སྤུས་ཚད་དོ་དམ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-18 08:49ལ་འགྲུབ།

སྤུས་ཚད་དོ་དམ།

སྤུས་ཚད་དོ་དམ།
སྤུས་ཚད་དོ་དམ་ཞེས་པ་ནི་སྤུས་ཚད་བྱེད་ཕྱོགས་དང་། དམིགས་ཚད། འགན་འཁྲི་བཅས་གཏན་འཁེལ་བྱས་པ་མ་ཟད། སྤུས་ཚད་མ་ལག་ཁྲོད་ཀྱི་སྤུས་ཚད་ཇུས་འགོད་དང་། ཚོད་འཛིན། འགན་ལེན། ལེགས་གཏོང་བཅས་ལ་བརྟེན་ནས་མངོན་འགྱུར་བྱེད་པའི་བྱེད་སྒོ་ཚང་མར་ཟེར། EMBAདངMBAསོགས་གཙོ་རྒྱུན་ཚོང་ལས་དོ་དམ་གྱི་སློབ་གསོ་ཚང་མར་སྤུས་ཚད་དོ་དམ་དང་ལག་བསྟར་བྱ་ཐབས་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
质量管理
ཕྱི་ཡིག་གི་མིང་།
quality management
ཁོངས་གཏོགས།
སྤུས་ཚད་བྱེད་ཕྱོགས་དང་སྤུས་ཚད་དམིགས་ཚད་བཟོ་བ་སོགས།
ཉེར་སྤྱོད་ཁྱབ་ཁོངས།
ཁེ་ལས་དོ་དམ།
དཀར་ཆག
1   འཕེལ་རྒྱས་བརྒྱུད་རིམ།
1.1 སྤུས་ཚད་ཞིབ་བཤེར་དུས་རིམ།
1.2 སྡོམ་རྩིས་སྤུས་ཚད་ཚོད་འཛིན་དུས་རིམ།
1.3 ཕྱོགས་ཡོངས་ནས་སྤུས་ཚད་དོ་དམ་བྱེད་པའི་དུས་རིམ།  
2   འཕེལ་རྒྱས་ཀྱི་རྒྱུ་རྐྱེན།
3   རྩ་དོན་བརྒྱད། 
4   ཁེ་ལས་དོ་དམ།
5   ཆེད་སྤྱོད་ཐ་སྙད།
6   ཕམ་པའི་རྒྱུ་རྐྱེན།
7   ཕྱོགས་ཡོངས་ནས་དོ་དམ་བྱེད་པ།
8   གནས་པའི་གནད་དོན།
8.1 མིག་རྒྱང་ཐུང་བ།
8.2 སྐུ་མགྲོན་ལྟེ་བར་བཟུང་མེད་པ།  
8.3 དོ་དམ་པའི་བྱས་རྗེས་མི་འདང་བ།
8.4 དམིགས་ཡུལ་མེད་པའི་གསོ་སྦྱོང་།
8.5 མ་གནས་དང་ཁེ་ཕན་དབྱེ་ཞིབ་འདང་བ། 
8.6 ཚད་འཇལ་དང་ནོར་འཁྲུལ་ཆད་ཀྱི་ཚད་འཇལ།
8.7 རྩིས་གཉེར་ལམ་ལུགས་འཐུས་ཚང་མིན་པ།  
9   སྤུས་ཚད་ལེགས་བཅོས་ཀྱི་དོན་སྙིང་།
1 འཕེལ་རྒྱས་བརྒྱུད་རིམ།

སྤུས་ཚད་དོ་དམ་གྱི་འཕེལ་རྒྱས་ཀྱིས་ཕལ་ཆེར་དུས་རིམ་གསུམ་བརྒྱུད་ཡོད།

1_1 སྤུས་ཚད་ཞིབ་བཤེར་དུས་རིམ།

དུས་རབས20པའི་གོང་དུ། ཐོན་རྫས་ཀྱི་སྤུས་ཀ་གཙོ་བོ་ནི་ལས་བཟོ་བ་རང་ཉིད་ཀྱི་ལག་རྩལ་ཆུ་ཚད་དང་ཉམས་མྱོང་ལ་བརྟེན་ནས་ཁག་ཐེག་བྱེད་ཀྱི་ཡོད་ཅིང་། དེ་ནི“ལས་བཟོ་བའི་སྤུས་ཚད་དོ་དམ”གྱི་ཁོངས་སུ་གཏོགས། དུས་རབས20པའི་དུས་འགོར། F.Wཐེ་ལེ་ཡིས་མཚོན་པའི་ཚན་རིག་དང་མཐུན་པའི་དོ་དམ་གཞུང་ལུགས་བྱུང་བས། ཐོན་རྫས་ཀྱི་སྤུས་ཀར་ཞིབ་བཤེར་བྱ་རྒྱུ་དེ་ལས་སྣོན་བཟོ་སྐྲུན་ཁྲོད་ནས་སོ་སོར་འབྱེད་ཐུབ་པ་དང་། སྤུས་ཀར་དོ་དམ་བྱེད་པའི་འགན་ནུས་དེ་ལས་བཟོ་བ་ནས་ལས་དཔོན་ལ་བསྒྱུར་ཐུབ་པས། དེ་ནི་“ལས་དཔོན་གྱི་སྤུས་ཀར་དོ་དམ་བྱེད་པ”ཡིན།

1_2 སྡོམ་རྩིས་སྤུས་ཚད་ཚོད་འཛིན་དུས་རིམ།

སྤྱི་ལོ1924ལོར། ཨ་མེ་རི་ཁའི་རྩིས་རིགས་སྡོམ་རྩིས་པW.Aཞིའུ་ཧ་ཐིས་ཞན་ཆ་ཚོད་འཛིན་དང་སྔོན་འགོག་གི་ཐ་སྙད་བཏོན།

1_3 ཕྱོགས་ཡོངས་ནས་སྤུས་ཚད་དོ་དམ་བྱེད་པའི་དུས་རིམ།  

དུས་རབས20པའི་ལོ་རབས50པ་ནས་བཟུང་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་ཚན་རིག་ལག་རྩལ་ཉིན་རེ་བཞིན་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་དེ་ཐོན་རྫས་ཀྱི་སྤྱིར་བཏང་གི་གཤིས་ནུས་ལ་དོ་སྣང་བྱེད་པ་ནས་ཐོན་རྫས་ཀྱི་སྤྱོད་ཤན་ཆེ་བའི་རང་བཞིན་དང་། བློས་འཁེལ་རང་བཞིན། བདེ་འཇགས་རང་བཞིན། ཉམས་གསོ་རང་བཞིན། དཔལ་འབྱོར་རང་བཞིན་སོགས་ལ་དོ་སྣང་བྱེད་ཀྱིན་ཡོད། ཐོན་སྐྱེད་ལག་རྩལ་དང་ཁེ་ལས་དོ་དམ་བྱེད་པའི་ནང་མ་ལག་གི་ལྟ་ཚུལ་ལ་བརྟེན་ནས་སྤུས་ཚད་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཀྲུང་གོས་སྤྱི་ལོ1978ལོ་ནས་བཟུང་ཕྱོགས་ཡོངས་ནས་སྤུས་ཚད་དོ་དམ་ཁྱབ་སྤེལ་བཏང་བ་མ་ཟད། གྲུབ་འབྲས་ངེས་ཅན་ཞིག་ཀྱང་ཐོབ་ཡོད།

2 འཕེལ་རྒྱས་ཀྱི་རྒྱུ་རྐྱེན།

བསྡོམས་རྩིས་ཀྱི་སྤུས་ཚད་དོ་དམ་བྱེད་རྒྱུ་དེ་ཕྱོགས་ཡོངས་ནས་སྤུས་ཚད་དོ་དམ་བྱེད་རྒྱུར་བར་བརྒལ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཕྱོགས་གསུམ་ཡོད་པ་སྟེ།

དང་པོ། དེ་ནི་ཐོན་སྐྱེད་དང་ཚན་རིག་ལག་རྩལ་འཕེལ་རྒྱས་བྱུང་བའི་ཐོན་དངོས་རེད། དུས་རབས20པའི་ལོ་རབས50པ་ནས་བཟུང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་བསྟུན། ཚན་རིག་ལག་རྩལ་ཉིན་རེ་བཞིན་དང་ཟླ་རེ་བཞིན་མི་འདྲ་ལ། བཟོ་ལས་ཐོན་སྐྱེད་ལག་རྩལ་གྱི་བྱེད་ཐབས་སྔར་བས་དེང་རབས་ཅན་དུ་འགྱུར་བཞིན་ཡོད་པ་དང་། བཟོ་ལས་ཐོན་རྫས་གསར་སྒྱུར་ཐོན་རྫས་ཉིན་རེར་མང་དུ་འགྲོ་བཞིན་ཡོད་ཅིང་། ཐོན་རྫས་ཆེ་གྲས་དང་རྙོག་འཛིང་ཆེ་བའི་མ་ལག་ཚང་བའི་ལས་གྲྭ་མང་པོ་ཐོན་བཞིན་ཡོད། དཔེར་ན་ཨ་རིའི་མན་ཧ་ཏུན་གྱིས་འཆར་གཞི་ཞིབ་འཇུག་དང་གསར་བཟོ་བྱས་པའི་རྡུལ་ཕྲན་འབར་མདེལ་དང་། མཚོ་དམག་གིས་ཞིབ་འཇུག་དང་གསར་བཟོ་བྱས་པའི“བྱང་སྣེའི་སྲུང་སྐར་འཕུར་མདེལ་ཆུར་འཛུལ་དམག་གྲུ” མེ་ཤུགས་འཕུར་མདའི་འཕེན་གཏོང་། མིས་བཟོས་འཁོར་སྐར། ཐ་ན་ཨ་པོ་ལོའི་འཇིག་རྟེན་འཕུར་གྲུ་སོགས་ལྟ་བུ་རེད། ཐོན་རྫས་ཆེ་གྲས་དང་རྒྱུད་རིམ་ལྡན་པའི་ལས་གྲྭ་དེ་དག་གི་སྤུས་ཚད་ཐད་ཀྱི་བླང་བྱ་སྔར་ལས་མཐོ་རུ་ཕྱིན་ཡོད་པ་དང་། ལྷག་པར་དུ་བདེ་འཇགས་ཀྱི་རང་བཞིན་དང་བློས་འགེལ་ཆོག་པའི་རང་བཞིན་ལ་བཏོན་པའི་བླང་བྱ་ནི་སྔར་བྱུང་མ་མྱོང་བ་ཞིག་རེད།

གཉིས་པ། མ་རྩ་རིང་ལུགས་ཀྱི་སྔར་ཡོད་འགལ་བ་གཏིང་ཟབ་ཏུ་འགྲོ་བ་དང་འཕེལ་རྒྱས་འགྲོ་བ་དང་བསྟུན། བཟོ་པའི་རིག་གནས་ཀྱི་ཤེས་བྱ་དང་ལག་རྩལ་གྱི་ཆུ་ཚད་མཐོ་རུ་སོང་བ་དང་བསྟུན། དེ་བཞིན་བཟོ་ཚོགས་ལས་འགུལ་ལངས་པ་སོགས་ཀྱིས་ཉིན་རེ་བཞིན་རྣོ་ངར་ཆེ་རུ་འགྲོ་བའི་གྲལ་རིམ་གྱི་འགལ་བ་ཞི་ལྷོད་དུ་གཏོང་ཆེད། མ་རྩ་ཅན་གྱིས་བཟོ་པར་འཛིན་པའི་རྣམ་འགྱུར་དང་དོ་དམ་བྱེད་ཐབས་ལའང་འགྱུར་ལྡོག་གསར་པ་བྱུང་ཞིང་། འབྱོར་ལྡན་གྲལ་རིམ་གྱི་དོ་དམ་རིགས་པའི་གཞུང་ལུགས་ལ་ཡང་འཕེལ་རྒྱས་གསར་པ་བྱུང་སྟེ། དོ་དམ་ཚན་རིག་ཁྲོད་དུ་བྱ་སྤྱོད་ཚན་རིག་གི་དོན་སྤྱི་དང་རིགས་པའི་གཞུང་ལུགས་ནང་འདྲེན་བྱས་ནས“དེང་རབས་ཀྱི་དོ་དམ”དུས་རིམ་དུ་སླེབས་པ་རེད།

གསུམ་པ། མ་རྩ་རིང་ལུགས་ཀྱི་ཚོང་རའི་འགྲན་རྩོད་དྲག་པོའི་འོག རྒྱ་ཆེའི་འཛད་སྤྱོད་པས་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད། སྤུས་ཚད་བློས་བཀལ་ཆོག་པ་དང་གོང་ཆུང་སྤུས་དག་གི་ཐོན་རྫས་ཉོ་ཐུབ་པ། མ་རྩ་ཅན་གྱིས་འགན་མི་འཁུར་བའི་མཚམས་སྦྱོར་བརྡ་ཁྱབ་ཀྱི་དམག་འཁྲུག་དང་འགྲེམ་འཚོང་བྱེད་པའི་ཚོང་ཟོག་འདྲེད་ཚོང་བཀག་འགོག་བྱས་ནས་འཛད་སྤྱོད་པའི་རྩ་འཛུགས་སྣ་ཚོགས་བཙུགས་པ་དང་།“འཛད་སྤྱོད་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི”ལས་འགུལ་ཐོན་ནས་སྲིད་གཞུང་ལ་བཅའ་ཁྲིམས་བཙན་ཤེད་ཀྱིས་གཏན་འབེབས་བྱེད་དུ་བཅུག་སྟེ་ཁེ་ལས་ཀྱིས་སྤུས་ཚད་ཞན་པ་དང་། བདེ་འཇགས་ལ་ཤུགས་རྐྱེན་ངན་པ་བཟོ་བ། བདེ་ཐང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་སྤུས་ཞན་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་བྱེད་པ་བཀག་འགོག་བྱས་ནས་ཁེ་ལས་ཀྱིས་མཁོ་འདོན་བྱས་པའི་ཐོན་རྫས་ཀྱི་སྤུས་ཀར་བཅའ་ཁྲིམས་ཀྱི་འགན་འཁྲི་དང་དཔལ་འབྱོར་གྱི་འགན་འཁྲི་འཁུར་དུ་འཇུག་གིན་ཡོད།

3 རྩ་དོན་བརྒྱད། 

ISOཚད་གཞིའི་སྤུས་ཚད་ཀྱི་རྩ་དོན་བརྒྱད།

རྩ་དོན་དང་པོ། སྐུ་མགྲོན་གྱིས་དོ་ཁུར་བྱེད་པའི་གནད་དོན།

རྩ་དོན་གཉིས་པ། འགོ་ཁྲིད་ཀྱི་ནུས་པ།

རྩ་དོན་གསུམ་པ། ཁོངས་མི་ཡོངས་ཞུགས་པ།

རྩ་དོན་བཞི་པ། གོ་རིམ་བྱེད་ཐབས།

རྩ་དོན་ལྔ་པ། དོ་དམ་གྱི་མ་ལག་བྱེད་ཐབས།

རྩ་དོན་དྲུག་པ། རྒྱུན་མཐུད་ལེགས་བཅོས།

རྩ་དོན་བདུན། དོན་དངོས་ལ་གཞིགས་པའི་ཐབས་ཇུས་འགོད་ཐབས།

རྩ་དོན་བརྒྱད་པ། མཁོ་སྤྲོད་བྱེད་མཁན་དང་གཉིས་ཕན་གྱི་འབྲེལ་བ།

4 ཁེ་ལས་དོ་དམ།

སྤུས་ཚད་འགན་ལེན་དང་སྤུས་ཚད་ཚོད་འཛིན་ཕྱོགས་གཉིས་ཀྱི་ནང་དོན།

①སྤུས་ཚད་ཁག་ཐེག་བྱེད་པ།

སྤུས་ཚད་འགན་ལེན་གྱི་བྱེད་སྒོ་དེ་ཁེ་ལས་ནང་ཁུལ་གྱི་སྡེ་ཚན་ཁག་དང་ལྷུ་ཚིགས་ཁག་དང་འབྲེལ་བ་ཡོད། ཐོན་རྫས་ཇུས་འགོད་ནས་ཕྱིར་འཚོང་ཞབས་ཞུའི་རྗེས་ཀྱི་སྤུས་ཚད་ཆ་འཕྲིན་ལྡོག་འདྲེན་བར་ཁེ་ལས་ནང་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པའི་འགན་འཁྲི་དང་བྱ་ཐབས་ཀྱི་དོ་དམ་མ་ལག་ཅིག་ཆགས་པ་དེར་སྤུས་ཚད་འགན་ལེན་མ་ལག་ཟེར།

②སྤུས་ཚད་ཚོད་འཛིན།

ཐོན་རྫས་ཐོན་སྐྱེད་བྱེད་རིམ་དང་བཟོ་གྲྭ་ནས་ཐོན་པའི་སྤུས་ཚད་དེ་སྤུས་ཚད་ཀྱི་ཚད་གཞིར་སླེབས་པར་འགན་ལེན་བྱེད་ཆེད་བེད་སྤྱོད་བྱེད་པའི་ལས་སྒྲུབ་ལག་རྩལ་ཞིབ་བཤེར་དང་འབྲེལ་ཡོད་བྱེད་སྒོ་རབ་དང་རིམ་པ་དག་ནི་སྤུས་ཚད་འགན་ལེན་གྱི་རྨང་གཞི་ཡིན།

5 ཆེད་སྤྱོད་ཐ་སྙད།

སྤུས་ཚད་བྱེད་ཕྱོགས།(Quality Policy)

སྤུས་ཚད་དམིགས་འབེན།(Quality Objectjve)

སྤུས་ཚད་མ་ལག(Quality System)

སྤུས་ཚད་ཚོད་འཛིན། (Quality Control)

སྤུས་ཚད་འགན་ལེན།(Quality Asurance)

སྤུས་ཚད་ཇུས་འགོད།(Quality Planning)

སྤུས་ཚད་འཆར་གཞི།(Quality Plen)

སྤུས་ཚད་དོ་དམ་མ་ལག(Quality Management System,QMS)

6 ཕམ་པའི་རྒྱུ་རྐྱེན།

རྒྱུ་རྐྱེན་གཅིག་ནི། མིག་རྒྱང་ཐུང་བ།

རྒྱུ་རྐྱེན་གཉིས་པ། སྐུ་མགྲོན་ལྟེ་བར་བཟུང་མེད་པ།

རྒྱུ་རྐྱེན་གསུམ་པ། དོ་དམ་པའི་བྱས་རྗེས་མི་འདང་བ།

རྒྱུ་རྐྱེན་བཞི་པ།དམིགས་ཡུལ་མེད་པའི་གསོ་སྦྱོང་།

རྒྱུ་རྐྱེན་ལྔ་པ། མ་གནས་དང་ཁེ་ཕན་དབྱེ་ཞིབ་མི་འདང་བ།

རྒྱུ་རྐྱེན་དྲུག་པ། རྩ་འཛུགས་ཀྱི་གྲུབ་ཚུལ་མི་འཚམ་པ།

རྒྱུ་རྐྱེན་བདུན་པ། རང་ཉིད་ཀྱི་དཔོན་ངན་ལས་ཁུངས་ཆགས་པ།  

རྒྱུ་མཚན་བརྒྱད་པ། ཚད་འཇལ་དང་ནོར་འཁྲུལ་གྱི་ཚད་འཇལ་ཉུང་བ།

རྒྱུ་མཚན་དགུ་པ། གླ་ཆ་དང་ཁས་ལེན་བྱ་རྒྱུ་མི་འདང་བ།

རྒྱུ་རྐྱེན་བཅུ་པ། རྩིས་གཉེར་ལམ་ལུགས་འཐུས་ཚང་མེད་པ།

7 ཕྱོགས་ཡོངས་ནས་དོ་དམ་བྱེད་པ།

གཅིག ཕྱོགས་ཡོངས་ཀྱི་སྤུས་ཚད། དེའི་ནང་ཐོན་རྫས་ཀྱི་སྤུས་ཚད་དང་། ཞབས་ཞུའི་སྤུས་ཚད། མ་གནས་ཀྱི་སྤུས་ཚད་འདུས།

གཉིས། བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཅེས་པ་ནི་སྤུས་ཚད་དེ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ནས་ལས་ཀའི་སྤུས་ཚད་ལ་བརྟེན་ནས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱེད་དགོས།

གསུམ། མི་སྣ་ཡོངས་ཞུགས་པའི་སྤུས་ཚད་ཐད་ལས་བཟོ་ཡོངས་ལ་སྤུས་ཚད་ཀྱི་སློབ་གསོ་བཏང་ནས་མི་སྣ་ཡོངས་ཀྱི་གནད་འགག་དམ་འཛིན་དང་སྤུས་ཚད་དོ་དམ་ཚོགས་ཆུང་འཛུགས་རྒྱུ་ནན་བཤད་བྱེད་དགོས།

བཞི། ཁེ་ལས་ཡོངས་ཀྱི་སྤུས་ཚད་ཀྱི་དམིགས་ཡུལ་ནི་ཁེ་ལས་ཀྱི་སྤུས་ཚད་འགན་ལེན་མ་ལག་འཛུགས་རྒྱུ་དེ་ཡིན།

8 གནས་པའི་གནད་དོན།

སྤུས་ཚད་དོ་དམ་ནི་ཀུང་སིའི་ཐོན་སྐྱེད་དོ་དམ་ཁྲོད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང་། དེའི་གལ་ཆེའི་ནུས་པ་ནི་ཚང་མས་ཤེས་གསལ་རེད། འོན་ཀྱང་དོན་དངོས་ཀྱི་ཐོན་སྐྱེད་བྱེད་སྒོའི་ཁྲོད་སྤུས་ཚད་དོ་དམ་ཚོད་འཛིན་བྱེད་དཀའ་བས་ཀུང་སིའི་སྤུས་ཚད་དོ་དམ་ལ་གནད་དོན་ཐོན་པའི་རྒྱུ་རྐྱེན་གཙོ་བོ་བཅུ་ཡོད།

8_1 མིག་རྒྱང་ཐུང་བ།

མིག་རྒྱང་ཞེས་པ་ནི་འབྱུང་འགྱུར་གསལ་རྟོགས་ཐུབ་ནས་ཀུང་སི་དེ་ཀུང་སི་གང་འདྲ་ཞིག་ཏུ་འགྱུར་རྒྱུའི་རྒྱང་རིང་གི་མིག་རྒྱང་གཏན་འཁེལ་བྱས་པར་ཟེར། དེས་མངོན་མེད་ཀྱི་གོ་སྐབས་ངོས་འཛིན་ཐུབ་པ་མ་ཟད་དམིགས་ཚད་ཀྱང་འདོན་ཐུབ་ཀྱིན་ཡོད། དེས་མ་འོངས་པར་ཐོབ་པའི་ཁེ་ཕན་དོན་དངོས་ཀྱི་ཐོག་ནས་མཚོན་ཐུབ་ཀྱི་ཡོད།

8_2 སྐུ་མགྲོན་ལྟེ་བར་བཟུང་མེད་པ།  

སྐུ་མགྲོན་གྱི་འདོད་མོས་ལ་གོ་ལོག་ཐེབས་པ་དང་། སྔོན་བརྒལ་གྱིས་སྐུ་མགྲོན་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་མེད་པ། ལས་ཀ་འགའ་ལེགས་སུ་བཏང་ཡང་སྐུ་མགྲོན་ལ་རིན་ཐང་འཕར་མེད་པ། དེས་ཀྱང་ཀུང་སིའི་སྤུས་ཚད་དོ་དམ་ལ་ཕམ་ཉེས་ཡོང་གིན་ཡོད།

8_3 དོ་དམ་པའི་བྱས་རྗེས་མི་འདང་བ།

བརྟག་དཔྱད་བྱས་པ་ལྟར་ན། ཀུང་སི་མང་ཆེ་བའི་སྤུས་ཚད་དོ་དམ་གྱི་བྱ་འགུལ་གྱི་ཕམ་ཁ་ནི་ལག་རྩལ་མ་ཡིན་པར་དོ་དམ་ཕྱོགས་ཀྱི་རྒྱུ་རྐྱེན་ཡིན། སྤུས་ཚད་དོ་དམ་གྱི་དབང་གྲགས་ཚང་མར་ཐུན་མོང་གི་ངོས་འཛིན་ཞིག་ཡོད་པ་དེ་ནི་སྤུས་ཚད་དོ་དམ་ཐད་ཀྱི་འགོག་རྐྱེན་ཆེ་ཤོས་ནི་སྤུས་ཚད་ལེགས་སུ་གཏོང་བའི་ཁྲོད་མཐོ་རིམ་དོ་དམ་པའི་ལེགས་སྐྱེས་མི་འདང་བ་དེ་རེད།

8_4 དམིགས་ཡུལ་མེད་པའི་གསོ་སྦྱོང་།

ཀུང་ཟིའི་སྒོར་མོ་མང་པོ་ཞིག་གིས་སྤུས་ཚད་དོ་དམ་གྱི་སྦྱོང་བརྡར་ལ་བཀོལ་བཞིན་ཡོད། འོན་ཀྱང་ཀུང་སི་མང་པོ་ཞིག་གིས་དེའི་རྐྱེན་གྱིས་རྩ་བ་ནས་ལེགས་བཅོས་བྱས་མེད། རྒྱུ་མཚན་ནི་སྤུས་ཚད་དོ་དམ་གྱི་སྦྱོང་བརྡར་ལ་འབྲེལ་བ་མེད་པ་ཡིན།

8_5 མ་གནས་དང་ཁེ་ཕན་དབྱེ་ཞིབ་འདང་བ། 

ཀུང་སི་མང་པོ་ཞིག་གིས་སྤུས་ཚད་ཀྱི་མ་གནས་མི་བརྩི་ལ་ལེགས་བཅོས་རྣམ་གྲངས་ཀྱི་ཁེ་ཕན་ཡང་མི་བརྩི་བར་སྤུས་ཚད་ཀྱི་མ་གནས་རྩིས་རྒྱག་པའི་ཀུང་སིས་ཀྱང་རྟག་ཏུ་མངོན་གསལ་དོད་པོས་མཐོང་ཐུབ་པའི་མ་གནས་(དཔེར་ན་ཁག་ཐེག)དང་རྩིས་རྒྱག་སླ་བའི་མ་གནས(དཔེར་ན་སྦྱོང་བརྡར་གྲོན་དངུལ)ཁོ་ན་རྩིས་བརྒྱབ་སྟེ་འབྲེལ་ཡོད་ཀྱི་མ་གནས་གཙོ་བོ་དཔེར་ན་ཕྱིར་འཚོང་གྱོང་གུན་དང་ཉོ་མཁན་ཁ་བྲལ་བའི་གཟུགས་མེད་མ་གནས་ལ་དོ་སྣང་གཏན་ནས་བྱེད་ཀྱིན་མེད།

8_6 ཚད་འཇལ་དང་ནོར་འཁྲུལ་ཆད་ཀྱི་ཚད་འཇལ།

ཚད་འཇལ་དང་ནོར་འཁྲུལ་གྱི་ཚད་འཇལ་ནི་ཀུང་སིའི་སྤུས་ཚད་དོ་དམ་ལ་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་གཞན་ཞིག་རེད། འོས་འཚམ་མིན་པའི་སྒོ་ནས་དུས་ཐུང་གི་བྱ་སྤྱོད་ཀྱིས་དུས་ཡུན་རིང་པོའི་ཕན་འབྲས་ཀྱི་སྡེ་ཁག་ཅིག་གི་ལེགས་བཅོས་ལ་གྱོང་གུན་བཟོས་པར་ཚད་མཐོའི་སྐུལ་མ་གཏོང་བ་དེ་རིན་དོད་དུ་འཛིན་དགོས།

8_7 རྩིས་གཉེར་ལམ་ལུགས་འཐུས་ཚང་མིན་པ།  

ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩིས་གཉེར་ལམ་ལུགས་ཀྱིས་ཀུང་སིའི་སྤུས་ཚད་དོ་དམ་གྱི་ཕམ་ཁ་ལ་འགན་འཁྲི་ཆེན་པོ་ཡོད། དེས་སྤུས་ཚད་ཀྱི་མ་གནས་ལ་འཁྱོག་བཤད་བྱས་ནས་དེའི་མངོན་མེད་ཀྱི་ཤུགས་རྐྱེན་ཤེས་མེད།

9 སྤུས་ཚད་ལེགས་བཅོས་ཀྱི་དོན་སྙིང་།

ཁྱོན་ཡོངས་ཀྱི་སྤུས་ཚད་དོ་དམ་ཞེས་པ་ནི་ཁེ་ལས་ཀྱི་མི་སྣ་ཡོངས་རྫོགས་དང་སྡེ་ཁག་སོ་སོས་ཕར་བ་གྲུ་འདེགས་བྱས་ནས། གཉེར་སྐྱོང་དོ་དམ་དང་། ཆེད་ལས་ལག་རྩལ། གྲངས་འབོར་བསྡོམས་རྩིས་བྱེད་ཐབས། བསམ་བློའི་སློབ་གསོ་བཅས་ཟུང་འབྲེལ་བྱས་ནས་ཐོན་རྫས་ཞིབ་འཇུག་དང་གསར་སྤེལ། ཇུས་འགོད། ཐོན་སྐྱེད་ལས་སྒྲུབ། ཞབས་ཞུ་སོགས་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་མ་ལག་བཙུགས་ནས་མི་ཤུགས་དང་། དངོས་ཤུགས། ནོར་ཤུགས། ཆ་འཕྲིན་སོགས་ཐོན་ཁུངས་ཕན་ནུས་ལྡན་པའི་སྒོ་ནས་བེད་སྤྱོད་བྱས་ཏེ་གཏན་འབེབས་ཀྱི་བླང་བྱ་དང་མཐུན་ཞིང་འཛད་སྤྱོད་པའི་རེ་བ་དང་མཐུན་པའི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱས་པར་ཟེར།  

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤུས་ཚད་དོ་དམ། སྤུས་ཚད། དོ་དམ།