ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་རིག་པ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2021-10-15 09:14ལ་འགྲུབ།

ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་རིག་པ།

ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་རིག་པ།
ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་རིག་པ་ནི་བསྡོམས་རྩིས་དམིགས་ཚད་མ་ལག་ལ་བརྟེན་ནས། ཚན་རིག་ལག་རྩལ་དཔལ་འབྱོར་གྱི་གྲངས་ཚད་འབྲེལ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པའི་རིག་ཚན་གསར་བ་ཞིག་ཡིན། ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་རིག་པས་ཚན་རིག་ལག་རྩལ་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གྲངས་ཚད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིབ་འཇུག་བྱ་ཡུལ་དུ་བྱས་ནས། ཚན་རིག་ལག་རྩལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཚུལ་དང་། དེ་བཞིན་ལག་རྩལ་གསར་བ་དང་བཟོ་རྩལ་གསར་བ། ཐོན་རྫས་གསར་བ་བཅས་ཁྱབ་སྤེལ་བཏང་ནས་ཐོབ་པའི་དཔལ་འབྱོར་གྱི་ཕན་འབྲས་གནད་དོན་ལ་ཞིབ་དཔྱད་བྱས་ཡོད། ཚན་རིག་ལག་རྩལ་བསྡོམས་རྩིས་རིག་པ་ནི་དུས་རབས20བ་ནས་བཟུང་། འཛམ་གླིང་གི་ཚན་རིག་ལག་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ཏེ་རིམ་བཞིན་གྲུབ་པའི་ཉེར་སྤྱོད་རང་བཞིན་གྱི་རིག་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
科学技术统计学
ཕྱི་ཡིག་གི་མིང་།
Science and Technology Statistics
1 ཞིབ་འཇུག་གི་ནང་དོན།

(1) ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་དམིགས་ཚད་མ་ལག་གི་རིམ་པ་དང་སྒྲིག་གཞི།

(2) ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་དབྱེ་ཞིབ་དང་རིམ་པ། ད་དུང་གདེང་འཇོག་བྱེད་ཐབས།

(3) ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་རྨང་གཞིའི་དམིགས་ཚད་ཀྱི་ཁྱབ་ཁོངས་དང་ནང་དོན།

མིག་སྔར་ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་དང་གདེང་འཇོག་བྱ་རྒྱུའི་ཐད་ལ་ད་དུང་གཅིག་གྱུར་གྱི་གཏན་འབེབས་བྱས་མེད་པས་ཞིབ་འཇུག་གཏིང་ཟབ་བྱེད་དགོས། ཚན་རིག་ལག་རྩལ་གྱི་གཞི་རྩའི་གནས་ཚུལ་བསྡོམས་རྩིས་བྱེད་པར་སྤྱིར་བཏང་དུ། ཚན་རིག་ལག་རྩལ་ཞིབ་འཇུག་རྣམ་གྲངས་ཀྱི་བསྡོམས་རྩིས་དང་། ཚན་རིག་ལག་རྩལ་གྱི་གྲོན་དངུལ་བསྡོམས་རྩིས་རྒྱག་རྒྱུ། ཚན་རིག་ལག་རྩལ་གྱི་གྲུབ་འབྲས་བསྡོམས་རྩིས་རྒྱག་རྒྱུ། ཚན་རིག་ལག་རྩལ་གྱི་བྱ་གཞག་གོང་དུ་འཕེལ་ཚུལ་གྱི་བསྡོམས་རྩིས། ཚན་རྩལ་ལས་བྱེད་པའི་བསྡོམས་རྩིས། ཚན་རིག་ལག་རྩལ་དང་དཔལ་འབྱོར་གྱི་ཕན་འབྲས་བསྡོམས་རྩིས་སོགས་ཡིན།

2 གཞི་རྩའི་ལས་འགན།

ཚན་རིག་ལག་རྩལ་གྱི་བསྡོམས་རྩིས་རིག་པའི་གཞི་རྩའི་ལས་འགན་ནི་བསྡོམས་རྩིས་ཀྱི་འགན་ནུས་དང་ནུས་པ་འདོན་སྤེལ་བྱས་ཏེ་དུས་ཐོག་དང་ཡང་དག་པ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཚན་རིག་ལག་རྩལ་དང་དཔལ་འབྱོར་འཕར་སྣོན་གྱི་འབྲེལ་བའི་སྐོར་གྱི་གྲངས་ཀའི་དཔྱད་ཡིག་འཚོལ་སྡུད་བྱ་རྒྱུ་དང་། མ་དཔེ་བརྟག་དཔྱད་དང་དཔེ་མཚོན་བརྟག་དཔྱད་ཀྱི་རྒྱུ་ཆ་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་ཆུ་ཚད་དང་གཞི་ཁྱོན། གྲུབ་འབྲས།  གནད་དོན་བཅས་མཚོན་པ་བྱ་རྒྱུ་དེ་ཡིན། དུས་མཚུངས་སུ་དཔལ་འབྱོར་གྱི་གྲངས་ཚད་ཐད་ནས་ཚན་རྩལ་སྲིད་ཇུས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱས་ཏེ། འགོ་ཁྲིད་སྡེ་ཁག་གིས་ཚན་རྩལ་གྱི་སྲིད་ཇུས་དང་འཆར་གཞི་གཏན་འབེབས་བྱེད་པར་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཏེ། ཚན་རིག་ལག་རྩལ་དེ་དཔལ་འབྱོར་སྤྱི་ཚོགས་དང་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།


དཔྱད་གཞིའི་ཡིག་ཆ།