《དངུལ་ཁང་རྩིས་གཉེར་རིག་པ》སྔ་མའི་པར་གཞི་དེ ཀླུKlu  ནས 2021-10-13 08:43ལ་འགྲུབ།

《དངུལ་ཁང་རྩིས་གཉེར་རིག་པ》

《དངུལ་ཁང་རྩིས་གཉེར་རིག་པ》
《དངུལ་ཁང་གི་རྩིས་གཉེར་རིག་པ》ནི་དབྱང་ཧྭ་ཡིས་གཙོ་སྒྲིག་བྱས་ཤིང་སྤྱི་ལོ2002ལོའི་ཟླ1པོར་ཀྲུང་གོའི་དངུལ་རྩ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན། དེབ་དེ་སློབ་གླིང་དང་སློབ་གྲྭར་སློབ་དེབ་ཏུ་མཁོ་འདོན་བྱས་ཆོག་པ་ཕུད། ད་དུང་དངུལ་ཁང་སོགས་སྡེ་ཚན་གྱིས་གསོ་སྦྱོང་སློབ་དེབ་བྱེད་ཆོག་ལ། དཔལ་འབྱོར་དངུལ་རྩའི་རིགས་པའི་གཞུང་ལུགས་ཀྱི་ལས་གཉེར་བ་དང་ལས་དོན་དངོས་ཀྱི་དཔྱད་གཞིའི་ཀློག་དེབ་ཀྱང་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
银行会计学
གཙོ་སྒྲིག་པ།
དབྱང་ཧྭ།
དཔེ་སྐྲུན་ཁང་།
ཀྲུང་གོའི་དངུལ་རྩ་དཔེ་སྐྲུན་ཁང་།
དཔེ་སྐྲུན་དུས་ཚོད།
སྤྱི་ལོ2002ལོའི་ཟླ1པོ།
རིན་གོང་།
སྒོར28
ISBN
9787302332619
1 ནང་དོན།

སྤྱི་ལོ2002ལོའི་ཟླ1པོའི་ཚེས1ཉིན་ནས《དངུལ་རྩའི་ཁེ་ལས་ཀྱི་རྩིས་གཉེར་བའི་ལམ་ལུགས》གསར་པ་དངོས་སུ་ལག་བསྟར་བྱས་ཤིང་། དེབ་འདིར་ནང་དོན་ཁག་ལེའུ་བཅོ་བརྒྱད་ལ་དབྱེ་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་གཉེར་བཅའ་ཁྲིམས》དང《དངུལ་རྩའི་ཁེ་ལས་ཀྱི་རྩིས་གཉེར་ལམ་ལུགས》གཞི་འཛིན་ས་བྱས་ཏེ། ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་རྩིས་གཉེར་བྱེད་ཐབས་ངོ་སྤྲོད་བྱས་ནས་དངུལ་ཁང་གི་མ་དངུལ་འགུལ་སྐྱོད་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་བྱེད་ཐབས་མཚོན་པར་བྱས་ཡོད་ལ། དེར་མ་ཟད་མ་ལག་ལུགས་མཐུན་དང་དོན་སྤྱི་གནད་ལ་འཁེལ་བ། བཀོལ་སྤྱོད་ཚད་དང་ལྡན་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བཅས་བྱས་ཏེ་རྩིས་གཉེར་ལམ་ལུགས་ཀྱི་སྙིང་སྟོབས་དང་རྩིས་གཉེར་བསྒྱུར་བཅོས་ཀྱི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད།

2 ​དཀར་ཆག

ལེའུ་དང་པོ། དངུལ་ཁང་གི་རྩིས་གཉེར་སྤྱི་བཤད།

ལེའུ་གཉིས་པ། གཞི་རྩའི་ཞིབ་རྩིས་རྒྱག་ཐབས།

ལེའུ་གསུམ་པ། བཅོལ་དངུལ་ལས་སྒོའི་ཞིབ་རྩིས།

ལེའུ་བཞི་པ། དངུལ་བུན་གཏོང་ལེན་གྱི་ལས་སྒོའི་ཞིབ་རྩིས།

ལེའུ་ལྔ་པ། མཉམ་འབྲེལ་དངུལ་ཁང་གི་ལས་སྒོའི་འགྲོ་འོང་གི་ཞིབ་རྩིས།

ལེའུ་དྲུག་པ། དངུལ་ཁང་བར་གྱི་ལས་སྒོའི་འགྲོ་འོང་གི་ཞིབ་རྩིས།

ལེའུ་བདུན་པ། གཏོང་སྤྲོད་བསྡོམས་རྩིས་ལས་སྒོའི་ཞིབ་རྩིས།

ལེའུ་བརྒྱད་པ། བར་གནས་ལས་སྒོ་གཞན་དག་གི་ཞིབ་རྩིས།

ལེའུ་དགུ་པ། རྒྱལ་སྤྱིའི་བསྡོམས་རྩིས་ལས་སྒོའི་ཞིབ་རྩིས།

ལེའུ་བཅུ་བ། དངུལ་འཛིན་ལས་སྒོའི་ཞིབ་རྩིས།

ལེའུ་བཅུ་གཅིག་པ། མ་འཇོག་ལས་སྒོའི་ཞིབ་རྩིས།

ལེའུ་བཅུ་གཉིས་པ། སྐྱེད་བྱུང་དངུལ་རྩའི་ཡོ་བྱད་ཀྱི་ལས་སྒོའི་ཞིབ་རྩིས།

ལེའུ་བཅུ་གསུམ་པ། དངུལ་ལོར་འགྲེམས་སྤེལ་ལས་སྒོའི་ཞིབ་རྩིས།

ལེའུ་བཅུ་བཞི་པ། རྒྱལ་མཛོད་ཀྱི་ལས་སྒོའི་ཞིབ་རྩིས།

ལེའུ་བཅོ་ལྔ་པ། བདག་པོའི་ཁེ་དབང་།

ལེའུ་བཅུ་དྲུག་པ། ནོར་དོན་གྲུབ་འབྲས་ཀྱི་ཞིབ་རྩིས།

ལེའུ་བཅུ་བདུན་པ། རྩིས་གཉེར་ལེགས་སྒྲིག་དང་དོན་ཚན་གལ་ཆེན་གཞན་དག

ལེའུ་བཅོ་བརྒྱད་པ། ལོ་འཁོར་གྱི་ངེས་རྩིས་དང་ནོར་དོན་རྩིས་གཉེར་སྙན་ཞུ།

ཟུར་ལྟའི་དཔེ་ཐོ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དངུལ་ཁང་། རྩིས་གཉེར། ལས་སྒོ