སྤྱི་ཚོགས་དཔལ་འབྱོར་བསྡོམས་རྩིས་རིག་པ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2021-10-15 09:19ལ་འགྲུབ།

སྤྱི་ཚོགས་དཔལ་འབྱོར་བསྡོམས་རྩིས་རིག་པ།

སྤྱི་ཚོགས་དཔལ་འབྱོར་བསྡོམས་རྩིས་རིག་པ།
སྤྱི་ཚོགས་དཔལ་འབྱོར་བསྡོམས་རྩིས་རིག་པ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་བསྐྱར་མའི་གཞུང་ལུགས་གཞིར་བཟུང་སྟེ། རྒྱལ་དམངས་དཔལ་འབྱོར་གྱི་ཐོན་སྐྱེད་དང་བགོ་བཤའ། འགྲོ་རྒྱུག བེད་སྤྱོད་བཅས་ཀྱི་ལྷུ་ཚིགས་སོ་སོའི་དཔལ་འབྱོར་འཁོར་སྐྱོད་དང་། སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། དེར་རྒྱལ་ཁབ་ཀྱི་བསྡོམས་རྩིས་ཆ་འཕྲིན་དྲ་རྒྱའི་འདེགས་སྐྱོར་ཤུགས་ཆེན་ལྡན་ཡོད་པས། རྒྱལ་ཁབ་ཀྱིས་ཡང་དག་དང་དུས་ཐོག ཁྱོན་ཡོངས། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ལ་དོ་དམ་ནུས་ལྡན་བྱེད་པར་བློ་འདྲིའི་སྙན་ཞུ་མཁོ་འདོན་བྱེད་ཐུབ་པས། རང་རྒྱལ་གྱི་བཀོལ་སྤྱོད་ཆེས་རྒྱ་ཆེ་བའི་ཉེར་སྤྱོད་བསྡོམས་རྩིས་རིག་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会经济统计学
ཕྱི་ཡིག་གི་མིང་།
socio-economic statistics
1 ངོ་སྤྲོད་མདོར་བསྡུས།

སྤྱི་ཚོགས་དཔལ་འབྱོར་བསྡོམས་རྩིས་རིག་པ་ནི་དཔལ་འབྱོར་ས་ཁམས་དང་གྲོང་ཁྱེར། གྲོང་གསེབ་ཀྱི་ས་ཁོངས་འཆར་འགོད་ཆེད་ལས(ལོ་བཞིའི་ལམ་ལུགས)དང་གྲོང་ཁྱེར་འཆར་འགོད་ཆེད་ལས།(ལོ་ལྔའི་ལམ་ལུགས)དངོས་གཞིའི་ཚན་ཁག་གིས་བཙུགས་པའི་ཆེད་ལས་ཀྱི་རྨང་གཞིའི་སློབ་ཚན་ཞིག་ཡིན། སློབ་ཚན་འདི་སློབ་སྦྱོང་བྱས་པ་བརྒྱུད་སློབ་མར་སྤྱི་ཚོགས་དཔལ་འབྱོར་བསྡོམས་རྩིས་རིག་པའི་གཞི་རྩའི་ཐ་སྙད་དང་། གཞི་རྩའི་རྩ་བའི་རིགས་པ། ནང་དོན་མ་ལག་བཅས་ཤེས་རྟོགས་ཅུང་ལེགས་པོ་བྱེད་ཐུབ་པ་དང་། སྤྱི་ཚོགས་དཔལ་འབྱོར་གྱི་གནད་དོན་ལ་བསྡོམས་རྩིས་དབྱེ་ཞིབ་བྱེད་ཐབས་ཁོང་དུ་ཆུད་པ་བྱས་ཏེ་དོན་དངོས་ཞིབ་འཇུག་བྱེད་པར་རིགས་པའི་གཞུང་ལུགས་དང་། བྱེད་ཐབས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་བླང་བྱ་བཏོན་ཡོད། སློབ་ཚན་གྱི་ནང་དོན་མདོར་བསྡུས་ཏེ་བཤད་ན། རྒྱལ་དམངས་དཔལ་འབྱོར་གྱི་བསྡོམས་རྩིས་ནང་དོན་དང་ལས་འགན། རྒྱལ་དམངས་དཔལ་འབྱོར་གྱི་བྱེད་སྒོའི་ཆ་རྐྱེན་ལ་དབྱེ་ཞིབ། རྒྱལ་དམངས་དཔལ་འབྱོར་གྱི་བྱེད་སྒོའི་བརྒྱུད་རིམ་དང་གྲུབ་འབྲས་བསྡོམས་རྩིས། ནོར་སྲིད་དང་དངུལ་རྩ། རིན་གོང་བསྡོམས་རྩིས། མི་དམངས་ཀྱི་འཚོ་བའི་འཛད་སྤྱོད་བསྡོམས་རྩིས། རྒྱལ་དམངས་དཔལ་འབྱོར་གྱི་ཕན་འབྲས་བསྡོམས་རྩིས་བཅས་ཚུད་ཡོད།

2 གྲུབ་ཚུལ།

གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་དང་བྲན་གཡོག་སྤྱི་ཚོགས་གྲུབ་པའི་བརྒྱུད་རིམ་ཁྲོད་དུ་བསྡོམས་རྩིས་ཀྱི་མྱུ་གུ་འབུས་ཡོད། རྒྱལ་ཁབ་བྱུང་རྗེས་དབང་སྒྱུར་གྲལ་རིམ་གྱིས་དམག་མི་བསྡུ་བ་དང་། འུ་ལག་རྒྱག་པ། དཔྱ་ཁྲལ་བསྡུ་བ་བཅས་ཀྱི་ཆེད་དུ་མི་གྲངས་དང་ས་ཞིང་། འབྲུ་རིགས། ཕྱུགས་ཟོག་སོགས་ཀྱི་གྲངས་འབོར་ཤེས་དགོས། བསྡོམས་རྩིས་སྔ་ཤོས་ནི་མི་འབོར་དང་ས་ཞིང་རྩིས་རྒྱག་པ་ནས་འགོ་ཚུགས་ཡོད། བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་བསྡོམས་རྩིས་ཀྱི་གཞི་ཁྱོན་ཅུང་ཆེན་པོ་ཡོད་ཀྱང་སྤྱིའི་ཆ་ནས་བཤད་ན་འཕེལ་རྒྱས་དལ་བ་རེད། མ་རྩ་རིང་ལུགས་གོང་དུ་འཕེལ་བའི་དུས་སྐབས་སུ་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་དང་། ཐོན་སྐྱེད་རིམ་བཞིན་སྤྱི་ཚོགས་ཅན་དུ་འགྱུར་བ་དང་བསྟུན་ཏེ་བསྡོམས་རྩིས་རིམ་བཞིན་བཟོ་ལས་དང་ཞིང་ལས། ཚོང་ལས་སོགས་ཀྱི་ཕྱོགས་གང་ཅིའི་ཐད་ལ་ཁྱབ་པ་རེད། བསྡོམས་རྩིས་བྱེད་སྒོ་དེ་རིགས་འཕེལ་རྒྱས་བྱུང་ནས་དུས་རིམ་ངེས་ཅན་ཞིག་ལ་སླེབས་དུས། མི་རྣམས་ཀྱིས་བསྡོམས་རྩིས་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་འགོ་བརྩམས་ཏེ། རིམ་བཞིན་ཅུང་བརྒྱུད་རིམ་ལྡན་པའི་བསྡོམས་རྩིས་གཞུང་ལུགས་ཀྱི་ཤེས་བྱ་ཆགས་པ་དང་། བསྡོམས་རྩིས་རིག་པ་བྱུང་བ་རེད།

མིག་སྔར་འཛམ་གླིང་ཐོག་བསྡོམས་རྩིས་ལ་གྲུབ་མཐའ་སྣ་མང་ཡོད། གྲངས་རིག་སྡོམ་རྩིས་གྲུབ་མཐའ་ཡིས་བསྡོམས་རྩིས་རིག་པ་ནི་གྲངས་རིག་བསྡོམས་རྩིས་རིག་པ་ཡིན་ལ། དེང་རབས་ཉེར་སྤྱོད་རྩིས་རིག་གི་ཡན་ལག་ཅིག་ཡིན།  དེ་ནི་སྐབས་བསྟུན་གྱི་རང་བྱུང་སྣང་ཚུལ་དང་སྤྱི་ཚོགས་སྣང་ཚུལ་གྱི་གྲངས་འབོར་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པའི་ཐབས་ཤེས་མ་ལག་ཅིག་ཡིན། རྩིས་རིག་བསྡོམས་རྩིས་རིག་པ་དེ་ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་རིགས་པའི་གཞུང་ལུགས་དང་ཐབས་ཤེས། བེད་སྤྱོད་བཅས་ཀྱི་ཐད་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། སྤྱི་ཚོགས་བསྡོམས་རྩིས་གྲུབ་མཐའ་ཡིས་བསྡོམས་རྩིས་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཡིན་པ་དང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ནང་ཁུལ་གྱི་འབྲེལ་བ་དང་ཕན་ཚུན་བར་གྱི་འབྲེལ་བར་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད།

3 ཁྱད་ཆོས།

སྤྱི་ཚོགས་དཔལ་འབྱོར་བསྡོམས་རྩིས་ཀྱི་ཁྱད་ཆོས་གཙོ་བོ་ནི་གཤམ་གསལ་ལྟར།

3_1 གྲངས་ཚད་རང་བཞིན།

སྤྱི་ཚོགས་དཔལ་འབྱོར་སྣང་ཚུལ་གྱི་གྲངས་ཚད་མང་ཉུང་དང་། སྣང་ཚུལ་བར་གྱི་གྲངས་ཚད་འབྲེལ་བ། སྤུས་ཚད་བར་འགྱུར་ལྡོག་འགྲོ་བའི་གྲངས་ཚད་ཀྱི་དབྱེ་མཚམས་བཅས་ཚུད་ཡོད། སྤྱི་ཚོགས་དཔལ་འབྱོར་གྱི་བསྡོམས་རྩིས་ནི་ངོ་བོ་ངེས་ཅན་དང་འབྲེལ་བ་བྱེད་པའི་ཁྲོད་ནས་གྲངས་ཚད་དེ་ཚོའི་ཐད་ཀྱི་ད་ལྟའི་གནས་ཚུལ་དང་དེ་ཚོའི་འཕེལ་འགྱུར་གྱི་གོ་རིམ་མཚོན་བཞིན་ཡོད།

3_2 སྤྱིའི་རང་བཞིན།

སྤྱི་ཚོགས་དཔལ་འབྱོར་སྣང་ཚུལ་གྱི་སྤྱིའི་གྲངས་ཚད་ཐད་ཀྱི་ངོས་འཛིན་ཡིན།

3_3 བྱེ་བྲག་གི་རང་བཞིན།

བྱེ་བྲག་གི་བྱ་དངོས་ཀྱི་གྲངས་ཚད་ཕྱོགས་ལ་ཟེར། དེས་དངོས་ཡོད་བྱ་དངོས་ཀྱི་དུས་ཚོད་དང་ས་གནས། ཆ་རྐྱེན་ངེས་ཅན་འོག་གི་གྲངས་ཚད་མཚོན་ཚུལ་ལ་ཞིབ་འཇུག་བྱེད་བཞིན་ཡོད།

4 གྲུབ་འབྲས།

སྤྱི་ཚོགས་དཔལ་འབྱོར་གྱི་བསྡོམས་རྩིས་བྱེད་སྒོའི་གྲུབ་འབྲས་ལ།①བསྡོམས་རྩིས་ཀྱི་དཔྱད་གཞིའི་རྒྱུ་ཆ།②བསྡོམས་རྩིས་བྱེད་ཐབས་གཉིས་ཡོད། སྤྱི་ཚོགས་དཔལ་འབྱོར་བསྡོམས་རྩིས་རིག་པའི་འཕེལ་རིམ་ཁྲོད་དུ་སྐབས་ཤིག་རིང་ཕྱོགས་དེ་གཉིས་ཀྱི་གྲུབ་འབྲས་ཚང་མ་རང་ཉིད་ཀྱི་ཞིབ་འཇུག་ཁྱབ་ཁོངས་ནང་ཚུད་ཡོད། དོན་དངོས་ཀྱི་འཕེལ་ཚུལ་ཐོག་ནས་སྤྱི་ཚོགས་ཀྱི་དཔལ་འབྱོར་བསྡོམས་རྩིས་རིག་པའི་ཞིབ་འཇུག་ཁྱབ་ཁོངས་དེ་རིམ་བཞིན་ཕྱི་མ་དེར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་གསལ་པོར་མཚོན་ཡོད། དེ་སྤྱི་ཚོགས་དཔལ་འབྱོར་སྣང་ཚུལ་གྱི་གྲངས་ཚད་ལ་ངོས་འཛིན་བྱེད་པའི་བྱེད་ཐབས་རིག་པའི་རིག་ཚན་ཞིག་ཏུ་གྱུར་ཡོད།

5 རིགས་དབྱེ།

སྤྱི་ཚོགས་དཔལ་འབྱོར་བསྡོམས་རྩིས་རིག་པ་ནི་རིག་ཚན་མང་བའི་རིག་ཚན་ཞིག་ཡིན། དེའི་གཞི་རྩའི་ཚན་ཁག་ནི་སྤྱི་ཚོགས་དཔལ་འབྱོར་བསྡོམས་རྩིས་རིག་པའི་རྩ་བའི་རིགས་པ་དང་། དཔལ་འབྱོར་བསྡོམས་རྩིས་རིག་པ། སྤྱི་ཚོགས་བསྡོམས་རྩིས་རིག་པ། སྡེ་ཁག་བསྡོམས་རྩིས་རིག་པ་དང་བསྡོམས་རྩིས་ལོ་རྒྱུས་བཅས་ཡིན། སྡེ་ཁག་གི་བསྡོམས་རྩིས་རིག་པའི་ནང་དུ་མི་གྲངས་བསྡོམས་རྩིས་རིག་པ་དང་། ཞིང་ལས་བསྡོམས་རྩིས་རིག་པ། བཟོ་ལས་བསྡོམས་རྩིས་རིག་པ། སློབ་གསོ་བསྡོམས་རྩིས་རིག་པ། རིག་གནས་བསྡོམས་རྩིས་རིག་པ། འཕྲོད་བསྟེན་བསྡོམས་རྩིས་རིག་པ་སོགས་ཡོད།


དཔྱད་གཞིའི་ཡིག་ཆ།