སྦྱོར་བ་མི་ཟད་པ་ཚད་མེད་པ་བཞིའི་བསམ་པས་བསྟན་པ་བཞི།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2021-10-14 09:25ལ་འགྲུབ།

སྦྱོར་བ་མི་ཟད་པ་ཚད་མེད་པ་བཞིའི་བསམ་པས་བསྟན་པ་བཞི།

འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བའི་སྦྱོར་བ་མི་ཟད་པ་ཚད་མེད་པ་བཞིའི་བསམ་པས་བསྟན་པ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཅི་པ》ཤ48བ2ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་སྟེ།

1.བྱམས་པ།

2.སྙིང་རྗེ།

3.དགའ་བ། 

4.བཏང་སྙོམས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་ཞེས་གསུངས་པའོ༎