ནོར་དོན་དོ་དམ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-14 08:23ལ་འགྲུབ།

ནོར་དོན་དོ་དམ།

ནོར་དོན་དོ་དམ།
ནོར་དོན་དོ་དམ་ནི་ཁྱོན་ཡོངས་ཀྱི་དམིགས་འབེན་ངེས་ཅན་ཞིག་གི་འོག མ་རྩ་ཉོ་བ(མ་འཇོག)དང་། མ་རྩ་འཁོར་རྒྱུག(མ་དངུལ)གཉེར་སྐྱོང་ཁྲོད་ཀྱི་དངུལ་སྨར་བཞུར་ཚད(སྐྱེལ་འདྲེན་མ་དངུལ)དེ་བཞིན་ཁེ་སྤོགས་བགོ་འགྲེམས་ཀྱི་དོ་དམ་བཅས་ཀྱི་སྐོར་ཡིན། ནོར་དོན་དོ་དམ་ནི་ཁེ་ལས་དོ་དམ་གྱི་གྲུབ་ཆ་ཞིག་ཡིན། དེ་ནི་ནོར་སྲིད་དང་དཔལ་འབྱོར་གྱི་ཁྲིམས་སྲོལ་ལམ་ལུགས་ལྟར་ནོར་དོན་དོ་དམ་གྱི་རྩ་དོན་ལྟར་ཁེ་ལས་ནོར་དོན་བྱ་འགུལ་རྩ་འཛུགས་བྱས་ནས་ནོར་དོན་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་དཔལ་འབྱོར་དོ་དམ་གྱི་བྱ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
财务管理
ཕྱི་ཡིག་གི་མིང་།
Financial Management
སྤྱོད་སྒོ།
དངུལ་རྩའི་དོ་དམ།
སྤྱད་འཐུས་ཁྱབ་ཁོངས།
དངུལ་རྩ།
1 ནོར་དོན་དོ་དམ་དང་སྲིད་ཇུས།

ནང་དོན་གཙོ་བོ་ནི། ནོར་དོན་གྱི་དམིགས་ཚད་དང་འགན་ནུས། རིན་གོང་ཚོད་སྐོར་གྱི་གོ་དོན། ཁྲོམ་རའི་ཉེན་ཁ་དང་ཐོབ་ཆ་སྤྲོད་ཚད། འགྱུར་ཚད་མང་བ་དང་རྒྱུ་རྐྱེན་གྱི་རིན་གོང་ཚད་སྐོར་གྱི་དཔེ་དབྱིབས། དུས་དབང་གི་རིན་གོང་ཚོད་སྐོར། མ་རྩའི་མ་འཇོག་རྩ་བའི་རིག་པ། མ་རྩའི་སྔོན་རྩིས་ཁྲོད་ཀྱི་ཉེན་ཁ་དང་དོན་དངོས་ཀྱི་གདམ་གསེས་དབང་ཆ་སོགས་ཚུད་ཡོད།

2 ནང་དོན།

1.མ་དངུལ་གྲབས་གསོག་དོ་དམ།

2.མ་དངུལ་འཇོག་པར་དོ་དམ།

3.གཉེར་སྐྱོང་མ་དངུལ་དོ་དམ།

4.ཁེ་སྤོགས་བགོ་བཤའི་དོ་དམ།

3 གཞི་རྩའི་གཞུང་ལུགས།

མ་རྩའི་གྲུབ་ཚུལ་གྱི་གཞུང་ལུགས་ནི་ཀུང་སིས་མ་དངུལ་བསྡུ་རུབ་བྱེད་སྟངས་དང་གྲུབ་ཚུལ། ཀུང་སིའི་ཚོང་རའི་རིན་ཐང་གི་འབྲེལ་བར་ཞིབ་འཇུག་བྱེད་པའི་གཞུང་ལུགས་ཤིག་ཡིན། སྤྱི་ལོ1958ལོའི་མོ་ཏེ་ལི་ཨན་ཉི་དང་མི་ལེར་གྱི་ཞིབ་འཇུག་བསྡོམས་ཚིག་ནི། འཐུས་ཚང་དང་ལས་ཕྱོད་ཆེ་བའི་དངུལ་རྩའི་ཚོང་རའི་ཐོག་ཁེ་ལས་ཀྱི་རིན་ཐང་དེ་མ་རྩའི་གྲུབ་ཚུལ་དང་རྐང་དངུལ་གྱི་སྲིད་ཇུས་དང་འབྲེལ་བ་མེད་པ་སྟེ། MMགཞུང་ལུགས་ཡིན། སྨི་ལེ་ལMMགཞུང་ལུགས་ཀྱི་དབང་གིས་སྤྱི་ལོ1990ལོའི་ནོར་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་པ་དང་། མོ་ཏེ་ལི་ཉི་ཡ་ལ་སྤྱི་ལོ1985ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

4 ནོར་དོན་འཆར་འགོད།

ནོར་དོན་འཆར་འགོད་གྱིས་ཀུང་སི་འཛུགས་པར་མཛུབ་སྟོན་བྱས་ནས་གཉེར་སྐྱོང་དང་ནོར་དོན་འཆར་གཞི་བཟོ་དགོས། ཀུང་སིའི་འགག་རྩའི་དམིགས་འབེན་ལུགས་མཐུན་དུ་བསྒྱུར་བར་མ་ཟད། མ་དངུལ་འཇོག་པར་ཡང་ལྟ་རྟོག་བྱ་དགོས། ཀུང་སིའི་དམིགས་ཡུལ་དེ་མངོན་ཡོད་ཀྱི་ནོར་དོན་དམིགས་ཚད་དུ་བསྒྱུར་ནས། མ་དངུལ་འཇོག་རྒྱུའི་ཐབས་ཇུས་དང་དམིགས་ཡུལ་སྡེབ་སྒྲིག་བྱ་རྒྱུའི་ནོར་དོན་སྙན་ཞུའི་རེའུ་མིག་བཟོས་ཏེ་ནོར་དོན་གྱི་དམིགས་འབེན་དང་ནོར་དོན་གྱི་དམིགས་ཚད་ཟུང་དུ་སྦྲེལ་དགོས། དེ་ནས་རྩ་འཛུགས་ཡོངས་ཀྱིས་དམིགས་འབེན་དང་དམིགས་ཚད་འདི་དག་ལ་དམིགས་ནས་ཁེ་གཉེར་བྱེད་དགོས།

ནོར་དོན་འཆར་འགོད་ནང་བྱེད་སྒོ་ཁག་གསུམ་ཚུད་ཡོད་པ་སྟེ། 1.དམིགས་ཚད་བཟོ་བ། 2.གཟུགས་ལྡན་དམིགས་ཚད་བཟོ་བ། 3.དམིགས་ཚད་དང་དམིགས་ཚད་བསྡུར་ཞིབ་དང་ལེགས་སྒྲིག་བྱེད་པ། ནོར་དོན་འཆར་འགོད་ཀྱི་བརྒྱུད་རིམ་ཁྲོད་ཀྱི་འགག་རྩ་ནི་བསྡུ་སྒྲིལ་བྱས་པའི་ནོར་དོན་སྙན་ཞུའི་རེའུ་མིག་དང་དེ་བཞིན་གཉེར་སྐྱོང་འཆར་འགོད་དང་སྦྲེལ་མཐུད་བྱེད་དགོས། གནད་འགག་གི་ནོར་དོན་འཆར་འགོད་དང་སྔོན་དཔག་ལས་བྱུང་བའི་ཁེ་གྱོང་མཚོན་པའི་རེའུ་མིག་དང་། མ་རྩ་གཏོང་ཡོང་མཚོན་པའི་རེའུ་མིག ལག་དངུལ་འགྲོ་རྒྱུག་མཚོན་པའི་རེའུ་མིག མཐའ་མཇུག་གི་ནོར་དོན་དམིགས་ཚད་བཅས་ཀྱང་གྲུབ་པ་བྱ་དགོས།

5 མ་གནས་གྲོན་དངུལ།

1.མ་གནས་གྲོན་དངུལ་དོ་དམ་གྱི་ནང་དོན་གཙོ་བོ།

1.མ་གནས་སྔོན་དཔག མ་གནས་ཀྱི་སྔོན་དཔག་ནི་མ་གནས་དང་ལག་རྩལ་དཔལ་འབྱོར་གྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གཞིར་བཟུང་ནས། ཁེ་ལས་འཕེལ་རྒྱས་ཀྱི་མདུན་ལྗོངས་དང་བྱེད་ཐབས་སྣ་ཚོགས་དང་ཟུང་འབྲེལ་བྱས་ཏེ། མ་གནས་ལ་ཤུགས་རྐྱེན་ཐེབས་པའི་འབྲེལ་ཡོད་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་ཚོད་རྩིས་བྱས་པ་བརྒྱུད། ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་ནས། མ་འོངས་པའི་མ་གནས་ཀྱི་ཆུ་ཚད་དང་དེའི་འགྱུར་ལྡོག་གི་ཁ་ཕྱོགས་ལ་ཚན་རིག་དང་མཐུན་པའི་ཚོད་དཔག་བྱེད་པ་དེ་ཡིན།

2.མ་གནས་ཀྱི་ཇུས་གཞི། མ་གནས་ཀྱི་ཐབས་ཇུས་ཞེས་པ་ནི་དམིགས་ཚད་ཀྱི་མ་གནས་མངོན་འགྱུར་ཡོང་ཆེད་ཆ་འཕྲིན་དཔྱད་ཡིག་འབོར་ཆེན་ཐོབ་པའི་རྨང་གཞིའི་ཐོག་བྱ་ཐབས་དང་བྱ་ཐབས་ངེས་ཅན་ལ་བརྟེན་ནས་རྩིས་རྒྱག་དང་བརྡར་ཤ་བཅད་དེ་སྤྱོད་གོ་ཆོད་པའི་ཇུས་གཞི་སྣ་ཚོགས་ཀྱི་མ་གནས་མི་འདྲ་བ་བསྡུར་ནས་དེའི་ཁྲོད་ནས་སྔོན་ཐོན་དང་དཔལ་འབྱོར་ཐད་ལུགས་མཐུན་གྱི་ཕུལ་བྱུང་ཇུས་གཞི་ཞིག་བདམས་པའི་བརྒྱུད་རིམ་ལ་ཟེར།

3.མ་གནས་ཀྱི་འཆར་གཞི། མ་གནས་ཀྱི་འཆར་གཞི་ཞེས་པ་ནི་དངུལ་ལོར་གྱི་རྣམ་པའི་ཐོག་ནས་ཁེ་ལས་ཀྱི་འཆར་གཞིའི་དུས་ཡུན་ནང་ཐོན་སྐྱེད་ལས་འགན་ལེགས་འགྲུབ་བྱེད་པར་མཁོ་བའི་འགྲོ་གྲོན་གྲངས་འབོར་སྔོན་ནས་གཏན་འབེབས་བྱེད་པ་མ་ཟད། ཐོན་རྫས་སྣ་ཚོགས་ཀྱི་མ་གནས་ཆུ་ཚད་དང་མ་གནས་དམའ་རུ་གཏོང་བའི་ལས་འགན་གཏན་འཁེལ་བྱེད་པར་ཟེར།

6 དོ་དམ་དམིགས་འབེན།

1.ཐོན་སྐྱེད་རིན་ཐང་ཆེས་ཆེ་བ།

2.ཁེ་སྤོགས་ཆེས་ཆེ་བ།

3.མ་རྐང་འཇོག་མཁན་གྱི་རྒྱུ་ནོར་ཆེས་ཆེ་ཤོས།

4.ཁེ་ལས་ཀྱི་རིན་ཐང་ཆེས་ཆེ་བ།

5.འབྲེལ་ཡོད་ཕྱོགས་ཀྱི་ཁེ་ཕན་ཆེས་ཆེ་ཤོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ནོར་དོན་དོ་དམ། ནོར་དོན། དོ་དམ།