གཉེར་སྐྱོང་དོ་དམ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-14 08:33ལ་འགྲུབ།

གཉེར་སྐྱོང་དོ་དམ།

གཉེར་སྐྱོང་དོ་དམ།
གཉེར་སྐྱོང་དོ་དམ་ཞེས་པ་ནི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཆེད་དང་རང་ཉིད་འཚོ་གནས་དང་འཕེལ་རྒྱས་གཏོང་ཆེད་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་སྒོར་འཆར་གཞི་དང་། སྒྲིག་འཛུགས། བཀོད་འདོམས། མཐུན་སྦྱོར། ཚོད་འཛིན་བཅས་བྱེད་པར་ཟེར། དེའི་དམིགས་ཡུལ་ནི་ཁེ་ལས་ཀྱིས་བེད་སྤྱོད་བྱེད་མཁན་དང་ཁྲོམ་རར་ཁ་ཕྱོགས་པ་དང་། ཁེ་ལས་ལ་ཡོད་པའི་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱེད་པ། འཛད་སྤྱོད་བྱེད་མཁན་གྱི་དགོས་མཁོ་སྐོང་གང་ཐུབ་བྱེད་པ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་པ་བཅས་ཀྱི་ཆེད་དུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
经营管理
ཕྱི་ཡིག་གི་མིང་།
Operating and Management
རྣམ་པ།
ཇུས་ཐག་གཅོད་པ་དང་། འཆར་གཞི་དང་། སྒྲིག་འཛུགས། ཚོད་འཛིན།
ནང་དོན་གཙོ་བོ།
ཁེ་ལས་ཀྱི་གཉེར་སྐྱོང་རྣམ་པ་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་སོགས།
1 མཚན་ཉིད།

ཁེ་ལས་གཉེར་སྐྱོང་དོ་དམ་ནི་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་ཧྲིལ་པོར་ཇུས་ཐག་གཅོད་པ་དང་། འཆར་གཞི་འགོད་པ། སྒྲིག་འཛུགས། ཚོད་འཛིན། མཐུན་སྦྱོར་བཅས་བྱེད་པ་མ་ཟད། ཁེ་ལས་ཀྱི་ཁོངས་མིར་སྐུལ་མ་བཏང་ནས་དེའི་ལས་འགན་དང་དམིགས་ཡུལ་མངོན་འགྱུར་ཡོང་བ་བྱེད་པའི་ལས་དོན་རབ་དང་རིམ་པའི་སྤྱི་མིང་ཡིན།

2 ནང་དོན་གཙོ་བོ།

ཁེ་ལས་ཀྱི་གཉེར་སྐྱོང་རྣམ་པ་དང་དོ་དམ་སྒྲིག་སྲོལ་ལུགས་མཐུན་ངང་གཏན་འཁེལ་དང་། དོ་དམ་སྒྲིག་གཞི་འཛུགས་པ། དོ་དམ་མི་སྣ་བཀོད་སྒྲིག་བཅས་བྱེད་དགོས། ཚོང་རར་བརྟག་དཔྱད་ཡག་པོ་དང་། དཔལ་འབྱོར་གྱི་ཆ་འཕྲིན་ཁོང་དུ་ཆུད་པ། གཉེར་སྐྱོང་ལ་སྔོན་དཔག་དང་གཉེར་སྐྱོང་བྱེད་པའི་ཐབས་ཇུས་འགོད་པ། གཉེར་སྐྱོང་བྱེད་ཕྱོགས་དང་། གཉེར་སྐྱོང་དམིགས་འབེན། ཐོན་སྐྱེད་ཀྱི་གྲུབ་ཚུལ་བཅས་གཏན་འཁེལ་བྱ་དགོས།  གཉེར་སྐྱོང་གི་འཆར་གཞི་འགོད་རྒྱུ་དང་དཔལ་འབྱོར་གྱི་གན་རྒྱ་འཇོག་རྒྱུ། དཔལ་འབྱོར་འགན་འཁྲིའི་ལམ་ལུགས་དང་དོ་དམ་ལམ་ལུགས་སྣ་ཚོགས་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུ། ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་བེད་སྤྱོད་དང་དོ་དམ་ཡག་པོ་བྱས་ནས་བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ས་ཞིང་དང་རང་བྱུང་ཐོན་ཁུངས་གཞན་དག་གསར་སྤེལ་དང་། བེད་སྤྱོད། དོ་དམ་བཅས་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། འཕྲུལ་ཆས་སྒྲིག་ཆས་དོ་དམ་དང་། དངོས་ཟོག་དོ་དམ། ཐོན་སྐྱེད་དོ་དམ། ལག་རྩལ་དོ་དམ། སྤུས་ཚད་དོ་དམ་བཅས་ལེགས་པར་བྱ་དགོས་པ། ཐོན་རྫས་ཕྱིར་ཚོང་བྱ་རྒྱུ་སྒྲིག་འཛུགས་ལུགས་མཐུན་བྱས་ནས་བྲིན་ཚོང་དོ་དམ་ཡག་པོ་བྱེད་དགོས། ནོར་དོན་དོ་དམ་དང་མ་གནས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཆ་ཐོབ་པ་དང་ཁེ་སྤོགས་བགོ་འགྲེམས་བྱེད་རིགས་ཐག་གཅོད་ཡག་པོ་བྱ་དགོས། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་དཔལ་འབྱོར་ཕན་འབྲས་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་དང་གདེང་འཇོག་བྱེད་པ་དང་། ཁེ་ལས་ཀྱི་གཉེར་སྐྱོང་བརྟག་དཔྱད་སོགས་སྤེལ་དགོས།

3 འགན་ནུས།

གཉེར་སྐྱོང་དོ་དམ་གྱི་འགན་ནུས་ལ་ཕྱོགས་ལྔའི་ཐད་ཀྱི་ནང་དོན་ཚུད་ཡོད་པ་སྟེ། 1.འཐབ་ཇུས་ཀྱི་འགན་ནུས་དང་། 2.ཐབས་ཇུས་ཀྱི་འགན་ནུས། 3.གསར་སྤེལ་གྱི་འགན་ནུས། 4.ནོར་དོན་གྱི་འགན་ནུས། 5.སྤྱི་པའི་འབྲེལ་བའི་འགན་ནུས་བཅས་ཡིན།

4 གཞི་རྩའི་ལས་འགན།

ལུགས་མཐུན་གྱི་སྒོ་ནས་ཐོན་སྐྱེད་ནུས་ཤུགས་རྩ་འཛུགས་བྱས་ཏེ་མཁོ་སྤྲོད་དང་། ཐོན་སྐྱེད། བྲིན་ཚོང་བཅས་ཀྱི་ལྷུ་ཚིགས་ཁག་ཕན་ཚུན་འབྲེལ་མཐུད་དང་། གཞོགས་འདེགས་དམ་ཟབ། མི་དང་། རྒྱུ་ནོར། དངོས་པོ་བཅས་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ལུགས་མཐུན་གྱིས་ཟུང་འབྲེལ། བེད་སྤྱོད་གང་ལེགས་བཅས་བྱས་ནས་ངལ་རྩོལ་ཟད་གྲོན་དང་དངོས་པོའི་ཟད་གྲོན་གང་ཉུང་ཉུང་ཞིག་གིས་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ཐོན་རྫས་སྔར་ལས་མང་བ་ཐོན་སྐྱེད་བྱ་དགོས།

5 འཁོར་སྐྱོད་ཚོང་གཉེར་གྱི་ཁྱད་ཆོས།  

དབང་ཆ་དེ་རིགས་ལ་ཕན་ནུས་ཧ་ཅང་ཆེན་པོ་ཡོད་པས། དེ་འཁོར་སྐྱོད་བྱེད་དགོས། དེར་གཟུགས་མེད་ཀྱི་ཁྱད་ཆོས་ཡོད། འཁོར་སྐྱོད་ནི་ཁེ་དབང་གཞན་དག་དང་ཧ་ཅང་མི་འདྲ། རྒྱུ་ནོར་འཁོར་སྐྱོད་དང་གཉེར་སྐྱོང་ནི་མངོན་ཡོད་རྒྱུ་ནོར་གཉེར་སྐྱོང་ལས་འཁོར་སྐྱོད་ཀྱི་བར་སྟོང་དེ་བས་ཆེ་བ་ཡོད། ཁེ་ལས་ཀྱི་རྒྱུ་ནོར་གྱི་རིན་ཐང་འཕར་ཚུལ་དེ་མངོན་ཡོད་རྒྱུ་ནོར་ལས་ཆེ་རུ་སོང་བ་དང་བསྡུར་ན་དེ་བས་མྱུར་ཚད་མཐོ་བ་དང་བར་མཐོངས་དེ་བས་ཆེ་བ་ལྡན་ཡོད། རྒྱལ་སྤྱིའི་ཁེ་ལས་གྲགས་ཅན་ཁག་ཅིག་གི་རྒྱུ་ནོར་དེ་ཁེ་ལས་ཀྱི་མངོན་ཡོད་རྒྱུ་ནོར་ལས་མཐོ་བ་དང་ཐ་ན་ལྡབ་ཁ་ཤས་ལས་མང་བ་ཡོད་པ་ནི་དཔེ་མཚོན་ཞིག་ཡིན། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱིས་འཛམ་གླིང་ས་གནས་ཁག་ལ་རྒྱལ་སྤྱིའི་གྲགས་ཅན་གྱི་འཛད་སྤྱོད་དགོས་མཁོ་ཆེ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་པ་མ་ཟད། རྒྱུ་ནོར་གོ་ལ་ཧྲིལ་པོར་རྒྱ་སྐྱེད་གཏོང་བ་མགྱོགས་སུ་ཕྱིན་ཡོད། ཝེ་རོན་ཀུང་སི་ལྟ་བུའི་མ་རྩ་གཙོ་བོ་ཡིན་པའི་ཀུང་སི་ནི་ཉེ་བའི་ལོ་བཅུའི་ནང་འཛམ་གླིང་གི་འཕེལ་རྒྱས་མགྱོགས་ཤོས་ཀྱི་ཀུང་སིའི་དཔེ་མཚོན་ཡག་པོ་ཞིག་ཡིན།

6 རྩ་དོན་དགུ།

1.གཉེར་སྐྱོང་དོ་དམ་གྱི་རྩ་དོན།

2.འབྲེལ་ཡོད་དམིགས་འབེན་གྱི་རྩ་དོན།

3.བཀའ་གཅིག་འཛིན་གྱི་རྩ་དོན།

4.ལས་རིགས་དང་ཆེད་ལས་ཅན་གྱི་རྩ་དོན།

5.དོ་དམ་ཚད(ཆེ་བ)ཀྱི་རྩ་དོན།

6.དོ་དམ་རིམ་པའི(ཉུང)རྩ་དོན།

7.དབང་ཚད་ཨུ་ཡོན་ལྷན་ཁང་གིས་གཤམ་སྤྲོད་བྱེད་པའི་རྩ་དོན།

8.དབང་ཆ་ཁག་བགོས་ཅན་གྱི་རྩ་དོན།

9.དམིགས་འབེན་དོ་དམ་གྱི་རྩ་དོན།

བྱེད་ཐབས་གསར་གཏོད།

མཁོ་འདོན་འབྲེལ་ཐག་ལྟེ་བར་བཟུང་སྟེ་སྡེབ་སྒྲིག་དོ་དམ་བྱེད་སྒོ་བཅས་ལ་སྐུལ་འདེད་གཏོང་དགོས།

ལས་སྒོའི་བརྒྱུད་རིམ་གྱི་དོ་དམ་ལྟེ་བར་བྱས་ཏེ་དོ་དམ་སྟབས་བདེ་དང་འགྱུར་སླ་ཅན་ཡོང་བ་བྱེད་དགོས།

ལས་སྒོ་གཉེར་སྐྱོང་བྱ་རྒྱུ་ལྟེ་བར་འཛིན་པའི་འཐབ་ཇུས་རང་བཞིན་ལྡན་པའི་དོ་དམ་བྱ་དགོས།

དཔྱད་གཞིའི་ཡིག་ཆ།