སའེ་མུན་ཀྲ།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2021-10-15 10:05ལ་འགྲུབ།

སའེ་མུན་ཀྲ།

སའེ་མུན་ཀྲ།
ཁོང་ནི་སྤྱི་ལོ1956ལོར་ཨ་རིའི་ཉིའུ་ཡུའེ་གྲོང་ཁྱེར་དུ་སྐྱེས་ཤིང་། ཡུའེ་ཧན་སི•ཧོ་ཕུའུ་ཅིན་སི་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཞིག་ཡིན། ཕྲ་ཕུང་གི་ཆ་རྡུལ་གྱི་ཆུ་ཚད་ཐོག་དབྱང་རླུང་མྱོང་རོལ་བྱེད་པའི་གཞི་རྩའི་རྩ་བའི་རིགས་པ་ཤེས་རྟོགས་བྱུང་པས་སྤྱི་ལོ2019ལོའི་ཟླ10ཚེས7ཉིན། སྤྱི་ལོ2019ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
格雷格·塞门扎
ཕྱི་ཡིག་གི་མིང་།
Gregg L. Semenza
མཚན་ཧྲིལ་བོ།
ཀུ་ལེ་ཀུ•སའེ་མུན་ཀྲ།
རྒྱལ་ཁབ།
ཨ་མེ་རི་ཁ།
འཁྲུངས་ཡུལ།
ཨ་རིའི་ཉིའུ་ཡུའེ།
འཁྲུངས་ལོ།
སྤྱི་ལོ1956ལོ།
མཐར་ཕྱིན་སློབ་གྲྭ།
པིན་ཞི་ཧྥ་ཉི་ཡ་སློབ་ཆེན།
གྲུབ་འབྲས་གཙོ་བོ།
སྤྱི་ལོ2019ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
བསླབ་གནས།
འབུམ་རམས་པ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1956ལོར་ཨ་རིའི་ཉིའུ་ཡུའེ་གྲོང་ཁྱེར་དུ་སྐྱེས་ཤིང་། ཡུའེ་ཧན་སི•ཧོ་ཕུའུ་ཅིན་སི་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཞིག་ཡིན། ཕྲ་ཕུང་གི་ཆ་རྡུལ་གྱི་ཆུ་ཚད་ཐོག་དབྱང་རླུང་མྱོང་རོལ་བྱེད་པའི་གཞི་རྩའི་རྩ་བའི་རིགས་པ་ཤེས་རྟོགས་བྱུང་པས་སྤྱི་ལོ2019ལོའི་ཟླ10ཚེས7ཉིན། སྤྱི་ལོ2019ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། 

2 མི་ཚེའི་བརྒྱུད་རིམ། 

ཀུ་ལེ་ཀུ•སའེ་མུན་ཀྲ་ནིཨ་རིའི་ཉིའུ་ཡུའེ་གྲོང་ཁྱེར་གྱི་ཤེས་ཡོན་ཅན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཝེ་སི་ཐེ་ཁྲེ་སི་ཐེ་ཅུན་དུ་འཚར་ལོངས་བྱུང་།

སྤྱི་ལོ1974ལོར་སི་རི་ཕེ་མཐོ་རིམ་སློབ་འབྲིང་ནས་ཐོན་རྗེས་ཧ་ཧྥོ་སློབ་ཆེན་དུ་རྒྱུད་འཛིན་རིག་པར་སློབ་སྦྱོང་བྱས། དེ་རྗེས་པིན་ཞི་ཧྥ་ཉི་ཡ་སློབ་ཆེན་དུ་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱེད་པར་བསྐྱོད་དེ་པིན་ཞི་ཧྥ་ཉི་ཡ་བྱིས་པའི་སྨན་ཁང་དུ་འབུམ་རམས་པའི་ཞིབ་འཇུག་གནང་བ་རེད། 

སྤྱི་ལོ1986ལོར་ཡུའེ་ཧན•ཧོ་ཕུའུ་ཅིན་སི་སློབ་ཆེན་དུ་འབུམ་རམས་པའི་ཞིབ་འཇུག་གནང་བར་ཕེབས་རྗེས་སློབ་གྲྭ་དེའི་དགེ་རྒན་ཆེ་མོ་ཞིག་ཏུ་གྱུར།  

3 གཟི་བརྗིད་མཚན་སྙན། 

སྤྱི་ལོ2016ལོར་ལ་སི་ཁེའི་རྨང་གཞིའི་གསོ་རིག་ཞིབ་འཇུག་བྱ་དགའ་ཐོབ།   

སྤྱི་ལོ2019ལོའི་ཟླ10པིའ་ཚེས7ཉིན། སྤྱི་ལོ2019ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཡོངས་བསྒྲགས་བྱས་པ་དང་། ཁོང་དང་ཨ་རིའི་གསོ་རིག་མཁས་ཅན་ཝེ་ལེན•ཁའེ་ལིན་དང་། དབྱིན་ཇིའི་གསོ་རིག་མཁས་ཅན་པི་ཏུ•ལཱ་ཐུ་ཁུ་ལི་ཧྥུའུ་བཅས་ཀྱིས་གསར་བརྗེའི་རང་བཞིན་ལྡན་པའི་སྒོ་ནས་ཕྲ་ཕུང་གི་ཆ་རྡུལ་གྱི་ཆུ་ཚད་ཐོག་དབྱང་རླུང་མྱོང་རོལ་བྱེད་པའི་གཞི་རྩའི་རྩ་བའི་རིགས་པ་ཤེས་རྟོགས་བྱུང་པས་གཟེངས་བསྟོད་བྱས་པ་རེད།       


དཔྱད་གཞིའི་ཡིག་ཆ།