ཀུ་ཨེར་པཱ་ཆའོ་ཧྥུ།སྔ་མའི་པར་གཞི་དེ མགོན11  ནས 2021-10-15 09:41ལ་འགྲུབ།

ཀུ་ཨེར་པཱ་ཆའོ་ཧྥུ།

ཀུ་ཨེར་པཱ་ཆའོ་ཧྥུ།
ཁོང་ནི་སྤྱི་ལོ1931ལོའི་ཟླ3པའི་ཚེས2ཉིན་སུའུ་ལེན་ལྷོ་རྒྱུད་ཀྱི་སི་ཐཱ་ཧྥུ་ལོ་པོར་མཐའ་མཚམས་ཁུལ་ཕུའུ་ལི་ཝོ་ལི་ནོ་ཡེ་གྲོང་ཚོར་སྐྱེས་ཤིང་། སུའུ་ལེན་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཙུང་ཐུང་མཐའ་མ་ཡིན། སྤྱི་ལོ1952ལོར་སུའུ་ལེན་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1955ལོར་མོ་སི་ཁོ་སློབ་ཆེན་གྱི་བཅའ་ཁྲིམས་ཚན་ཁག་ནས་མཐར་ཕྱིན། སྤྱི་ལོ1980ལོའི་ཟླ10པར་སུའུ་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་གྱི་འགན་བཞེས། སྤྱི་ལོ1985ལོ་ནས་སྤྱི་ལོ1991ལོའི་བར་སུའུ་ལེན་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཙུང་ཐུང་གི་འགན་བཞེས་ནས་སུའུ་ལེན་གྱི་དཔལ་འབྱོར་དང་། ཆབ་སྲིད། དམག་དོན་སོགས་ཁྱབ་ཁོངས་མང་པོའི་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་བཏང་། སྤྱི་ལོ1991ལོའི་ཟླ12པའི་ཚེས25ཉིན་སུའུ་ལེན་གྱི་ཙུང་ཐུང་གི་ལས་གནས་ནས་དགོངས་ཞུ་བྱས་པ་ཁྱབ་བསྒྲགས་བྱས། སྤྱི་ལོ1993ལོའི་ཟླ5པའི་ཚེས24ཉིན། རྒྱལ་སྤྱིའི་རྒྱ་གྲམ་ལྗང་ཚོགས་བཙུགས་པའི་ཚོགས་ཆེན་ཐོག་རྩ་འཛུགས་དེའི་ཀྲུའུ་ཞིའི་ལས་གནས་དང་པོར་བདམས། སྤྱི་ལོ2000ལོའི་ཟླ3པའི་ཚེས11ཉིན་ཨུ་རུ་སུའི་གཅིག་གྱུར་སྤྱི་ཚོགས་དམངས་གཙོ་ཏང་གི་གཙོ་འཛིན་ལ་བདམས། སྤྱི་ལོ1990ལོའི་ཟླ10པའི་ཚེས15ཉིན་ནོ་པེར་ཞི་བདེའི་བྱ་དགའ་ཐོབ། སྤྱི་ལོ2005ལོའི་ཟླ6པར་འཇར་མན་གཅིག་གྱུར་ཨུ་ཡོན་ལྷན་ཁང་གིས་ཁོང་ལ“ཨར་ཧྥ་ཞིབ་བཤེར་ས་ཚིགས”ཀྱི་འཇར་མན་གཅིག་གྱུར་བྱ་དགའ་གནང་། སྤྱི་ལོ2008ལོའི་ཟླ9པའི་ཚེས18ཉིན། ཨ་རིར་རང་དབང་གི་བྱས་རྗེས་གཟེངས་རྟགས་ཐོབ། སྤྱི་ལོ2012ལོའི་ཟླ5པའི་ཚེས3ཉིན་ཨུ་རུ་སུའི་སྐབས་དེའི་ཙུང་ཐུང་ཏུ་སྨི་ཐེ་ལི•ཨ་ནཱ་ཐུའོ་ལི་ཡེ་ཝེ་ཆི•མེ་ཏུ་ཝེ་ཅེ་ཕུའུ་ཡིས་ཨུ་རུ་སུའི་གཟི་བརྗིད་མཐོ་ཤོས་ཧྲེང་ཨན་ཏུ་ལེ་ཡི་གཟེངས་རྟགས་གནང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
米哈伊尔•谢尔盖耶维奇•戈尔巴乔夫
ཕྱི་ཡིག་གི་མིང་།
Михаил Сергеевич Горбачёв
མཚན་ཧྲིལ་བོ།
སྨི་ཧཱ་དབྱི་ཨེར•ཞེ་ཨེར་ཀའེ་ཡེ་ཝེ་ཆི•ཀུ་ཨེར་པཱ་ཆའོ་ཧྥུ།
འཁྲུངས་ལོ།
སྤྱི་ལོ1931ལོའི་ཟླ3པའི་ཚེས2ཉིན།
རྒྱལ་ཁབ།
ཨུ་རུ་སུ།
མཐར་ཕྱིན་སློབ་གྲྭ།
མོ་སི་ཁོ་ལུའོ་མེང་ནུའོ་སུའོ་ཧྥུ་རྒྱལ་བཙུགས་སློབ་ཆེན།
ལས་རིགས།
ཆབ་སྲིད་པ།
དད་མོས།
སྔ་དུས་སུ་མར་ཁེ་སི་ལེ་ཉིན་རིང་ལུགས་ལ་དད་མོས་བྱེད་པ།
མི་རིགས།
ཨུ་རུ་སུའི་མི།
གྲུབ་འབྲས་གཙོ་བོ།
ཀུ་ཨེར་པཱ་ཆའོ་ཧྥུའི་བཅོས་བསྒྱུར་ལམ་ཕྱོགས། ནོ་པེར་ཞི་བདེའི་བྱ་དགའ(སྤྱི་ལོ1990ལོ)
1 མི་ཚེའི་བརྒྱུད་རིམ། 

སྤྱི་ལོ1931ལོའི་ཟླ3པའི་ཚེས2ཉིན་སུའུ་ལེན་ལྷོ་རྒྱུད་ཀྱི་སི་ཐཱ་ཧྥུ་ལོ་པོར་མཐའ་མཚམས་ཁུལ་གྱི་དམར་དམག་དམག་ཁུལ(དམར་སྲུང་དམག་ཁུལ་ཁང)ཕུའུ་ལི་ཝོར་ནེ་གྲོང་ཚོའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ཡབ་ནི་གྲོང་ཚོའི་ཐུན་མོང་ཞིང་གྲོང་གི་འཕྲུལ་ཆས་ཞིག་གསོ་བྱེད་མཁན་ཡིན། སློབ་གྲྭར་འགྲོ་བའི་སྔོན་ལ་ཁོས་དུས་ཚོད་མང་ཆེ་བར་སྤོ་བོ་དང་མཉམ་དུ་བསྡད་ཡོད།

སྤྱི་ལོ1941ལོར། འཇར་མན་ཧྥ་ཞི་སིས་སུའུ་ལེན་ལ་བཙན་འཛུལ་བྱེད་པའི་དམག་འཁྲུག་བསླངས་སྐབས། ཀུ་ཨེར་པཱ་ཆའོ་ཧྥུ་ལོ10ལས་སླེབས་མེད། དམག་འཁྲུག་གི་སྐབས་སུ་ཁོ་ཚང་རྒྱབ་ཕྱོགས་ཆེན་པོར་ཕྱིར་འཐེན་མ་བྱས་པར་གཡུལ་ས་དང་ཐག་མི་རིང་བའི་ས་ཆར་ཞིང་ལས་ངལ་རྩོལ་བྱེད་ཀྱི་ནཡོད། སྐབས་དེར་ཀུ་ཨེར་པཱ་ཆའོ་ཧྥུ་ལ་སློབ་སྦྱོང་གི་རྒྱུན་ལྡན་གྱི་གོ་སྐབས་ཤོར་ནས་ཕྱོགས་གཅིག་ནས་ངལ་རྩོལ་དང་ཕྱོགས་གཅིག་ནས་སློབ་སྦྱོང་བྱེད་དགོས་བྱུང་།  

སྤྱི་ལོ1944ལོ་ནས་བཟུང་དུས་བཅད་ལྟར་ཞིང་གྲོང་དུ་ངལ་རྩོལ་བྱས་པ་དང་། རྗེས་སུ་ཁང་པའེ་དབྱིན་གྱི་ལས་རོགས་པར་གྱུར།

སྤྱི་ལོ1945ལོའི་རྗེས་སུ་ཀུ་ཨེར་པཱ་ཆའོ་ཧྥུ་ལོ་ལྟར་ས་གནས་དེ་གའི་ཞིང་འཕྲུལ་ས་ཚིགས་སུ་གནས་སྐབས་གླ་པ་བྱེད་པའམ་ཡང་ན་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་གྱི་ལས་རོགས་བྱེད་ཀྱིན་ཡོད། ལས་ཀར་ཧུར་ཐག་འབད་ཐག་བྱས་པའི་དབང་གིས་སྤྱི་ལོ1949ལོར་ངལ་རྩོལ་དར་དམར་གྱི་གཟེངས་རྟགས་ཐོབ།  

སྤྱི་ལོ1946ལོར་ལས་ཀར་ཞུགས་པ་དང་ཞིང་གྲོང་གི་འདྲུད་འཐེན་འཕྲུལ་འཁོར་འཕྲུལ་ཆས་ས་ཚིགས་ཀྱི་འཕྲུལ་ཆས་བཟོ་བཀོད་པའི་འགན་བཞེས།

སྤྱི་ལོ1950ལོར་མོ་སི་ཁོ་སློབ་ཆེན་གྱི་བཅའ་ཁྲིམས་ཚན་ཁག་ཏུ་སློབ་སྦྱོང་བྱས།

སྤྱི་ལོ1952ལོར་སུའུ་ལེན་གྱི་གུང་ཁྲན་ཏང་ལ་ཞུགས།

སྤྱི་ལོ1955ལོར་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་མོ་སི་ཁོ་སློབ་ཆེན་ནས་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་ལས་ཀ་བྱས་ཏེ་སྔ་རྗེས་སུ་སི་ཐཱ་ཕུའུ་ལུའོ་པོར་གྲོང་ཁྱེར་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་དང་། སུའུ་ལེན་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་མཐའ་མཚམས་ས་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། མཐའ་མཚམས་ཁུལ་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཉིས་པ་དང་དང་པོ་བཅས་ཀྱི་འགན་བཞེས།

སྤྱི་ལོ1962ལོའི་ཟླ3པར་སུའུ་གུང་སི་ཐཱ་ཧྥུ་ལོ་པོར་ས་ཁོངས་ཞིང་གྲོང་གི་ཞིང་ར་དང་པོའི་ཐོན་སྐྱེད་དོ་དམ་ཅུའུ་ཡི་མཐའ་མཚམས་ཁུལ་གྱི་ཏང་གི་རྩ་འཛུགས་པའི་འགན་བཞེས། ལོ་དེའི་ཟླ12པར་སུའུ་གུང་སི་ཐཱ་ཧྥུ་ལོ་པོར་ཞིང་ལས་མཐའ་མཚམས་ཁུལ་གྱི་ཏང་ལས་ཁུངས་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1962ལོའི་ཟླ9པ་ནས་སྤྱི་ལོ1967ལོའི་བར་སི་ཐཱ་ཧྥུ་ལོ་པོར་ཞིང་ལས་སློབ་གླིང་གི་ཡིག་ཐོག་སློབ་ཁྲིད་སློབ་སྦྱོང་ལེགས་འགྲུབ་བྱུང་།

སྤྱི་ལོ1966ལོའི་ཟླ9པར་སུའུ་གུང་སི་ཐཱ་ཧྥུ་ལོ་པོར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས། ལོ་དེར་ཞིང་ལས་དཔལ་འབྱོར་རིག་པ་བའི་བསླབ་གནས་ཐོབ།

སྤྱི་ལོ1968ལོའི་ཟླ8པར་སུའུ་གུང་སི་ཐཱ་ཧྥུ་ལོ་པོར་མཐའ་མཚམས་ཁུལ་ཨུའི་ཧྲུའུ་ཅི་གཉིས་པའི་འགན་བཞེས། སྤྱི་ལོ1970ལོའི་ཟླ4པར་ཧྲུའུ་ཅི་དང་པོའི་འགན་བཞེས།  

སྤྱི་ལོ1971ལོར་སུའུ་གུང་ཀྲུང་དབྱང་ཨུ་ཡོན་དུ་བདམས།

སྤྱི་ལོ1972ལོར་ཁོང་གིས་འཐུས་མི་ཚོགས་པ་ཞིག་ཁྲིད་དེ་པི་ལི་ཧྲི་ལ་འཚམས་འདྲི་བྱས།

སྤྱི་ལོ1974ལོར་སུའུ་ལེན་གྱི་ཆེས་མཐོའི་སུའུ་ཝེ་ཨེད་ཀྱི་འཐུས་མི་དང་གཞོན་ནུ་ལོ་ཆུང་གི་ལས་དོན་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས།

སྤྱི་ལོ1978ལོར་ཁུའུ་ལཱ་ཁུ་ཧྥུ་སྐུ་གཤེགས་རྗེས་ཀུ་ཨེར་པཱ་ཆའོ་ཧྥུ་ཐད་ཀར་མོ་སི་ཁོ་རུ་མངགས་ནས་ཏང་ཀྲུང་དབྱང་གི་ཧྲུའུ་ཅིའི་འགན་བཞེས་པ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་རུ་ལས་ཀ་བྱེད་པར་བསྐྱོད། ཁུའུ་ལའ་ཁུ་ཧྥུ་ཡི་ཚབ་བྱས་ནས་ཞིང་ལས་པུའུ་ཡི་འགོ་འཛིན་གྱི་འགན་བཞེས།

སྤྱི་ལོ1979ལོའི་ཟླ11པར་སུའུ་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྗེས་སྣོན་ཨུ་ཡོན་དུ་བདམས།

སྤྱི་ལོ1980ལོའི་ཟླ10པར་སུའུ་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ལོ་ན་གཞོན་ཤོས་སུ་གྱུར་པར་མ་ཟད། སུའུ་ལེན་ཞིང་ལས་པུའུ་གཙོ་སྐྱོང་བྱེད་མཁན་གྱི་ཧྲུའུ་ཅིར་གྱུར།  

སྤྱི་ལོ1984ལོའི་ཟླ2པར། ཀུ་ཨེར་པཱ་ཆའོ་ཧྥུ་སུའུ་ལེན་གྱི་མི་སྣ་ཨང་གཉིས་པར་གྱུར་ནས་ཆབ་སྲིད་ཅུའུ་ཡི་སྲོག་ཤིང་གི་ཁོངས་མི་ཞིག་ཏུ་གྱུར། སྐབས་དེར་ཀུ་ཨེར་པཱ་ཆའོ་ཧྥུ་ཡིས་ཞིང་ལས་དང་དཔལ་འབྱོར། སློབ་གསོ། འདུ་ཤེས་འཛིན་སྟངས་དང་ཕྱི་འབྲེལ་ལས་དོན་བཅས་གཙོ་གཉེར་བྱས། 

སྤྱི་ལོ1985ལོའི་ཟླ4པའི་སུའུ་གུང་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་དང་། སྤྱི་ལོ1986ལོའི་ལོ་འགོའི་སུའུ་གུང་ཚོགས་ཆེན་ཉེར་བདུན་པས་ཀུ་ཨེར་པཱ་ཆའོ་ཧྥུ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་འགོ་ཁྲིད་ཀྱི་གོ་གནས་མཐོ་ཤོས་གཏན་འཁེལ་བྱས་པར་མ་ཟད། ཀུ་ཨེར་པཱ་ཆའོ་ཧྥུ་བཅོས་བསྒྱུར་གྱི་ལམ་ཕྱོགས་ཀྱང་གཏན་འཁེལ་བྱས།

སྤྱི་ལོ1986ལོར་ཀུ་ཨེར་པཱ་ཆའོ་ཧྥུ་ཡིས་སུའུ་གུང་ཚོགས་ཆེན་ཉེར་བདུན་པའི་ཐོག་གི་སྙན་ཞུའི་ནང“དར་རྒྱས་ཆེ་བའི་སྤྱི་ཚོགས་རིང་ལུགས་སུ་བསྐྱོད”ཅེས་པ་དེ“དར་རྒྱས་ཆེ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི”འདོད་ཚུལ་གྱི་ཚབ་བྱེད་དུ་བཅུག་ནས།“འཐབ་ཇུས་ཇེ་མགྱོགས་སུ་གཏོང་བ”དང“བསྒྱུར་བཅོས་མཐར་ཕྱིན་པ་བྱེད་པའི་”བྱེད་ཕྱོགས་བཏོན་ཡོད།

སྤྱི་ལོ1987ལོའི་ཟླ12པར། ཀུ་ཨེར་པཱ་ཆའོ་ཧྥུ་ཝ་ཧྲིན་ཐོན་ལ་འཚམས་འདྲི་བྱས་ཏེ། ཨ་རིའི་ཙུང་ཐུང་ལི་ཀེན་དང་ལོ་རྒྱུས་ཐོག་གི《ཉིང་རྡུལ་དང་དམག་མི་ཉུང་འཕྲིའི་ཆིངས་ཡིག》ཐོག་མར་མིང་རྟགས་བཀོད།

སྤྱི་ལོ1988ལོའི་ཟླ6པར། སུའུ་གུང་གི་རྒྱལ་ཡོངས་འཐུས་མིའི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ཇུས་གཞི་བཏོན།ཟླ10པའི་ཚེས1ཉིན་སུའུ་ལེན་གྱི་ཆེས་མཐོའི་སུའུ་ཝེ་ཨེད་ཀྱི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞིར་བདམས།

སྤྱི་ལོ1989ལོའི་ཟླ5པའི་ཚེས25ཉིན། སྐབས་དང་པོའི་སུའུ་ལེན་མི་དམངས་འཐུས་མི་ཚོགས་ཆེན་ཐོག་སུའུ་ལེན་གྱི་ཆེས་མཐོའི་སུའུ་ཝེ་ཨེད་ཀྲུའུ་ཞིར་བདམས།

སྤྱི་ལོ1990ལོའི་ཟླ3པའི་ཚེས14ཉིན་སུའུ་ལེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་སུའུ་ལེན་གྱི་ཙུང་ཐུང་དང་པོར་བདམས་ཐོན་བྱུང་བ་དང་། ཀུ་ཨེར་པཱ་ཆའོ་ཧྥུ་ཡིས་ཁྱབ་བསྒྲགས་བྱས་པའི“ཡོངས་བསྒྲགས་རང་བཞིན”གྱི་བྱེད་ཕྱོགས་ཀྱིས་སྤྱི་ལོ1990ལོར་དཔེ་དེབ་ཞིབ་བཤེར་ལམ་ལུགས་མེད་པར་བཟོ་བའི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བར་མ་ཟད། ཆབ་སྲིད་ཀྱི་གནོད་འཚེ་ཕོག་མཁན་ལ་གཞི་རྒྱ་ཆེ་བའི་དཀར་འདོན་གྱི་ལས་འགུལ་སྤེལ།

སྤྱི་ལོ1993ལོའི་ཟླ5པའི་ཚེས24ཉིན། རྒྱལ་སྤྱིའི་རྒྱ་གྲམ་ལྗང་ཚོགས་བཙུགས་པའི་ཚོགས་ཆེན་ཐོག་རྩ་འཛུགས་དེའི་ཀྲུའུ་ཞིའི་ལས་གནས་དང་པོར་བདམས། 

སྤྱི་ལོ1999ལོའི་ཟླ9པར་ཨུ་རུ་སུའི་གཅིག་གྱུར་སྤྱི་ཚོགས་དམངས་གཙོ་ཏང་འཛུགས་གྲབས་བྱས། སྤྱི་ལོ2000ལོའི་ཟླ3པའི་ཚེས11ཉིན་ཏང་འདིའི་གཙོ་འཛིན་ལ་བདམས།

སྤྱི་ལོ2004ལོའི་ཟླ5པར། ཨུ་རུ་སུའི་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞིས་སྲིད་གཞུང་གི་གཅིག་གྱུར་ཨུ་རུ་སུའི་ཏང་དང་ཆབ་སྲིད་ཀྱི་གྲོས་མཐུན་འཇོག་རྒྱུ་རྒྱུན་འཁྱོངས་བྱས་མོད། འོན་ཀྱང་ཀུ་ཨེར་པཱ་ཆའོ་ཧྥུ་ཡིས་བྱེད་ཐབས་དེར་ངོ་རྒོལ་བྱས། ཟླ5པའི་ཚེས22ཉིན། ཏང་ནང་གི་གྲོས་ཚོགས་ཤིག་གི་སྟེང་དུ་ཀུ་ཨེར་པཱ་ཆའོ་ཧྥུ་དང་ཏང་ནང་གི་མི་སྣ་བར་ལ་རྩོད་གཞི་ཡོད་པའི་དབང་གིས་ཏང་དེའི་འགོ་ཁྲིད་པའི་གོ་གནས་དགོངས་པ་ཞུས།

སྤྱི་ལོ2007ལོའི་ཟླ10པའི་ཚེས20ཉིན། ཀུ་ཨེར་པཱ་ཆའོ་ཧྥུ་ཡིས་ཨུ་རུ་སུའི་སྲིད་ཏང་སྤྱི་ཚོགས་དམངས་གཙོའི་མནའ་འབྲེལ་བཙུགས་པ་དང་། དེ་ནི་ཨུ་རུ་སུ་ཡོངས་ཀྱི་ངོ་བོ་ལྡན་པའི་སྤྱི་ཚོགས་དམངས་གཙོ་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་ལ། ཀུ་ཨེར་པཱ་ཆའོ་ཧྥུ་ཡིས་ཏང་གི་འགོ་གཙོའི་འགན་བཞེས།

2 གཟི་བརྗིད་མཚན་སྙན།

ལེ་ཉིན་གྱི་བྱས་རྗེས་གཟེངས་རྟགས་གསུམ་དང་ཟླ་བ་བཅུ་པའི་གསར་བརྗེའི་བྱས་རྗེས་གཟེངས་རྟགས་དང་ངལ་རྩོལ་དར་དམར་གྱི་བྱས་རྗེས་གཟེངས་རྟགས་ཐོབ་མྱོང་།

སྤྱི་ལོ1990ལོའི་ཟླ10ཚེས15ཉིན་ནའོ་ཝེ་ནས་ནོ་པེར་ཞི་བདེའི་བྱ་དགའ་ཐོབ། 

སྤྱི་ལོ1992ལོའི་ཟླ5པའི་ཚེས4ཉིན་ཨ་རིའི་ཙུང་ཐུང་ལི་ཀེན་གྱིས་ལི་ཀེན་རང་དབང་གི་གཟེངས་རྟགས་ཐོག་མ་དེ་གནང་བ་ཡིན།

སྤྱི་ལོ2005ལོའི་ཟླ6པར། འཇར་མན་གྱི་གཅིག་གྱུར་ཁྲོད་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པས་འཇར་མན་གཅིག་གྱུར་ཨུ་ཡོན་ལྷན་ཁང་གིས་གནང་བའི“ཨར་ཧྥ་ཞིབ་བཤེར་ས་ཚིགས”ཀྱི་འཇར་མན་གྱི་གཅིག་གྱུར་བྱ་དགའ་ཐོབ།

སྤྱི་ལོ2008ལོའི་ཟླ9པའི་ཚེས18ཉིན། ཨ་རི་ནས་རྩ་ཁྲིམས་ལྟེ་གནས་ཀྱི་ཀྲུའུ་ཞི་དང་ཨ་རིའི་ཙུང་ཐུང་པུའུ་ཧྲིས་གནང་བའི་རང་དབང་གི་བྱས་རྗེས་གཟེངས་རྟགས་ཐོབ

3 འཐུས་ཚབ་བརྩམས་ཆོས།

《བཅོས་བསྒྱུར་དང་བསམ་གཞིགས་གསར་པ། ཀུ་ཨེར་པཱ་ཆའོ་ཧྥུ་ཡི་གསུང་རྩོམ་ཕྱོགས་བསྒྲིགས》སྤྱི་ལོ1987ལོ།

《ཀུ་ཨེར་པཱ་ཆའོ་ཧྥུའི་དྲན་ཐོ》སྤྱི་ལོ2003ལོ།

《འདས་ཟིན་པ་དང་མ་འོངས་པར་བསམ་གཞིགས་བྱེད་པ》སྤྱི་ལོ1998ལོ།

《ཟླ་བརྒྱད་པའི་སྲིད་འགྱུར》སྤྱི་ལོ1992ལོ།

《མ་འོངས་པའི་སྤྱི་ཚོགས་རིང་ལུགས》སྤྱི་ལོ1994ལོ།

《ང་དང་ཤར་ནུབ་ཏུ་གཅིག་གྱུར་བྱུང་བ》སྤྱི་ལོ2006ལོ།

《ད་དུང་མཇུག་རྫོགས་མེད་པའི་ལོ་རྒྱུས། ཀུ་ཨེར་པཱ་ཆའོ་ཧྥུ་ལ་བཅར་འདྲི་བྱས་པའི་ཟིན་བྲིས》སྤྱི་ལོ2003ལོ།

《ཁེ་ལི་མུའུ་ལིན་ནས་ཁ་བྲལ་བ》སྤྱི་ལོ2014ལོའི་ཟླ11པ།

དཔྱད་གཞིའི་ཡིག་ཆ།