཉེར་སྐྱོང་དོ་དམ།

2 སློབ་གྲྭ་ཆེན་མོ།

རྒྱལ་ཡོངས་སུ་པེ་ཅིན་སློབ་གྲྭ་ཆེན་མོ་དང་། ཀྲུང་གོའི་མི་དམངས་སློབ་ཆེན། ཆིན་ཧྭ་སློབ་ཆེན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་དང་། ནན་ཁའེ་སློབ་ཆེན། བྱང་ཤར་ནོར་དཔལ་སློབ་ཆེན། ཧྥུའུ་ཏན་སློབ་ཆེན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། ཧྲང་ཧའེ་ནོར་དཔལ་སློབ་ཆེན། ནན་ཅིང་སློབ་ཆེན། ཀྲེ་ཅང་སློབ་ཆེན། ཤ་མོན་སློབ་ཆེན། ཝུའུ་ཧན་སློབ་ཆེན། ཀྲུང་ནན་ནོར་དཔལ་སྲིད་ཁྲིམས་སློབ་ཆེན། ཀྲུང་ཧྲན་སློབ་ཆེན། ཅི་ནན་སློབ་ཆེན། ཁྲུང་ཆིང་སློབ་ཆེན། ལྷོ་ནུབ་ནོར་དཔལ་སློབ་ཆེན། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་སོགས་སློབ་གྲྭ213གྱིས་ཁེ་ལས་དོ་དམ་ཆེད་ལས་བཙུགས་ཡོད།  

3 ལས་ཞུགས་ཀྱི་མདུན་ལྗོངས།

སློབ་མ་སློབ་གྲྭ་ནས་ཐོན་རྗེས་བཟོ་ཚོང་ཁེ་ལས་ཆེ་གྲས་དང་། དངུལ་རྩའི་ཁེ་ལས། སྲིད་གཞུང་གི་ཕྱོགས་བསྡུས་དཔལ་འབྱོར་དོ་དམ་སྡེ་ཁག་བཅས་ཀྱི་འབྲིང་རིམ་དང་མཐོ་རིམ་དོ་དམ་གྱི་ལས་ཀ་བྱས་ཆོག་ལ། འབྲེལ་ཡོད་ཀྱི་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ལས་ཀའང་བྱས་ཆོག

4 འབྲེལ་ལྡན་མ་ལག

1.འཐབ་ཇུས་ཀྱི་དམིགས་འབེན་དང་གཉེར་སྐྱོང་འདུ་ཤེས།

2.གོ་རིམ་དང་རེའུ་མིག་ཇུས་འགོད།

3.རྩ་འཛུགས་གྲུབ་ཚུལ་དང་བྱེད་ལས་དཔེ་དུམ།

4.སྡེ་ཁག་གི་ལས་གནས་དང་འགན་དབང་གི་རིན་ཐང་།

5.སྒྲིག་སྲོལ་ལམ་ལུགས། སྒྲིག་ཁྲིམས་ཚད་གཞི།

6.དོ་དམ་ཚོད་འཛིན་དང་ཐབས་ཇུས་རྒྱབ་སྐྱོར།

5 དམིགས་ཡུལ།

གཅིག ཁེ་ལས་དོ་དམ་མི་སྣའི་བྱ་བའི་ཤུགས་ཚད་ཇེ་ཆུང་དུ་གཏོང་དགོས།

གཉིས། ཁེ་ལས་དོ་དམ་གྱི་ལས་ཆོད་ཆེས་ཆེར་མཐོ་རུ་གཏོང་དགོས།

གསུམ། ཁེ་ལས་དོ་དམ་ལས་དོན་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་ནུས་ལྡན་གཏོང་དགོས།

བཞི། རྒྱལ་དམངས་དཔལ་འབྱོར་ཆ་འཕྲིན་ཅན་དུ་འགྱུར་བའི་རྨང་གཞི་འདིང་དགོས།

ལྔ། རང་རྒྱལ་ཁེ་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།

དྲུག ཁེ་ལས་ཀྱི་ཁྲལ་དོན་རྩིས་གཉེར་དེ་ནོར་དོན་རྩིས་གཉེར་ནང་ནས་ལོགས་སུ་ཕྱེ་སྟེ་ལྟོས་བཅས་ཀྱིས་རང་ཚུགས་ཡིན་པའི་ཁྲལ་དོན་རྩིས་པའི་ཞིབ་རྩིས་མ་ལག་ཅིག་འཛུགས་རྒྱུ་དེ་ནི་དེང་སྐབས་འཛམ་གླིང་གི་ཡོངས་ཁྱབ་ཀྱི་རླབས་རྒྱུན་ཞིག་ཡིན་པས་ཀྲུང་གོས་ཀྱང་དེ་ལྟར་བྱེད་ཀྱིན་ཡོད།

6 ཉེར་སྤྱོད།

དེང་རབས་ཁེ་ལས་ཀྱི་ཁྲལ་དོན་འཆར་འགོད་དེ་ནོར་དོན་དམིགས་ཚད་མངོན་འགྱུར་གང་ཐུབ་བྱེད་པར་ཕན་ཐོགས་ཡོད། སྲིད་ཇུས་དང་ཁྲིམས་སྲོལ་ལས་མི་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཁེ་ལས་ཀྱི་མ་དངུལ་གྲབས་གསོག་དང་། མ་འཇོག གཉེར་སྐྱོང་སོགས་ཐད་ཀྱི་བྱེད་སྒོ་དང་ཐ་ན་ཐོན་སྐྱེད་གཉེར་སྐྱོང་དང་ཁེ་སྤོགས་བགོ་འགྲེམས་སོགས་ལྷུ་ཚིགས་ཀྱི་ལས་སྒོ་སྔོན་ལ་ཇུས་འགོད་བྱས་ནས་ཁྲལ་འཇལ་བཀོལ་སྤྱོད་ཇུས་གཞི་ལེགས་ཤོས་ཆ་ཚང་ཞིག་བཟོས་ཏེ། ཁེ་ལས་ཀྱི་དཔྱ་ཁྲལ་ཁུར་པོ་ཡང་དུ་གཏོང་གང་ཐུབ་དང་ཁེ་ལས་ཀྱི་ཁེ་སྤོགས་ཆེ་ཤོས་ཡོང་བ་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁེ་ལས་དོ་དམ། དོ་དམ། ཁེ་ལས།