ཐོན་སྐྱེད་དོ་དམ་མ་ལགསྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-14 08:32ལ་འགྲུབ།

ཐོན་སྐྱེད་དོ་དམ་མ་ལག

ཐོན་སྐྱེད་དོ་དམ་མ་ལག
ཐོན་སྐྱེད་དོ་དམ་ནི་ཐོན་སྐྱེད་ཀྱི་བྱེད་སྒོར་འཆར་གཞི་དང་། སྒྲིག་འཛུགས། མཐུན་སྦྱོར། ཚོད་འཛིན་བཅས་བྱེད་པའི་ཕྱོགས་བསྡུས་ཀྱི་དོ་དམ་བྱེད་སྒོ་ཞིག་ཡིན། དེའི་ནང་དོན་དུ་ཐོན་སྐྱེད་ཀྱི་འཆར་གཞི་དང་། ཐོན་སྐྱེད་ཀྱི་རྩ་འཛུགས། དེ་བཞིན་ཐོན་སྐྱེད་ཀྱི་ཚོད་འཛིན་བཅས་ལུགས་མཐུན་གྱིས་ཐོན་སྐྱེད་ཀྱི་གོ་རིམ་རྩ་འཛུགས་བྱེད་པ། ཕན་ནུས་ལྡན་པའི་སྒོ་ནས་ཐོན་སྐྱེད་ཀྱི་ཐོན་ཁུངས་བེད་སྤྱོད་བྱེད་པ། དཔལ་འབྱོར་ལུགས་མཐུན་གྱི་སྒོ་ནས་ཐོན་སྐྱེད་ཀྱི་བྱེད་སྒོ་སྤེལ་ནས་སྔོན་དཔག་གི་ཐོན་སྐྱེད་དམིགས་ཡུལ་འགྲུབ་པ་བཅས་ཀྱི་ནང་དོན་འདུས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
生产管理
ཕྱི་ཡིག་གི་མིང་།
Peducton Management
འགྲེལ་པ།
ཐོན་སྐྱེད་མ་ལག་གསར་འཛུགས་དང་སྐྱེལ་འདྲེན་དོ་དམ་བྱ་བ།
ནང་དོན།
ཐོན་སྐྱེད་ཀྱི་འཆར་གཞི་དང་། ཐོན་སྐྱེད་རྩ་འཛུགས། ཐོན་སྐྱེད་ཚོད་འཛིན།
རིགས།
ཕྱོགས་བསྡུས་དོ་དམ་བྱེད་སྒོ།
1 གོ་དོན། 

ཐོན་སྐྱེད་དོ་དམ་ནི་ཁེ་ལས་ཀྱི་ཐོན་སྐྱེད་མ་ལག་འཛུགས་རྒྱུ་དང་འཁོར་སྐྱོད་དོ་དམ་གྱི་ལས་དོན་ཁག་གི་སྤྱི་མིང་ཡིན། དེར་ཐོན་སྐྱེད་ཚོད་འཛིན་ཡང་ཟེར། དེའི་ནང་དོན་ལ། ①ཐོན་སྐྱེད་རྩ་འཛུགས་ཀྱི་བྱ་བ། ②ཐོན་སྐྱེད་འཆར་གཞིའི་བྱ་བ། ③ཐོན་སྐྱེད་ཚོད་འཛིན་གྱི་བྱ་བ། ④དུས་ཐོག་ཏུ་སྤྲོད་པར་ཁག་ཐེག་བྱེད་པ་བཅས་ཡིན།  

2 ནང་དོན།

སྤུས་ལེགས་ཐོན་སྐྱེད་དོ་དམ་ལམ་ལུགས་ཀྱི་ཚད་གཞི།  

ཐོན་སྐྱེད་དོ་དམ་གྱི་ཕྱོགས་གཙོ་བོ། འཆར་གཞི་ལྟར་དོ་དམ་བྱེད་པ། ཉོ་སྒྲུབ་དོ་དམ། བཟོ་སྐྲུན་དོ་དམ། སྤུས་ཚད་དོ་དམ། ལས་ཆོད་དོ་དམ། སྒྲིག་ཆས་དོ་དམ། མཛོད་གསོག་དོ་དམ། ངར་སེམས་དོ་དམ། དེ་བཞིན་ཐོན་སྐྱེད་དོ་དམ་བཅས་བསྡོམས་པའི་དཔེ་དུམ་ཆེན་པོ་དགུ་ཡོད།

3 དམིགས་ཡུལ།
3_1 ཐོན་སྐྱེད་དོ་དམ།

ལས་ཆོད་ཆེ་བ་དང་། ཟད་གྲོན་ཆུང་བ། གང་ལ་གང་འཚམ་དང་དུས་ཐོག་བཅས་ཀྱི་སྒོ་ནས་ཚད་ལྡན་གྱི་ཐོན་རྫས་ཐོན་སྐྱེད་བྱས་ཏེ་མཁོ་མཁན་ལ་བློ་ཡིད་ཚིམ་པའི་ཞབས་ཞུ་འདོན་སྤྲོད་བྱ་དགོས།

ཟད་གྲོན་ཆུང་བ། མི་ཤུགས་དང་། དངོས་ཤུགས། ནོར་ཤུགས་བཅས་ཀྱི་ཟད་གྲོན་ཆུང་ཤོས་ཡིན་ཞིང་། མ་གནས་དམའ་མོ་མངོན་འགྱུར་བྱུང་བ།  

གང་ལ་དེ་འཚམ་གྱི་སྒོ་ནས་ཚོང་རའི་འགྱུར་ལྡོག་དང་བསྟུན་པ་དང་། རིགས་མི་འདྲ་བའི་ཐོན་རྫས་ཐོན་སྐྱེད་བྱས་ཏེ་ཐོན་རྫས་གསར་པ་རྒྱུན་ཆད་མེད་པར་གསར་སྤེལ་བྱེད་པ།

དུས་ཐོག་ཏུ་མཁོ་མཁན་ལ་མཁོ་བའི་གྲངས་འབོར་དང་། མཁོ་བའི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་པ།

སྤུས་ཚད་མཐོ་བ་དང་བློ་ཡིད་ཚིམ་པའི་ཞབས་ཞུ་ཞེས་པ་ནི་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་སྐུ་མགྲོན་གྱི་བློ་ལ་བབ་པའི་ཆུ་ཚད་ལ་སླེབས་པར་ཟེར།

3_2 ཆ་འཕྲིན་ཅན་གྱི་ཐོན་སྐྱེད་དོ་དམ།

ཆ་འཕྲིན་ཅན་གྱི་ལག་རྩལ་འཕེལ་རྒྱས་དང་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ་དང་བསྟུན་ནས། ཆ་འཕྲིན་ཅན་གྱི་ཐོན་སྐྱེད་དོ་དམ་ནི་བཟོ་སྐྲུན་ཁེ་ལས་ཀྱི་ཐོན་སྐྱེད་དོ་དམ་གྱི་གལ་ཆེའི་བྱ་ཐབས་ཤིག་ཡིན་པས། ཐོན་སྐྱེད་ཀྱི་ལྷུ་ཚིགས་གང་འདྲ་བྱས་ནས་སྟངས་འཛིན་བྱེད་པ་དང་། ཐོན་སྐྱེད་ཀྱི་མྱུར་ཚད་དང་། སྤུས་ཚད། ཐོན་སྐྱེད་བཟོ་པའི་ལས་ཀའི་ཕན་འབྲས་བཅས་སྟངས་འཛིན་བྱས་ཏེ། ཆ་འཕྲིན་ཅན་གྱི་ལག་རྩལ་བརྒྱུད་བཟོ་སྐྲུན་ཁེ་ལས་ཀྱི་ཐོན་སྐྱེད་དོ་དམ་ཆུ་ཚད་ཆེས་ཆེར་མཐོ་རུ་གཏོང་ཐུབ། ཐོན་སྐྱེད་བྱ་ཡུལ་དུ་རང་འགུལ་ཅན་གྱི་སྒྲིག་ཆས་དེ་བས་མང་བ་སྤྱོད་ཀྱིན་ཡོད། སྒྲིག་ཆས་དེ་དག་གིས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་བཏང་ནས་ཐོན་སྐྱེད་མ་གནས་དམའ་རུ་དང་ཐོན་རྫས་ཀྱི་སྤུས་ཚད་བརྟན་པོ་ཡོང་བའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

4 རྒྱུ་རྐྱེན་གཙོ་བོ་ལྔ།

རྒྱུ་རྐྱེན་གཙོ་བོ་ལྔ།1.བཟོ་ཁང་དང་། 2.སྒྲིག་ཆས་ཐོན་སྐྱེད་བྱེད་པ། 3.ཐོན་སྐྱེད་ལག་རྩལ། 4.ཐོན་སྐྱེད་བྱེད་མཁན། 5.ཐོན་སྐྱེད་མ་དངུལ་བཅས་ཡིན།

དཔྱད་གཞིའི་ཡིག་ཆ།