སློབ་གསོའི་བསྡོམས་རྩིས་རིག་པ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2021-10-15 09:12ལ་འགྲུབ།

སློབ་གསོའི་བསྡོམས་རྩིས་རིག་པ།

སློབ་གསོའི་བསྡོམས་རྩིས་རིག་པ།
《སློབ་གསོའི་བསྡོམས་རྩིས་རིག་པ》ནི་སྤྱི་ལོ2007ལོའི་ཟླ3པའི་ཚེས1ཉིན་ནན་ཅིང་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་ལ། རྩོམ་པ་པོ་ནི་ཞུའེ་ཝུན་པིན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
教育统计学
རྩོམ་པ་པོ།
ཞུའེ་ཝུན་པིན།
དཔེ་སྐྲུན་ཁང་།
ནན་ཅིང་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་།
དཔེ་སྐྲུན་དུས་ཚོད།
སྤྱི་ལོ2007ལོའི་ཟླ3པའི་ཚེས1ཉིན།
ཤོག་གྲངས།
ཤོག་ངོས། 249
ISBN
9787811015720
1 ནང་དོན་མདོར་བསྡུས།

རིག་ཚན་ཞིག་ཡིན་པའི་ཆ་ནས་སློབ་གསོའི་བསྡོམས་རྩིས་རིག་པ་དེ་ཉེར་སྤྱོད་བསྡོམས་རྩིས་རིག་པའི་ཁྱབ་ཁོངས་སུ་གཏོགས་པ་དང་། རྩིས་རིག་བསྡོམས་རྩིས་དང་སྲིད་ཕྱོད་སྨྲ་བ་སོགས་ཀྱི་རྩིས་རིག་རིག་ཚན་དེ་སློབ་གསོའི་ཁྱབ་ཁོངས(ལག་ལེན་ཁྱབ་ཁོངས་དང་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ཁྱབ་ཁོངས་སུ་ཚུད་པ)ནང་གི་ཉེར་སྤྱོད་ཅིག་རེད། དེ་ནི་སློབ་གསོའི་ཁྱབ་ཁོངས་ནང་གི་གཞི་གྲངས་རྒྱུ་ཆ་སྣ་ཚོགས་དང་། ལྷག་པར་དུ་གཞི་གྲངས་ཀྱི་རྒྱུ་ཆ་ལེགས་སྒྲིག་དང་དབྱེ་ཞིབ། དེ་བཞིན་དུ་རིགས་འདེད་དང་ཇུས་ཐག་གཅོད་པའི་ཕན་ཡོད་ཀྱི་བསམ་གཞིགས་ཡོ་བྱད་ཅིག་ཡིན།  

སློབ་ཚན་ཞིག་ཡིན་པའི་ངོས་ནས《སློབ་གསོའི་བསྡོམས་རྩིས་རིག་པ》ནི་སྤྱིར་བཏང་སློབ་གསོ་རིག་པ་དང་། སེམས་ཁམས་རིག་པ། སློབ་གསོ་དོ་དམ་རིག་པ། སློབ་ཆུང་སློབ་གསོ། སློབ་ཞུགས་གོང་གི་སློབ་གསོ་རིག་པ་སོགས་དངོས་གཞིའི་ཚན་ཁག་དང་ཆེད་ཚན་ཆེད་ལས་ཀྱིས་ངེས་པར་དུ་སྦྱོང་དགོས་པའི་ཆེད་ལས་ཀྱི་རྨང་གཞིའི་སློབ་ཚན་གྱི་གྲས་ཤིག་རེད། དེ་ནི《སྤྱིར་བཏང་གི་སེམས་ཁམས་རིག་པ》དང《སློབ་གསོའི་སེམས་ཁམས་རིག་པ》《འཕེལ་རྒྱས་སེམས་ཁམས་རིག་པ》བཅས་ཡིན་ལ། ལྷག་པར་དུ《སློབ་གསོའི་ཚོད་ལྟའི་ཇུས་འགོད》དང《སེམས་ཁམས་ཞིབ་འཇུག་ཇུས་འགོད》《སློབ་གསོ་ཞིབ་འཇུག་བྱེད་ཐབས》《སེམས་ཁམས་རིག་པའི་ཞིབ་འཇུག་བྱ་ཐབས》སོགས་སློབ་ཚན་གྱི་རྨང་གཞིའི་གྲས་ཤིག་ཡིན།       

2 དཔེ་ཆའི་དཀར་ཆག

སྔོན་འགྲོའི་གཏམ།

ལེའུ་དང་པོ། སློབ་གསོའི་བསྡོམས་རྩིས་རིག་པའི་གཞི་རྩའི་བསམ་བློ།

ས་བཅད་དང་པོ། སློབ་གསོའི་བསྡོམས་རྩིས་རིག་པའི་བསམ་གཞིགས་བྱེད་སྟངས།

ས་བཅད་གཉིས་པ། སློབ་གསོའི་བསྡོམས་རྩིས་རིག་པའི་གཞི་རྩའི་ཐ་སྙད་དང་མཚོན་རྟགས།

ས་བཅད་གསུམ་པ། སློབ་གསོའི་བསྡོམས་རྩིས་རིག་པའི་གཞི་རྩའི་བསམ་བློ།

ལེའུ་གཉིས་པ། གཞི་གྲངས་ཀྱི་ཐོག་མའི་བསྡོམས་རྩིས་རི་མོའི་རེའུ་མིག

ས་བཅད་དང་པོ། གཞི་གྲངས་ཀྱི་ཐོག་མའི་ལེགས་སྒྲིག

ས་བཅད་གཉིས་པ། རྒྱུན་སྤྱོད་ཀྱི་བསྡོམས་རྩིས་རེའུ་མིག

ས་བཅད་གསུམ་པ། རྒྱུན་སྤྱོད་ཀྱི་བསྡོམས་རྩིས་དཔེ་རིས།

ལེའུ་གསུམ་པ། གཞི་གྲངས་ཀྱི་གཅིག་བསྡུས་འཕེལ་ཕྱོགས་དང་དེའི་ཞིབ་བརྗོད་ཀྱི་སྐོར།

ས་བཅད་དང་པོ། མང་ཉུང་དང་དཀྱིལ་གྲངས།

ས་བཅད་གཉིས་པ། ཨང་རྩིས་ཀྱི་ཆ་སྙོམས་གྲངས།

ས་བཅད་གསུམ་པ། གཅིག་བསྡུས་ཀྱི་གྲངས་ཚད་གཞན་དག་གི་སྐོར།

ལེའུ་བཞི་བ། གཞི་གྲངས་ཀྱི་གྱེས་དཀྱིལ་འཕེལ་ཕྱོགས་དང་དེའི་ཞིབ་བརྗོད་ཀྱི་སྐོར།

ས་བཅད་དང་པོ། བར་ཐག་ཧྲིལ་བོ་དང་ཆ་སྙོམས་ཀྱི་ཁྱད། ཁྱད་སྒྱུར། ཚད་ལྡན་གྱི་ཁྱད།

ས་བཅད་གཉིས་པ། ཁྱད་པར་བཏགས་གྲངས།

ས་བཅད་གསུམ་པ། བརྒྱ་ཆའི་གནས་གྲངས་དང་བརྒྱ་ཆའི་རིམ་གྲངས། 

ལེའུ་ལྔ་བ། འགྱུར་ཚད་བར་གྱི་འབྲེལ་ཡོད་དང་དེའི་ཞིབ་བརྗོད་ཀྱི་སྐོར།

ས་བཅད་དང་པོ། ཐིག་གཤིས་དང་འབྲེལ་བ་ཡོད་པ་དང་དེའི་ཞིབ་བརྗོད་དང་འགྲེལ་བཤད།

ས་བཅད་གཉིས་པ། རོགས་ལས་ཁྱད་སྒྱུར་དང་ཆད་འཛིན་གྱི་འབྲེལ་བ།

ས་བཅད་གསུམ་པ། རིམ་པའི་འབྲེལ་བ།

ས་བཅད་བཞི་བ། སྤུས་ཚད་དང་འབྲེལ་བ་ཡོད་པའི་སྐོར།

ས་བཅད་ལྔ་བ། རྒྱུ་སྤུས་དང་འབྲེལ་བ་ཡོད་པའི་སྐོར།

ལེའུ་དྲུག་པ། སྲིད་ཕྱོད་དང་ཁྱབ་ཚུལ། དཔེ་འདེམས་ཁྱབ་སྟངས་བཅས་ཀྱི་སྐོར། 

ལེའུ་བདུན་པ། དཔྱད་གྲངས་ཞིབ་བཤེར།

ལེའུ་བརྒྱད་པ། བསྡོམས་རྩིས་ལ་དབྱེ་ཞིབ་བྱེད་ཕྱོགས་ཀྱི་སྐོར།

ལེའུ་དགུ་བ། ཞུགས་གྲངས་མིན་པའི་ཞིབ་བཤེར།

ལེའུ་བཅུ་བ།ExcelདངSPSSསློབ་གསོའི་བསྡོམས་རྩིས་ཁྲོད་ཀྱི་ཉེར་སྤྱོད་ཀྱི་སྐོར།

ཟུར་ལྟའི་ཡིག་ཆ་གཙོ་བོ།

“གོ་བ་ལེན་པ་དང་སྦྱོང་བརྡར”གྱི་དཔྱད་གཞིའི་དྲིས་ལན།

ཟུར་བཀོད།


དཔྱད་གཞིའི་ཡིག་ཆ།