བསྡོམས་རྩིས་རིགས་འདེད།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2021-10-15 09:12ལ་འགྲུབ།

བསྡོམས་རྩིས་རིགས་འདེད།

བསྡོམས་རྩིས་རིགས་འདེད།
བསྡོམས་རྩིས་རིགས་འདེད་ལ་བསྡོམས་རྩིས་རགས་བསྡུས་ཀྱང་ཟེར། མ་དཔེ་ལ་ངོ་བོ་ག་གེ་མོ་ཞིག་ཡོད་པ་ལས་སྤྱི་ལ་ངོ་བོ་ག་གེ་མོ་ཞིག་ཡོད་པར་རིགས་འདེད་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
统计推理
མིང་གཞན།
བསྡོམས་རྩིས་རགས་བསྡུས།
1 ངོ་སྤྲོད་མདོར་བསྡུས།

བསྡོམས་རྩིས་རིགས་འདེད་ལ་བསྡོམས་རྩིས་རགས་བསྡུས་ཀྱང་ཟེར། མ་དཔེ་ལ་ངོ་བོ་ག་གེ་མོ་ཞིག་ཡོད་པ་ལས་སྤྱི་ལ་ངོ་བོ་ག་གེ་མོ་ཞིག་ཡོད་པར་རིགས་འདེད་བྱེད་པ་སྟེ། དཔེར་ན། རྒྱལ་ཡོངས་ཀྱི་དུད་ཁྱིམ་ཁག་གི་བརྙན་འཕྲིན་གྱི་མཁོ་ཚད་ལ་རྒྱུས་ལོན་བྱེད་ཆེད། ཡོང་འབབ་མང་ཉུང་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་དུད་ཁྱིམ་རིགས་དུ་མར་བགོས་ཏེ། རིགས་རེ་རེའི་ཁྲོད་ནས་ཡང་བསྐྱར་དུད་ཁྱིམ་གྲངས་འབོར་ངེས་ཅན་ཞིག་མ་དཔེ་བྱས་ནས་བརྟག་དཔྱད་བྱས་པ་ལས་ཐོབ་པའི་དགོས་མཁོའི་མཇུག་འབྲས་དང་བསྡོམས་རྩིས་རིག་པའི་ཁྲོད་ཀྱི་རྩིས་རྒྱག་ཐབས་སྤྱད་དེ་རྒྱལ་ཡོངས་ཀྱི་མཁོ་ཚད་འདོན་དགོས། བསྡོམས་རྩིས་རིགས་འདེད་ནི་ཆ་ཤས་ཀྱིས་རིགས་འདེད་བྱས་ཏེ་སྤྱི་ཡོངས་རིགས་འདེད་བྱེད་པ་ཞིག་ཡིན། དེའི་བསྡོམས་ཚིག་ནི་སྔོན་འགྲོའི་ཆ་རྐྱེན་གྱི་ཁྱབ་ཁོངས་ལས་བརྒལ་བ་དང་། སྔོན་འགྲོའི་ཆ་རྐྱེན་དང་བསྡོམས་ཚིག་བར་གྱི་འབྲེལ་བ་ནི་ངེས་གཏན་ཅན་ཞིག་མིན། བསྡོམས་རྩིས་རིགས་འདེད་ནི་ཕྱོགས་བསྡུས་རིགས་འདེད་ཅིག་ཡིན་མོད། འོན་ཀྱང་སྟབས་བདེའི་ཕྱོགས་བསྡུས་རིགས་འདེད་དང་མི་འདྲ།  

དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི། (1) སྟབས་བདེའི་འདེམས་མང་ལ་ཚོད་ལྟ་དང་གདམ་གསེས་མ་བྱས་པར་དཔེ་མཚོན་ལ་རྒྱུན་ཆད་མེད་པར་བསྐྱར་ཟློས་དང་གྲངས་འབོར་གསོག་འཇོག་ཁོ་ན་གཞིར་བཟུང་བ་ཡིན་མོད། འོན་ཀྱང་བསྡོམས་རྩིས་རིགས་འདེད་ནི་རིམ་དབྱེ་དཔེ་འདེམས་ཀྱི་རྨང་གཞིའི་ཐོག་སྤེལ་བ་ཡིན་ཞིང་། གདམ་གསེས་རང་བཞིན་ངེས་ཅན་ཞིག་ཡིན།(2)དེའི་རྐྱེན་གྱིས་སྡོམ་རྩིས་རིགས་འདེད་ནི་སྟབས་བདེ་བའི་འདེམས་མང་ཕྱོགས་བསྡུས་རིགས་འདེད་ལས་ཅུང་གཟབ་ནན་ཡིན་ལ། བསྡོམས་ཚིག་གི་ཡིད་རྟོན་རང་བཞིན་ཡང་ཅུང་མཐོ། བསྡོམས་རྩིས་རིགས་འདེད་ཀྱིས་བརྟག་དཔྱད་ཞིབ་འཇུག་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ལ། ནགས་ཚལ་དང་གཏེར་ཁ་སོགས་ཐོན་ཁུངས་དང་ས་རྒྱུའི་གནས་ཚུལ་ལ་བརྟག་དཔྱད་བྱེད་པ་དང་དེ་བཞིན་དམངས་འདོད་བརྟག་དཔྱད་བྱེད་པའི་ཁྲོད་དུ་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད།


དཔྱད་གཞིའི་ཡིག་ཆ།