《ལྕགས་ལམ་སྐྱེལ་འདྲེན་དཔལ་འབྱོར་རིག་པ》སྔ་མའི་པར་གཞི་དེ ཀླུKlu  ནས 2021-10-13 08:43ལ་འགྲུབ།

《ལྕགས་ལམ་སྐྱེལ་འདྲེན་དཔལ་འབྱོར་རིག་པ》

《ལྕགས་ལམ་སྐྱེལ་འདྲེན་དཔལ་འབྱོར་རིག་པ》
《ལྕགས་ལམ་སྐྱེལ་འདྲེན་དཔལ་འབྱོར་རིག་པ》ནི་སྤྱི་ལོ2012ལོར་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་རྩོམ་པ་པོ་ནི་ཆིན་སི་ཕིང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
铁路运输经济学
རྩོམ་པ་པོ།
ཆིན་སི་ཕིང་།
དཔེ་སྐྲུན་ཁང་།
པེ་ཅིང་འགྲིམ་འགྲུལ་སློབ་ཆེན་དཔེ་སྐྲུན་ཁང་།
དཔེ་སྐྲུན་དུས་ཚོད།
སྤྱི་ལོ2012ལོའི་ཟླ11པ།
ཤོག་གྲངས།
159
རིན་གོང་།
སྒོར25
ISBN
9787512112346
1 ​ནང་དོན།

《མཐོ་རིམ་སློབ་གསོའི་འཁོར་ལམ་འགྲིམ་འགྲུལ་གྱི་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་སློབ་དེབ་འགྲིམ་འགྲུལ་སྐྱེལ་འདྲེན་རིགས་ཀྱི་ལྕགས་ལམ་སྐྱེལ་འདྲེན་དཔལ་འབྱོར་རིག་པ》ཡིས་དཔལ་འབྱོར་རིག་པའི་གཞུང་ལུགས་དང་ཐབས་ལམ་སྤྱད་དེ། ལྕགས་ལམ་སྐྱེལ་འདྲེན་བྱེད་སྒོ་དེ་ཉིད་ཇི་ལྟར་དཔལ་འབྱོར་བྱེད་སྒོ་གཞན་དག་དང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་ཞིབ་འཇུག་བྱེད་པ་དང་། ལྕགས་ལམ་སྐྱེལ་འདྲེན་ཁེ་ལས་ཀྱིས་ཇི་ལྟར་ཚད་ཡོད་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་མ་གནས་དམའ་རུ་བཏང་ནས་སྤྱི་ཚོགས་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྐོང་བ་དང་། ཆབས་ཅིག་ཁེ་ལས་ཀྱི་ཕན་འབྲས་ཆེ་ཤོས་ཡོང་བའི་འགན་ལེན་བྱེད་རྒྱུ་དེ་རེད། དེའི་ནང་དོན་གཙོ་བོར་ལྕགས་ལམ་སྐྱེལ་འདྲེན་གྱི་ཁྱད་ཆོས་དང་ལྕགས་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་ངོ་བོ། ལྕགས་ལམ་སྐྱེལ་འདྲེན་དང་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བའི་བར་གྱི་འབྲེལ་བ། དཔལ་འབྱོར་དང་ལྕགས་ལམ་སྐྱེལ་འདྲན་གྱི་བར་སྟོང་གི་འཕེལ་རྒྱས་ཆོས་ཉིད། ལྕགས་ལམ་སྐྱེལ་འདྲེན་གྱི་དགོས་མཁོ་དང་མཁོ་སྤྲོད་ཀྱི་ཁྱད་ཆོས་དང་ཤུགས་རྐྱེན་གྱི་རྒྱུ་རྐྱེན། ལྕགས་ལམ་སྐྱེལ་འདྲེན་གྱི་མ་གནས་གྲུབ་ཚུལ་དང་རྩིས་རྒྱག་སྟངས། ལྕགས་ལམ་སྐྱེལ་འདྲེན་སྒྲིག་ཆས་ཀྱི་བཀོལ་སྤྱོད་ཕན་འབྲས་གདེང་འཇོག ལྕགས་ལམ་སྐྱེལ་འདྲེན་གྱི་རིན་གོང་གཏན་འབེབས་བྱེད་པའི་གཞུང་ལུགས། ལྕགས་ལམ་སྐྱེལ་འདྲེན་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་ལ་དབྱེ་ཞིབ་བཅས་ཚུད་ཡོད་པ་རེད།

2 དཀར་ཆག

ལེའུ་དང་པོ། གླེང་གཞི།

1.1 ལྕགས་ལམ་སྐྱེལ་འདྲེན་གྱི་ཁྱད་ཆོས།

1.2 ལྕགས་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་ངོ་བོ།

1.3 ལྕགས་ལམ་སྐྱེལ་འདྲེན་དཔལ་འབྱོར་རིག་པའི་ཞིབ་འཇུག་གི་སྔོན་འགྲོའི་ཆ་རྐྱེན།

1.4 སྐྱེལ་འདྲེན་དཔལ་འབྱོར་རིག་པའི་ཞིབ་འཇུག་གི་ནང་དོན།

བསྐྱར་སྦྱོང་།

ལེའུ་གཉིས་པ། ལྕགས་ལམ་སྐྱེལ་འདྲེན་དང་རྒྱལ་དམངས་དཔལ་འབྱོར་གྱི་འཕེལ་རྒྱས།

2.1 ལྕགས་ལམ་སྐྱེལ་འདྲེན་གྱི་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་ཁྲོད་ཀྱི་ནུས་པ།

2.2 ལྕགས་ལམ་སྐྱེལ་འདྲེན་དང་རྒྱལ་དམངས་དཔལ་འབྱོར།

2.3 ལྕགས་ལམ་སྐྱེལ་འདྲེན་དང་མི་འབོར་ཁྱབ་ཚུལ།

2.4 ལྕགས་ལམ་སྐྱེལ་འདྲེན་དང་རྒྱལ་དམངས་དཔལ་འབྱོར་གྱི་མཐུན་སྦྱོརའཕེལ་རྒྱས། 

བསྐྱར་སྦྱོང་།

ལེའུ་གསུམ་པ། ལྕགས་ལམ་སྐྱེལ་འདྲེན་གྱི་དགོས་མཁོ།

3.1 ལྕགས་ལམ་སྐྱེལ་འདྲེན་གྱི་དགོས་མཁོའི་ནང་དོན།

3.2 སྐྱེལ་འདྲེན་གྱི་དགོས་མཁོའི་བྱུང་བ་དང་ཤུགས་རྐྱེན་གྱི་རྒྱུ་རྐྱེན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལྕགས་ལམ། སྐྱེལ་འདྲེན། དཔལ་འབྱོར།