ཨ་ལ་ཧྥ་ཐེ།སྔ་མའི་པར་གཞི་དེ མགོན11  ནས 2021-10-15 09:41ལ་འགྲུབ།

ཨ་ལ་ཧྥ་ཐེ།

ཨ་ལ་ཧྥ་ཐེ།
ཁོང་ནི་སྤྱི་ལོ1929ལོའི་ཟླ8པའི་ཚེས24ཉིན་ཅེ་རུས་ས་ལེམ་དུས་སྐྱེས་ཤིང་། སྤྱི་ལོ1948ལོར་ཐེངས་དང་པོར་ཨ་དབྱི་དམག་འཁྲུག་ལ་ཞུགས། སྤྱི་ལོ1950ལོར་ཁེ་རོ་སློབ་གྲྭ་ཆེན་མོའི་ཨར་ལས་བཟོ་སྐྲུན་ཚན་ཁག་ཏུ་སློབ་སྦྱོང་གནང་བར་ཕེབས་པ་མ་ཟད་ཕ་ལེ་སི་ཐན་གྱི་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་། ཁེ་རོ་སློབ་ཆེན་ནས་མཐར་ཕྱིན་རྗེས་ཨེ་ཅིབ་དམག་དོན་སློབ་གླིང་དུ་སློབ་སྦྱོང་བྱེད་པར་སོང་། སྤྱི་ལོ1956ལོར་ཨེ་ཅིབ་ནས་ཨ་དབྱི་དམག་འཁྲུག་ཐེངས་གཉིས་པར་ཞུགས། སྤྱི་ལོ1957ལོར་ཁུ་ཝེ་ཐེ་སྤྱི་པའི་བཟོ་སྐྲུན་པུའུ་རུ་བཟོ་བཀོད་པའི་འགན་བཞེས། སྤྱི་ལོ1958ལོར་གསང་བའི་སྒོ་ནས་ཕ་ལེ་སི་ཐན་གྱི་མི་རིགས་བཅིངས་འགྲོལ་ལས་འགུལ་རྩ་འཛུགས“ཧྥ་ཐ་ཧོ”དང་དེའི་དམག་དོན་རྩ་འཛུགས་ཀྱི་འཕྲལ་རྒོལ་རུ་ཁག་གྲབས་འཛུགས་བྱེད་པར་ཞུགས། སྤྱི་ལོ1969ལོའི་ཟླ2པར་ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས། སྤྱི་ལོ1971ལོར་ཕ་ལེ་སི་ཐན་གསར་བརྗེའི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་དམག་སྤྱིའི་འགན་བཞེས། སྤྱི་ལོ1987ལོའི་ཟླ4པར་ཡང་བསྐྱར་པ་ཅེ་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས། སྤྱི་ལོ1989ལོའི་ཟླ4པར་པ་ཅེ་རྩ་འཛུགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བ་དང་། སྤྱི་ལོ1991ལོའི་ཟླ9པར་ཙུང་ཐུང་གི་འགན་བཞེས་པ་རེད། སྤྱི་ལོ1994ལོའི་ཟླ་5པར་རང་སྐྱོང་འགོ་ཁྲིད་ལས་ཁུངས་ཀྱི་ཀྲུའུ་ཞིར་བསྐོ་གཞག་བྱས། སྤྱི་ལོ1996ལོའི་ཟླ4པར་ཡང་བསྐྱར་པ་ཅེ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས། སྤྱི་ལོ2004ལོའི་ཟླ11པའི་ཚེས11ཉིན་ཧྥ་རན་སིའི་ཕ་རི་སི་ནས་སྐུ་གཤེགས། ཨ་ལ་ཧྥ་ཐེ་གཞོན་ནུའི་དུས་ནས་བཟུང་ཕ་ལེ་སི་ཐན་མི་རིགས་ཀྱི་བཅིངས་འགྲོལ་བྱ་གཞག་ནང་ཞུགས་ནས་ཕ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་གྱི་མི་རིགས་ཁེ་དབང་སླར་གསོ་ཡོང་ཆེད་འཐབ་རྩོད་ཡུན་རིང་བྱས་པ་དང་། སྤྱི་ལོ1993ལོར་དབྱི་སི་རལ་དང《ཨའོ་སི་ལུའུ་ཡི་གྲོས་མཐུན》ལ་མིང་རྟགས་བཀོད་པས་སྤྱི་ལོ1994ལོའི་ནོ་པེར་ཞི་བདེའི་བྱ་དགའ་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亚西尔•阿拉法特
ཕྱི་ཡིག་གི་མིང་།
محمد ياسر عبد الرحمن عبد الرؤوف عرفات القدوة الحسيني
མཚན་ཧྲིལ་བོ།
ཡ་ཞིར•ཨ་ལ་ཧྥ་ཐེ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1929.8.24-2004.11.11)
མཐར་ཕྱིན་སློབ་གྲྭ།
ཁེ་རོ་སློབ་ཆེན།
ལས་གནས།
ཆབ་སྲིད་པ། དམག་དོན་པ།
དད་མོས།
དབྱི་སི་ལན་ཆོས་ལུགས།
འཐུས་ཚབ་བརྩམས་ཆོས།
《ང་ཚོའི་ཕ་ལི་སི་ཐན》
མི་རིགས།
ཨ་རབ་པ།
གྲུབ་འབྲས་གཙོ་བོ།
སྤྱི་ལོ1993ལོའི་ཟླ9པར་པོ་ཝ་ཉི་ཞི་བདེའི་བྱ་དགའ་ཐོབ།སྤྱི་ལོ1994ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ།
1 མི་ཚེའ་བརྒྱུད་རིམ།

སྤྱི་ལོ1929ལོའི་ཟླ8པར་ཨ་ལ་ཧྥ་ཐེ་ཅེ་རུས་ས་ལེམ་དུ་སྐྱེས་པ་དང་། ལོ་ཆུང་དུས་སུ་ཕ་ལེ་སི་ཐན་གྱི་ཨ་རབ་མི་རིགས་རིང་ལུགས་ཀྱི་བྱེད་སྒོར་ཞུགས་མྱོང་བ་དང་། ཕ་ལེ་སི་ཐན་གྱི་འགོག་རྒོལ་ལས་འགུལ་གྱི་འགོ་ཁྲིད་པ་ཨ་པུའུ་ཏུའུ་ལེ•ཁ་ཧྥར•ཧོའུ་སའེ་ཉི་ཡི་སྒེར་གྱི་དྲུང་ཡིག་གི་འགན་བཞེས་མྱོང་།

སྤྱི་ལོ1948ལོར་ཁོང་ཨ་དབྱི་དམག་འཁྲུག་ཐེངས་དང་པོར་ཞུགས།

སྤྱི་ལོ1949ལོར་ཁོང་ཡབ་ཡུམ་དང་མཉམ་དུ་ཅཱ་ཧྲ་རུ་གནས་སྤོས་པ་དང་། རྗེས་སུ་ཨེ་ཅིབ་ཏུ་ཕེབས་ནས་ཁེ་རོ་སློབ་ཆེན་བཟོ་སྐྲུན་སློབ་གླིང་གི་ཨར་ལས་ཚན་ཁག་ཏུ་སློབ་སྦྱོང་བྱས།

སྤྱི་ལོ1952ལོར་ཨ་ལ་ཧྥ་ཐེ་ཕ་ལེ་སི་ཐན་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པར་མ་ཟད། ཕ་ལེ་སི་ཐན་གྱི་བཟོ་ཚོགས་སུ་བྱ་བ་སྒྲུབ། སློབ་མཐར་ཕྱིན་རྗེས་ཨེ་ཅིབ་དམག་དོན་སློབ་གླིང་དུ་སློབ་སྦྱོང་བྱེད་པར་བསྐྱོད་དེ་ཀྲུང་ཝེ་ཡི་གོ་རྟགས་ཐོབ།

སྤྱི་ལོ1956ལོར་ཨ་ལ་ཧྥ་ཐེ་སའེ་ཏེ་གྲུ་ཁ་ནས་དབྱིན་ཇི་དང་། ཧྥ་རན་སི། དབྱི་སི་རལ་བཅས་རྒྱལ་ཁབ་གསུམ་གྱིས་ཨེ་ཅིབ་ལ་བཙན་འཛུལ་བྱེད་པའི་དམག་འཁྲུག་ལ་ཞུགས།

སྤྱི་ལོ1958ལོར་ཨ་ལ་ཧྥ་ཐེ་གསང་བའི་སྒོ་ནས་ཕ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་རྩ་འཛུགས“ཧྥ་ཐ་ཧོ”གྲབས་འཛུགས་བྱེད་པར་ཞུགས།

སྤྱི་ལོ1964ལོར་ཁོང་ཧྥ་ཐ་ཧོ་ཡི་འཐུས་མི་བྱས་ནས་ཡེ་ལུའུ་ས་ལེམ་དུ་འཚོགས་པའི་སྐབས་དང་པོའི་ཕ་ལེ་སི་ཐན་གྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལ་ཞུགས།

སྤྱི་ལོ1968ལོར་ཁོང་གིས་ཁ་ལ་མའེ་གཡུལ་འགྱེད་ཁྲོད་ཕ་ལེ་སི་ཐན་གྱི་དྲག་ཆས་སྟོབས་ཤུགས་ལ་བཀོད་འདོམས་བྱས་ཏེ་དབྱི་སི་རལ་ལ་འགོག་རྒོལ་བྱས་པ་དང་། ལོ་དེར་ཧྥ་ཐ་ཧོ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།

སྤྱི་ལོ1969ལོར་ཨ་ལ་ཧྥ་ཐེ་ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།

སྤྱི་ལོ1974ལོར་ཨ་ལ་ཧྥ་ཐེས་ཕ་ལེ་སི་ཐན་གསར་བརྗེའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་འགན་བཞེས། ལོ་དེར་ཁོང་གིས་ཕ་ལེ་སི་ཐན་གྱི་བཅིངས་འགྲོལ་རྩ་འཛུགས་ཀྱི་འཐུས་མི་ཚོགས་པ་ཁྲིད་དེ་སྐབས29པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་པ་དང་། ཕ་ལེ་སི་ཐན་གྱི་གནད་དོན་སྐོར་གྱི་གྲོས་བསྡུར་ལ་ཞུགས།

སྤྱི་ལོ1982ལོར་ཨ་ལ་ཧྥ་ཐེ་ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།

སྤྱི་ལོ1984ལོར་ཨ་ལ་ཧྥ་ཐེ་ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས།

སྤྱི་ལོ1987ལོར་ཨ་ལ་ཧྥ་ཐེ་ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།

སྤྱི་ལོ1989ལོར་ཨ་ལ་ཧྥ་ཐེ་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས།

སྤྱི་ལོ1991ལོའི་ཟླ9པར་ཨ་ལ་ཧྥ་ཐི་ཙུང་ཐུང་དང་མཉམ་འབྲེལ་བྱས། 

སྤྱི་ལོ1994ལོའི་ཟླ7པར་ཨ་ལ་ཧྥ་ཐེས་ལོ27རིང་གི་ཡུལ་གྱར་འཚོ་བ་མཇུག་འགྲིལ་ནས་ཅཱ་ཧྲ་རུ་གཞིས་ཆགས་པར་ལོག

སྤྱི་ལོ1996ལོའི་ཟླ1པོར་ཕ་ལེ་སི་ཐན་གྱིས་ལོ་རྒྱུས་ཐོག་གི་འདེམས་བསྐོ་ཆེན་པོ་ཐེངས་དང་པོ་བྱས་པ་དང་། ཨ་ལ་ཧྥ་ཐེ་ཕ་ལེ་སི་ཐན་གྱི་མི་རིགས་དབང་ཆའི་སྒྲིག་གཞིའི་ཀྲུའུ་ཞིར་བདམས་ཐོན་བྱུང་།

སྤྱི་ལོ2004ལོའི་ཟླ11པའི་ཚེས11ཉིན། ཨ་ལ་ཧྥ་ཐེ་ནད་ཀྱིས་དབང་གིས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཧྥ་རན་སེའི་པེར་ཞི་ཅུན་སྨན་ཁང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ75ཡིན། 

དཔྱད་གཞིའི་ཡིག་ཆ།