ཚན་རིག་ལག་རྩལ་གྱི་བསྡོམས་རྩིས།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2021-10-15 09:13ལ་འགྲུབ།

ཚན་རིག་ལག་རྩལ་གྱི་བསྡོམས་རྩིས།

ཚན་རིག་ལག་རྩལ་གྱི་བསྡོམས་རྩིས།
《ཚན་རིག་ལག་རྩལ་གྱི་བསྡོམས་རྩིས》ནི་སྤྱི་ལོ1988ལོར་ཚན་རིག་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་ཞིང་། རྩོམ་པ་པོ་ནི་ཀྲུང་གོའི་ཚན་རིག་ཁང་གི་ཚན་རྩལ་བསྡོམས་རྩིས་ཆེད་དོན་ཚོ་ཆུང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
科学技术统计
རྩོམ་པ་པོ།
ཀྲུང་གོའི་ཚན་རིག་ཁང་གི་ཚན་རྩལ་བསྡོམས་རྩིས་ཆེད་དོན་ཚོ་ཆུང་།
དཔེ་སྐྲུན་ཁང།
ཚན་རིག་དཔེ་སྐྲུན་ཁང་།
ISBN
7030002946
1 ནང་དོན་མདོར་བསྡུས།

དེབ་འདིར་གཙོ་བོ་ཚན་རྩལ་བྱེད་སྒོའི་ཁྲོད་ཀྱི་མ་དངུལ་གཏོང་བ་དང་བརྒྱུད་རིམ། ཐོན་ཚད་དམིགས་ཚད་བཅས་ལ་ཚན་རིག་དང་མཐུན་པའི་མཚན་ཉིད་དང་འགྲེལ་བཤད་བརྒྱབ་ཡོད་པ་དང་། ཚན་རྩལ་བྱེད་སྒོའི་རིགས་དབྱེ་སོགས་ཡོངས་ཁྱབ་ཏུ་གནས་པའི་དཀའ་གནད་ཀྱི་གནད་དོན་ལ་དཔེ་མཚོན་རབ་དང་རིམ་པ་བཀོད་ནས་གསལ་བཤད་བྱས་ཡོད།

2 དཔེ་ཆའི་དཀར་ཆག

སྔོན་འགྲོའི་གཏམ།

ལེའུ་དང་པོ། ཚན་རིག་ལག་རྩལ་བསྡོམས་རྩིས་དང་བསྡོམས་རྩིས་དམིགས་ཚད་མ་ལག་གི་སྐོར།

ལེའུ་གཉིས་པ། ཚན་རིག་ལག་རྩལ་གྱི་བྱེད་སྒོར་བཏང་བའི་བསྡོམས་རྩིས་དམིགས་ཚད་མ་ལག་གི་སྐོར།

ལེའུ་གསུམ་པ། ཚན་རིག་ལག་རྩལ་གྱི་བྱེད་སྒོའི་སྤེལ་རིམ་བསྡོམས་རྩིས་དམིགས་ཚད་མ་ལག་གི་སྐོར།

ལེའུ་བཞི་བ། ཚན་རིག་ལག་རྩལ་བྱེད་སྒོའི་ཐོན་འབབ་བསྡོམས་རྩིས་དམིགས་ཚད་མ་ལག་གི་སྐོར།

ལེའུ་ལྔ་བ། ཚན་རིག་ལག་རྩལ་བསྡོམས་རྩིས་དང་དབྱེ་ཞིབ་བྱེད་ཕྱོགས་ཀྱི་སྐོར།

ལེའུ་དྲུག་པ། ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་གཞི་གྲངས་མཛོད་ཀྱི་སྐོར།

ཟུར་བཀོད་དང་པོ། ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་བྱང་བུ།

ཟུར་བཀོད་གཉིས་པ། ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་མིང་ཚིག་ཤན་སྦྱར་རེའུ་མིག

ཟུར་བཀོད་གསུམ་པ། སྤྱི་ཚོགས་དཔལ་འབྱོར་དམིགས་འབེན་གྱི་རིགས་དབྱེ་དང་གསལ་བཤད།

ཟུར་བཀོད་བཞི་བ། ཀྲུང་གོའི་ཚན་རིག་ཁང་གི་རིག་ཚན་རིགས་དབྱེའི་ཚབ་ཨང་།

ཟུར་བཀོད་ལྔ་བ། མཐོ་རིམ་སློབ་གསོའི་ཆེད་ལས་ཀྱི་རིགས་དབྱེ་དང་ཚབ་ཨང་གི་སྐོར།

ཟུར་བཀོད་དྲུག་པ། རྒྱལ་དམངས་དཔལ་འབྱོར་ལས་རིགས་ཀྱི་རིགས་དབྱེ་དང་ཚབ་ཨང་གི་སྐོར།

ཟུར་བཀོད་བདུན་པ། སློབ་གསོའི་རིགས་དབྱེ་ཞིབ་བསྡུར་རེའུ་མིག


དཔྱད་གཞིའི་ཡིག་ཆ།