སྒྲ་ཡངས་འཇུག་གི་རིན་གོང་ཁྲོད་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་རིན་གོང་ནི་སྤྱིར་བཏང་དུ་བེད་སྤྱོད་བྱེད་དབང་གི་རིན་གོང་ལ་ཟེར་ཞིང་། སྒྲ་དོག་འཇུག་གི་རིན་གོང་ཁྲོད་དུ། དེ་ནི་བེད་སྤྱོད་བྱེད་དབང་གི་རིན་གོང་ཡིན་ལ། བདག་དབང་གི་རིན་གོང་ཡང་ཡིན།
དེའི་ནང་སྤྱིར་བཏང་གི་ཚོང་ཟོག་དང་ངལ་ལས་ཀྱི་རིན་གོང་ཚུད་ཡོད་པ་དང་། ད་དུང་ངལ་རྩོལ་ནུས་ཤུགས་ཀྱི་རིན་གོང་དང་། ས་ཆའི་རིན་གོང་། མ་དངུལ་གྱི་རིན་གོང་སོགས་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་རིན་གོང་དང་དེ་བཞིན་དངུལ་བརྗེས་འཛའ་ཐང་གི་དམིགས་བསལ་གྱི་དངུལ་ལོར་རིན་གོང་ཚུད་ཡོད།
ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཡིན་པའི་ངལ་རྩོལ་ནུས་ཤུགས་དང་། མ་དངུལ། ས་ཞིང་བཅས་ཚོང་རའི་ཐོག་ཕར་ལ་སྤྲད་པ་ཚང་མ་བདག་དབང་མིན་པར་སྤྱོད་དབང་ཡིན། དེའི་ཕྱིར་གླ་ཕོགས་ནི་ངལ་རྩོལ་ནུས་ཤུགས་ཚོང་ཟོག་གི་བེད་སྤྱོད་བྱེད་དབང་གི་རིན་གོང་ཙམ་ཡིན། སྐྱེད་ཀ་ནི་མ་དངུལ་བཀོལ་སྤྱོད་བྱེད་དབང་གི་རིན་གོང་ཙམ་ཡིན། ས་ཞིང་གི་རིན་གོང་ཡང་ས་ཞིང་བཀོལ་སྤྱོད་དབང་ཆའི་རིན་གོང་ཙམ་ཡིན།
ཁྱབ་ཆེའི་རིན་གོང་ནང་གི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་རིན་གོང་ནི་རྨང་གཞིའི་རང་བཞིན་གྱི་རིན་གོང་དང་འཐབ་ཇུས་རང་བཞིན་གྱི་རིན་གོང་ཡིན་ཞིང་། དེས་རྒྱལ་དམངས་དཔལ་འབྱོར་གྱི་རིན་གོང་མ་ལག་ནང་དམིགས་བསལ་གྱི་གོ་གནས་བཟུང་ཡོད། ངལ་རྩོལ་ནུས་ཤུགས་ཀྱི་རིན་གོང་དང་། ས་ཞིང་། མ་དངུལ་བཅས་ཀྱི་རིན་གོང་ཡིན་ནའང་འདྲ། ཡང་ན་དངུལ་བརྗེས་འཛའ་ཐང་ལྟ་བུའི་དངུལ་ལོར་གྱི་རིན་གོང་ཡིན་ནའང་འདྲ། ཁྱབ་ཆེའི་རིན་གོང་ཚང་མ་སྒྲ་དོག་འཇུག་གི་རིན་གོང་གི་རྨང་གཞི་ཡིན་པས། ཚད་ངེས་ཅན་ཞིག་གི་ཐོག་ནས་ཚོང་ཟོག་དཀྱུས་མ་དང་ངལ་ལས་ཀྱི་རིན་གོང་ཐག་གཅོད་དང་ཚོད་འཛིན་བྱེད་ཀྱི་ཡོད། སྒྲ་དོག་འཇུག་གི་རིན་གོང་ལུགས་མཐུན་ཅན་དང་ཚན་རིག་ཅན་དུ་འགྱུར་བ་ནི་དེའི་ནང་ཁུལ་གྱི་རིན་གོང་བསྡུར་ཚད་དང་རིན་ཁྱད་འོས་འཚམ་གྱི་བཀོད་སྒྲིག་དང་མཐུན་སྦྱོར་ལ་རག་ལས་པ་མ་ཟད། ད་དུང་ཁྱབ་ཆེའི་རིན་གོང་ལུགས་མཐུན་ཡིན་མིན་དང་ཚན་རིག་དང་མཐུན་མིན་ལ་རག་ལས་ཡོད།