ཚོང་གཉེར་དོ་དམ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-14 15:29ལ་འགྲུབ།

ཚོང་གཉེར་དོ་དམ།

ཚོང་གཉེར་དོ་དམ།
ཚོང་གཉེར་དོ་དམ་ཞེས་པ་ནི་ཁེ་ལས་ཀྱིས་ཚོང་གཉེར་གྱི་དམིགས་ཡུལ་མངོན་འགྱུར་ཡོང་ཆེད་དམིགས་ཡུལ་དང་སྐུ་མགྲོན་དང་བརྗེ་རེས་ཀྱི་འབྲེལ་བ་འཛུགས་པ་དང་། གོང་འཕེལ་གཏོང་བ། འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཚོང་གཉེར་ཇུས་གཞིར་དབྱེ་ཞིབ་དང་། ཇུས་འགོད། ལག་བསྟར། ཚོད་འཛིན་བཅས་བྱེད་པ་ལ་ཟེར། གཉེར་ཚོང་དོ་དམ་ནི་ཁེ་ལས་འཆར་འགོད་དང་གཉེར་ཚོང་གི་འདུ་ཤེས་ལག་བསྟར་དང་ཁྲོམ་རའི་གཉེར་ཚོང་མཉམ་སྡེབ་བཟོས་ནས་དམིགས་བྱའི་སྐུ་མགྲོན་གྱི་དགོས་མཁོ་དང་ཁེ་ལས་ཀྱི་ཁེ་ཕན་སྐོང་ཆེད་བརྗེ་རེས་བྱེད་པའི་བརྒྱུད་རིམ་ལྡན་པའི་དོ་དམ་གྱི་བརྒྱུད་རིམ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
营销管理
ཕྱི་ཡིག་གི་མིང་།
Marketing management
དམིགས་ཡུལ།
གཉེར་སྐྱོང་དམིགས་ཚད་མངོན་འགྱུར་དང་།འཕེལ་རྒྱས་དང་། འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང སྐུ་མགྲོན་དང་བརྗེ་རེས་འབྲེལ་བ་འཛུགས་པ།
སྤྱད་འཐུས་བྱ་ཡུལ།
ཁེ་ལས།
ཐབས་ཤེས།
མཇུག་འབྲས་དོ་དམ་དང་། ཕྱིར་འཚོང་འཆར་གཞིའི་དོ་དམ། མཁོ་མཁན་དོ་དམ།
གོ་གནས།
ཁེ་ལས་གཉེར་སྐྱོང་དོ་དམ་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། ཁེ་ལས་གཉེར་ཚོང་ཚན་པའི་འགན་ནུས་གཙོ་བོ་ཡིན།
1 དགོས་མཁོ་རིགས་ལྔ།

དགོས་མཁོ་གཏན་འཁེལ་བྱ་རྒྱུའི་གནད་དོན་དེ་ཁེ་ལས་ཀྱི་ཕྱོགས་མང་པོའི་ཐད་ལ་ཐུག་ཡོད་ཅིང་། ཁེ་ལས་ཀྱིས་ཚོགས་པའི་མཉམ་ལས་ནན་བཤད་དང་། མཁོ་སྤྲོད་འབྲེལ་ཐག་ནན་བཤད་བྱས་པས། ལྷུ་ཚིགས་ཁག་གི་དགོས་མཁོ་ཚང་མར་བསམ་གཞིགས་བྱ་དགོས། དེ་ལྟ་བུའི་ཚོང་གཉེར་སྲིད་ཇུས་ནི་སྲིད་ཇུས་ཡག་པོ་ཞིག་ཡིན། འོན་ཀྱང་ཚོང་གཉེར་བྱེད་སྐབས་ཁེ་ལས་ཀྱིས་ཚོང་གཉེར་གྱི་སྲིད་ཇུས་གཏན་འབེབས་བྱེད་སྐབས་ཚོང་གཉེར་གྱི་སྲིད་ཇུས་ཁྱབ་སྤེལ་གཏོང་བའི་ཕྱོགས་གང་ཅིའི་ཐད་ལ་བསམ་གཞིགས་གང་ལེགས་བྱ་དགོས། དེའི་ནང་ནས་གཙོ་བོ་ཁེ་ལས་དང་། འཛད་སྤྱོད་པ། བརྒྱུད་འཚོང་བྱེད་མཁན། མཐའ་སྣེ། ཕྱིར་ཚོང་བྱེད་མཁན་བཅས་ཕྱོགས་ལྔའི་ཐད་ལ་བསམ་བློ་གཏོང་དགོས། ཚོང་གཉེར་དོ་དམ་གྱིས་ཁེ་ལས་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་། འཛད་སྤྱོད་པའི་དགོས་མཁོ་སྐོང་ཐུབ་པ། བརྒྱུད་ཚོང་པའི་དགོས་མཁོ་སྐོང་ཐུབ་པ། མཐའ་སྣེའི་དགོས་མཁོ་སྐོང་ཐུབ་པ། བྲིན་ཚོང་དཔུང་ཁག་གི་དགོས་མཁོ་སྐོང་ཐུབ་པ་བཅས་བྱས་ནས་རྒྱུན་ཆད་མེད་པར་དགོས་མཁོ་སྐོང་ཐུབ་པ་བྱེད་པའི་བརྒྱུད་རིམ་ནང་ཁེ་ལས་ལ་འཕེལ་རྒྱས་བྱུང་ཡོད།

2 ཁེ་ལས་ཀྱི་དགོས་མཁོ་སྐོང་བ།

ཁེ་ལས་ཀྱིས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་བརྩོན་ལེན་བྱེད་བཞིན་ཡོད་པས། གསལ་པོར་བཤད་ན་རྒྱུན་མཐུད་ངང་ཁེ་བཟང་ཟ་བ་དེ་རེད། ཁེ་ལས་ཀྱིས་དུས་ཐུང་ཁེ་སྤོགས་མི་ལེན་པ་དང་། རྒྱ་སྐྱེད་གཏོང་བ། འཕེལ་རྒྱས་གཏོང་ཐབས་བཅས་བྱས་ཆོག་མོད། འོན་ཀྱང་མཐར་ཐུག་གི་དམིགས་ཡུལ་ནི་ཁེ་སྤོགས་རག་ཐབས་བྱ་རྒྱུ་དེ་རེད། མི་སྣ་དང་། མ་དངུལ། དོ་དམ་སོགས་ཚང་མ་ནི་ཁེ་ལས་ལ་རྒྱུན་མཐུད་ངང་ཁེ་བཟང་རག་ཐབས་བྱེད་པའི་བྱ་ཐབས་ཤིག་ཡིན།

3 འཛད་སྤྱོད་པའི་དགོས་མཁོ་སྐོང་བ།

ཀྲུང་གོའི་འཛད་སྤྱོད་པ་ནི་ནར་སོན་མེད་པ་ཞིག་ཡིན་པས། ད་གཟོད་ཁེ་ལས་ཀྱིས་ཁྲིད་ནོར་བྱེད་སླ་ཞིང་། ཇུས་འགོད་པས་ཐ་སྙད་གང་སར་ཁྱབ་པ་དང་། ལོ་གསུམ་མམ་ཡང་ན་ལོ་ལྔ་ཙམ་ལ་འཆར་འགོད་བྱེད་ཐུབ། དོན་དངོས་དང་ཚུལ་མཐུན་གྱི་འཛད་སྤྱོད་པའི་དགོས་མཁོ་ནི་ཅི་ཞིག་ཡིན་ནམ། འཛད་སྤྱོད་པས་ཐོན་རྫས་ཡག་པོའི་སྤུས་ཚད་ལ་དགོས་མཁོ་ཡོད་པ་དང་། འཛད་སྤྱོད་པས་ལུགས་མཐུན་གྱི་རིན་གོང་ལ་དགོས་མཁོ་ཡོད་པ། འཛད་སྤྱོད་པས་བཙོངས་རྗེས་ཀྱི་ཞབས་ཞུ་ཡག་པོ་བྱེད་པར་དགོས་མཁོ་ཡོད་པ། འཛད་སྤྱོད་པའི་དགོས་མཁོ་ནི་ཁེ་ལས་ཀྱི་ངོས་ནས་བཤད་ན་གལ་ཆེ་ཤོས་དང་ཡུན་རིང་ཤོས་ཡིན་པས། ཁེ་ལས་ཀྱིས་དུས་ཐུང་གི་ཁེ་ཕན་བསམ་ནས་འཛད་སྤྱོད་པའི་དགོས་མཁོ་སྣང་མེད་དུ་བཞག་ཆོག་མོད། འོན་ཀྱང་འཛད་སྤྱོད་པས་འདེམས་ཤོག་འཕངས་ཚེ་ཁོང་ཚོས་ཁ་བྲལ་རྒྱུའི་གདམ་ག་བྱེད་སྲིད།

4 བརྒྱུད་ཚོང་ཁང་གི་དགོས་མཁོ།

བརྒྱུད་ཚོང་ཁང་གི་དགོས་མཁོ་ནི་རྟག་པར་འགྱུར་བ་ཡོང་གི་ཡོད་མོད། འོན་ཀྱང་མཐར་གཏུགས་ནས་བཤད་ན་ཕྱོགས་གསུམ་ཡིན་པ་སྟེ།

1.བརྒྱུད་འཚོང་བྱེད་མཁན་གྱི་དགོས་མཁོ་དང་ཕྱིར་ཚོང་བྱེད་ཚད།

2.བརྒྱུད་འཚོང་ཁང་གི་དགོས་མཁོ་དང་ཁེ་སྤོགས་ཀྱི་ཚད།

3.ཚོང་གཉེར་བྱེད་མཁན་ལ་གཏན་འཇགས་ཀྱི་འཛད་སྤྱོད་པ་དགོས།  

5 ཕྱིར་འཚོང་རུ་ཁག་གི་དགོས་མཁོ།

ཁེ་ལས་ཀྱི་དགོས་མཁོ་ནི་རྩ་བ་ཡིན་ལ་ཚོང་གཉེར་དོ་དམ་གྱི་གཞི་འཛིན་ས་ཡང་ཡིན། དེའི་ཁྲོད་ཀྱི་འཛད་སྤྱོད་པའི་དགོས་མཁོ་དང་། ཚོང་གཉེར་ཚོང་པའི་དགོས་མཁོ། མཐའ་སྣེའི་དགོས་མཁོ་བཅས་ཕན་ཚུན་འབྲེལ་ནས་ཡོད་པས། ལྷུ་ཚིགས་གཅིག་གིས་མ་འདང་ཚེ། ཚོང་གཉེར་སྲིད་ཇུས་ལག་བསྟར་ལ་ནོར་འཁྲུལ་འབྱུང་སྲིད། ལྷུ་ཚིགས་གཅིག་གི་ནང་དུ“མི་ལེགས་པ”ཚེ། ཁེ་ལས་ལ“མི་ལེགས་པ”འི་གནས་ཚུལ་འབྱུང་བའི་ཉེན་ཁ་ཡོད། ཚོང་གཉེར་དོ་དམ་པ་ཞིག་ཡིན་པའི་ཆ་ནས། ཕྱོགས་འདི་ལྔ་ནས་མགོ་བརྩམས་ཏེ་ཚོང་གཉེར་གྱི་གནད་དོན་ལ་བསམ་བློ་གཏོང་དགོས། གལ་ཏེ་ཚོང་གཉེར་ལ་གནད་དོན་བྱུང་ན། ངེས་པར་དུ་ཕྱོགས་ལྔའི་ཐད་ནས་གནད་དོན་བྱུང་བ་རེད། ཚོང་གཉེར་དོ་དམ་པ་ཕུལ་བྱུང་རྣམས་ཀྱིས་ཕྱོགས་ལྔའི་ཐད་དབྱེ་ཞིབ་བྱེད་མཁས་པ་དང་། ཕྱོགས་ལྔའི་ཐད་ཀྱི་ཐོན་ཁུངས་གཏོང་འཇོག་དོ་མཉམ་བྱེད་མཁས་པོ་བྱས་ནས་ཚོང་གཉེར་གྱི་ཕན་འབྲས་ལེགས་ཤོས་འཐོབ་པར་བྱ་དགོས།

6 བརྒྱུད་རིམ་དངོས།

1.ཚོང་རའི་གོ་སྐབས་ལ་དབྱེ་ཞིབ་བྱེད་པ།

(1)ཚོང་རའི་གོ་སྐབས་སྔོག་འདོན་བྱེད་པ།

(2)ཚོང་རའི་གོ་སྐབས་ལ་གདེང་འཇོག་བྱེད་པ།

2.དམིགས་ཡུལ་གྱི་ཚོང་ར་འདེམ་པ།

(1)ཚོང་རར་བསྡུར་ཞིབ་དང་སྔོན་དཔག་བྱ་དགོས།

(2)ཚོང་རར་ཞིབ་དབྱེ་བྱེད་པ།  

(3)དམིགས་བྱའི་ཚོང་ར་གདམ་དགོས།

(4)ཚོང་རའི་གནས་ཐིག་གཏན་ཁེལ།

གསུམ། ཚོང་རའི་ཚོང་གཉེར་གྱི་མཉམ་སྡེབ་འཆར་འགོད་བཟོ་དགོས།

(1)ཐོན་རྫས།

ཁེ་ལས་ཀྱི་ཚབ་བྱས་ཏེ་དམིགས་ཚད་ཁྲོམ་རར་མཁོ་འདོན་བྱས་པའི་དངོས་ཟོག་གམ་ཞབས་ཞུའི་མཉམ་སྡེབ་ལ་ཟེར། དེའི་ནང་ཐོན་རྫས་ཀྱི་ཚོང་རྟགས་དང་། ཐུམ་སྒྲིལ། སྤུས་ཀ ཞབས་ཞུ། དེ་བཞིན་ཐོན་རྫས་མཉམ་སྡེབ་སོགས་ཀྱི་ནང་དོན་ཚུད་ཡོད།

(2)རིན་གོང་།

འཛད་སྤྱོད་པའི་ཚབ་བྱས་ནས་ཐོན་རྫས་དེ་ཐོབ་པའི་ཆེད་དུ་བཏོན་པའི་དངུལ་གྲངས་ལ་སིལ་ཚོང་རིན་གོང་དང་། སྡེབ་ཚོང་རིན་གོང་། ཕབ་ཆ་དང་ཡིད་རྟོན་ཆ་རྐྱེན་སོགས་ཚུད་ཡོད།

(3)ཁག་བགོས་འགྲེམས་འཚོང་།

ཁེ་ལས་ཀྱི་ཚབ་བྱས་ཏེ་ཐོན་རྫས་སྐྱེལ་ཡུལ་ཉོ་མཁན་གྱི་ལག་ཏུ་སྤྱད་པའི་བྱེད་སྒོ་སྣ་ཚོགས་ཀྱི་ནང་སྡེབ་ཚོང་པ་དང་སིལ་ཚོང་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ་སོགས་ཚུད་ཡོད།

(4)བྲིན་ཚོང་།

ཁེ་ལས་ཀྱི་ཚབ་བྱས་ཏེ་རང་གི་ཐོན་རྫས་ཀྱི་ལེགས་ཆ་དང་གོ་སྐོན་བློ་འགུག་གི་དམིགས་ཡུལ་དྲིལ་བསྒྲགས་བྱེད་ཆེད་ཉོ་མཁན་གྱིས་ཉོ་སྒྲུབ་བྱེད་པའི་བྱེད་སྒོ་སྣ་ཚོགས་ཀྱི་ནང་བརྡ་ཁྱབ་དང་། མི་སྣའི་འགྲེམས་ཚོང་། གཉེར་སྐྱོང་ཁྱབ་གདལ། དེ་བཞིན་སྤྱི་པའི་འབྲེལ་བ་སོགས་ཚུད་ཡོད།

4.ཚོང་རའི་ཚོང་གཉེར་སྒྲིག་འཛུགས་དང་། ལག་བསྟར། ཚོད་འཛིན་བཅས་བྱེད་པ།

7 ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།

ཚོང་མགྲོན་ཞིག་དང་འཕྲད་པའམ་ཡང་ན་བྱ་བ་ཞིག་ལག་བསྟར་བྱས་རྗེས། གྲུབ་འབྲས་ཅུང་ཙམ་ཐོབ་ཡོད་མོད། འོན་ཀྱང་ཕྱོགས་གཅིག་ཏུ་བཞག་ནས་བསམ་བློ་མ་བཏང་བ་དང་ལེགས་སྒྲིག་མ་བྱས་ན། སྐབས་དེའི་མྱོང་ཚོར་དལ་བུའི་ངང་བརྗེད་འགྲོ། རྩོམ་འབྲི་བར་བརྟེན་ནས་མྱོང་ཚོར་ཐུབ་པར་བྱས་ཏེ་ལས་ཀའི་ཚོར་ཤེས་དེ་རང་ཉིད་ཀྱི་ཤེས་བྱའི་མ་ལག་ནང་བཙུགས་ནས་རང་ཉིད་ཀྱི་བློ་གྲོས་ཀྱི་གྲུབ་ཆ་ཞིག་ཏུ་འགྱུར་བ་བྱེད་པ་དང་འབྲེལ། དུས་མཇུག་གི་ལས་ཀའི་ཁྲོད་མཛུབ་ཁྲིད་དང་ལག་ལེན་ཐུབ་པ་བྱ་རྒྱུ་དེ་ནི་ལས་ཀའི་ཁྲོད་ནས་ཐོབ་པའི་ཕན་འབྲས་ངོ་མ་ཞིག་རེད།

8 ལས་ཀའི་བསམ་ཕྱོགས་གཙང་བཤེར།

བྱ་བ་ཞིག་ལེགས་འགྲུབ་བྱུང་རྗེས། རྒྱུན་པར་གྲུབ་འབྲས་ཆེན་པོ་ཐོབ་པའི་སྣང་བ་སྟེར། སྐབས་དེར་ཀླད་པའི་ནང་གི་བསམ་ཚུལ་ཁ་ཤས་རབ་རིབ་དང་རྙོག་འཛིང་ཡིན། དེ་དག་བྲིས་ན་གནས་སྐབས་སུ་ཀླད་ཆེན་ཁྲོད་ཀྱི་བསམ་ཚུལ་སྣ་ཚོགས་ལ་གཙང་བཤེར་བྱས་ཏེ། རིག་ལམ་གསལ་བའི་བྱ་བའི་གོ་རིམ་གྲུབ་ཐུབ།

9 མཚོན་ཐབས་ཀྱི་ནུས་པ་ཆེ་རུ་གཏོང་བ།

མྱོང་ཚོར་འབྲི་རྒྱུའི་དམིགས་ཡུལ་གཙོ་བོ་ནི་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། མྱོང་ཚོར་འབྲི་སྐབས། དེ་ནི་སྒྲིག་འཛུགས་ཀྱི་སྐད་བརྡ་དང་ཕྱོགས་བསྡོམས་བྱེད་པ་དང་། གཙོ་གནད་སྟངས་འཛིན་བྱེད་པའི་ནུས་པ་ལ་ཕྱོགས་བསྡུས་སྦྱོང་བརྡར་བྱེད་པ་ཞིག་ཡིན། རྩོམ་འབྲི་བའི་ལས་ཀའི་མྱོང་ཚོར་གྱི་གོམས་གཤིས་ཆགས་པ་བྱས་ཚེ་ང་ཚོའི་སྐད་ཆའི་མཚོན་ཐབས་དང་། གཏན་ཚིགས་ཀྱི་བསམ་གཞིགས་ནུས་པ། གོ་བ་ལེན་པའི་ནུས་པ་བཅས་མཐོ་རུ་གཏོང་ཐུབ།

10 བྱེད་ཐབས་གཙོ་བོ།

ཁེ་ལས་ཀྱིས་ཚོང་གཉེར་དོ་དམ་གྱི་ལས་ཀ་ཡག་པོ་བསྒྲུབ་བསམས་ན་ངེས་པར་དུ་འཐུས་སྒོ་ཚང་བའི་ཕྱིར་འཚོང་དོ་དམ་མ་ལག་ཆ་ཚང་ཞིག་འཛུགས་དགོས།

1.མཇུག་འབྲས་དོ་དམ།

2.ཕྱིར་འཚོང་འཆར་གཞིའི་དོ་དམ།

3.མཁོ་མཁན་དོ་དམ།

11 མ་དཔེ་སྒྱུར་བ།

རང་རྒྱལ་གྱི་ཁེ་ལས་གཉེར་ཚོང་དོ་དམ་བྱེད་སྟངས་གཅིག་སྡུད་ནས་ཁ་ཐོར་དང་གཅིག་སྡུད་བར་གྱི་འཁོར་རྒྱུག་འཕེལ་རྒྱས་ཀྱི་བརྒྱུད་རིམ་བརྒྱུད་ཡོད། ཁེ་ལས་ཀྱི་གཞི་ཁྱོན་ཅུང་ཆུང་བ་དང་། ཚོང་རའི་ས་ཁོངས་ཅུང་གཅིག་བསྡུས་ཡིན་སྐབས། ཁེ་ལས་ཀྱིས་སྤྱིར་བཏང་དུ་དབང་ཆ་གཅིག་སྡུད་ཚད་མཐོན་པོ་བྱེད་པའི་གཅིག་བསྡུས་ཀྱི་ཚོང་གཉེར་དོ་དམ་བྱེད་སྟངས་སྤྱོད་ཀྱིན་ཡོད། དུས་རབས20པའི་ལོ་རབས90པ་ནས་བཟུང་། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དང་ཆ་འཕྲིན་ལག་རྩལ་གསར་བརྗེས་ཁེ་ལས་ཀྱི་གཞི་ཁྱོན་དེ་ཚུལ་མཐུན་ངང་རྒྱ་བསྐྱེད་བཞིན་ཡོད་པ་དང་། ལས་རིགས་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བའི་ཚོང་རའི་འཁོར་སྐྱོད་དེ་རིམ་བཞིན་ཁེ་ལས་གཉེར་སྐྱོང་གི་རྒྱུན་རྣམ་དུ་གྱུར་ཡོད།

12 དོན་སྙིང་གཙོ་བོ།

ཁེ་ལས་ཀྱི་ཁྲོད་དུ་འཐུས་སྒོ་ཚང་བའི་ནང་རྐྱེན་དང་། ལུགས་དང་མཐུན་པའི་དོ་དམ། ཕན་ནུས་ལྡན་པའི་གཉེར་འཚོང་ཐབས་ལམ་བཅས་ཀྱིས་ཁེ་ལས་ཆ་ཚང་ཞིག་གྲུབ་པ་དང་། ཁེ་ལས་ཀྱི་དོ་དམ་འགན་ནུས་འདོན་སྤེལ་བྱས་ན། ཁེ་ལས་ཀྱི་ཚོང་རའི་གཉེར་འཚོང་ནང་གལ་འགངས་ཤིན་ཏུ་ཆེ་བ་དང་། དོ་དམ་ཡོད་ན། གཉེར་ཚོང་ཡང་གོ་རིམ་ལྡན་པ་ཞིག་ཏུ་འགྱུར་སྲིད་པས། སྡེ་ཁག་སོ་སོའི་བར་གྱི་གཞོགས་འདེགས་ཀྱང་ཧ་ཅང་གཅིག་མཐུན་ཡོང་སྲིད། ལས་ཆོད་ཀྱང་ཆེ་རུ་འགྲོ་ངེས་ཡིན་པ་སྨོས་ཅི།

12_1 མི་སྣ་བཀོད་སྒྲིག་ལུགས་མཐུན་བྱེད་པར་ཕན་པ།

ཁེ་ལས་ཀྱི་ཚོང་གཉེར་ཁྲོད་དོ་དམ་པས་མི་སྒེར་གྱི་ནུས་པར་གཞིགས་ནས་ནང་ཁུལ་གྱི་ཚོང་གཉེར་རྩ་འཛུགས་ལེགས་སྒྲིག་བྱེད་དགོས། མི་ཤུགས་ཀྱི་མ་རྩ་དེ་ཤེས་བྱའི་དཔལ་འབྱོར་ཆ་རྐྱེན་འོག་ཏུ་མེད་དུ་མི་རུང་བའི་ཚོང་རའི་གཉེར་འཚོང་གི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད།

12_2 ཁེ་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཕན་པ་ཡོད།

ཁེ་ལས་ཀྱི་ཚོང་གཉེར་བརྒྱུད་རིམ་ཁྲོད་དུ་རྒྱུན་ཆད་མེད་པར་ཕྱོགས་བསྡོམས་བྱས་ཏེ། རྒྱུན་ཆད་མེད་པར་མཐུན་འཕྲོད་རང་བཞིན་གྱི་སྙོམ་སྒྲིག་བྱེད་དགོས། སྙོམས་སྒྲིག་ལེགས་པོ་བྱས་ན། ད་གཟོད་ཁེ་ལས་ཀྱི་ཚོང་རའི་འགྱུར་བ་སྣ་ཚོགས་ལ་བསྟུན་ཐུབ་པ་དང་། ད་གཟོད་ཁེ་ལས་ཀྱི་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ།

12_3 ཁེ་ལས་ཀྱི་ཚོང་ར་གསར་སྤེལ་ལ་ཕན་ཐོགས་ཡོད།

ཤེས་བྱའི་དཔལ་འབྱོར་དུས་རབས་ཀྱི་ཁྱད་ཆོས་ཆེ་ཤོས་ནི་ཚན་རྩལ་མཐོ་གྲས་རྣམས་ཚོང་རའི་དབང་སྒྱུར་སྟོབས་ཤུགས་སུ་གྱུར་པ་དང་། ཚོང་རའི་དགོས་མཁོའི་གཏིང་ཤུགས་ཚད་མེད་ཡོད་པ་མ་ཟད། རིམ་བཞིན་ལས་རིགས་ཁག་དང་འབྲེལ་བ་ཡོད་པས། ཚོང་ར་རྒྱ་སྐྱེད་གཏོང་བའི་བར་སྟོང་ཧ་ཅང་ཆེན་པོ་ཡོད།

གོང་དུ་བཤད་པ་མདོར་བསྡུས་ན། དཔལ་འབྱོར་གྱི་གནས་བབ་གསར་པའི་འོག་ཏུ་ཁེ་ལས་ནི་ངེས་པར་དུ་ཚོང་ར་འཕེལ་རྒྱས་འགྲོ་བ་དང་དམ་པོར་འབྲེལ་དགོས་ཤིང་། ལག་ལེན་ཟམ་མི་འཆད་པར་བྱེད་པ་དང་། རྒྱུན་ཆད་མེད་པར་ཕྱོགས་བསྡོམས་བྱེད་པ། ཟམ་མི་ཆད་པར་གསར་གཏོད་བྱེད་པ་བཅས་བྱས་ན་མ་གཏོགས་ཁེ་ལས་འཕེལ་རྒྱས་ཡུན་རིང་བརྟན་པོ་ཡོང་མི་ཐུབ།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཚོང་གཉེར་དོ་དམ། ཚོང་གཉེར། དོ་དམ།