སྦྱོར་བའི་ལམ་བཞི།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2021-10-14 09:25ལ་འགྲུབ།

སྦྱོར་བའི་ལམ་བཞི།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་དང་གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ། དུང་དཀར་ཚིག་མཛོད་ཆེན་མོ་བཅས་ལས་བྱུང་བའི་སྦྱོར་བའི་ལམ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཧ་པ》ཤ265བ3《རིན་ཆེན་གཏེར་མཛོད་ཨི་པ》ཤ109བ6《དུང་དཀར་ཚིག་མཛོད་ཆེན་མོ》ཤ1582.29བཅས་ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།
1_1 ཁག་དང་པོ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.དྲོད།

2.རྩེ་མོ།

3.བདེན་པ་རྗེས་སུ་མཐུན་པའི་བཟོད་པ། 

4.འཇིག་རྟེན་ཆོས་མཆོག་གོ །

1_2 ཁག་གཉིས་པ། 

གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ།

1.དྲོད་དེ་བཞིན་ཉིད་དང་སྒྱུ་མ་ལྟ་བུར་སྒོམ་པ༔

2.རྩེ་མོ་ཕྲ་མོའི་ཏིང་ངེ་འཛིན་ཕྱག་རྒྱ་གཅིག་པ་སྒོམ་པ༔ 

3.བཟོད་པ་རྣམ་པར་སྣང་བྱེད་ཕྱག་རྒྱ་སྤྲོས་པ་སྒོམ་པ༔

4.འཇིག་རྟེན་ཆོས་མཆོག་བར་ཆད་མེད་པའི་ལམ་དུ་ཚོགས་སྒྲུབ་པའོ༔

1_3 ཁག་གསུམ་པ།

དུང་དཀར་ཚིག་མཛོད་ཆེན་མོ་ལས་བྱུང་བ་སྟེ།

1.དྲོད།

2.རྩེ་མོ།

3.བཟོད་པ།

4.ཆོས་མཆོག་གོ །