རྩིས་གཉེར་དང་བསྡོམས་རྩིས་ཞིབ་རྩིས།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2021-10-15 09:10ལ་འགྲུབ།

རྩིས་གཉེར་དང་བསྡོམས་རྩིས་ཞིབ་རྩིས།

རྩིས་གཉེར་དང་བསྡོམས་རྩིས་ཞིབ་རྩིས།
རྩིས་གཉེར་དང་བསྡོམས་རྩིས་ཞིབ་རྩིས་ཆེད་ལས་ཀྱིས་གཙོ་བོ་ཁེ་ལས་དང་ལས་དོན་ཚན་པར་ཁ་ཕྱོགས་པའི་རྩིས་གཉེར་དང་བསྡོམས་རྩིས་ལས་གནས་གསོ་སྐྱོང་བྱས་ཏེ། ཀུན་སྤྱོད་དང་བློ་གྲོས། ལུས་ཕུང་། མཛེས་རྟོགས་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་། ལས་བཀུར་སྙིང་སྟོབས་དང་ཚོགས་པའི་འདུ་ཤེས་བཟང་བོ་ལྡན་པ། རྩིས་གཉེར་རིག་པ་དང་བསྡོམས་རྩིས་རིག་པའི་ཆེད་ལས་ཀྱི་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་པ། རྩིས་གཉེར་དང་བསྡོམས་རྩིས་ལག་རྩལ་དང་དེ་འབྲེལ་གྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་སྐོར་ལ་རྒྱུས་མངའ་ཡོད་པ། ལས་དོན་ནོར་སྲིད་ཀྱི་རྩིས་གཉེར་དང་བསྡོམས་རྩིས་སྐོར་གྱི་ཆེད་ལས་ནུས་པ་ཡོད་པར་མ་ཟད། ཁེ་ལས་དང་ལས་དོན་ལས་ཁུངས། སྤྱི་ཚོགས་རྩ་འཛུགས་ཀྱི་རྩིས་གཉེར་དང་བསྡོམས་རྩིས་བྱ་བའི་ལས་གནས་ལ་བྱང་ཆ་ལྡན་པ་དང་། གསར་གཏོད་ཀྱི་འདུ་ཤེས་དང་ལག་ལེན་གྱི་ནུས་པ་ལྡན་པའི་སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
会计与统计核算
ངོ་བོ།
རིག་ཚན།
བསླབ་ཚན།
རྩིས་འཁོར་གྱི་རྨང་གཞི། རྨང་གཞིའི་རྩིས་གཉེར་རིག་པ།
ལས་རིགས།
རྩིས་གཉེར། དངུལ་གཉེར། ནོར་སྲིད་དོ་དམ།
1 གསོ་སྐྱོང་གི་དམིགས་ཡུལ།

རྩིས་གཉེར་དང་བསྡོམས་རྩིས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ལྡན་པ་གསོ་སྐྱོང་བྱ་དགོས། རྩིས་འཁོར་གྱི་གཞི་གྲངས་མཛོད་ཀྱི་སྐད་ཡིག་དང་བྱ་རིམ་སྒྲིག་བཟོའི་ལག་རྩལ་ངེས་ཅན་ཁོང་དུ་ཆུད་པ་དང་། རྩིས་གཉེར་དང་བསྡོམས་རྩིས་ཞིབ་རྩིས་ཀྱི་དངོས་དོན་དང་གློག་རྩིས་ཅན་གྱི་བཀོལ་སྤྱོད་ནུས་རྩལ་བྱང་ཆུབ་པ། སྤྱི་ཚོགས་དཔལ་འབྱོར་གོང་དུ་སྤེལ་བ་དང་། བསྡོམས་རྩིས་བསྒྱུར་བཅོས་དང་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པའི་བཀོལ་སྤྱོད་རང་བཞིན་ཅན་གྱི་ཆེད་ལས་ཤེས་ལྡན་མི་སྣ་མཉམ་གནས་བྱེད་རྒྱུ།

2 བསླབ་ཚན་གཙོ་བོ།

རྩིས་འཁོར་གྱི་རྨང་གཞི་དང་རྨང་གཞིའི་རྩིས་གཉེར་རིག་པ། དམའ་རིམ་རྩིས་གཉེར། ནོར་སྲིད་དཔལ་འབྱོར་ཁྲིམས་སྲོལ་དང་རྩིས་གཉེར་ལས་རིགས་ཀྱི་ཀུན་སྤྱོད། རྩིས་གཉེར་བསྡོམས་རྩིས། ཁེ་ལས་ཀྱི་བསྡོམས་རྩིས། བསྡོམས་རྩིས་བརྟག་དཔྱད་བྱེད་ཐབས་དང་བཀོལ་སྤྱོད། ནོར་སྲིད་རྩིས་གཉེར། མ་གནས་རྩིས་གཉེར། རྩིས་གཉེར་གློག་རྩིས་ཅན། གཞི་གྲངས་མཛོད་ཀྱི་རྩ་བའི་རིགས་པ་དང་བཀོལ་སྤྱོད། ནོར་སྲིད་དོ་དམ། དོ་དམ་རྩིས་གཉེར། རྩིས་བཤེར་རིག་པ། དོ་དམ་རིག་པ། དོ་དམ་རིག་པའི་རྩ་བའི་རིགས་པ་སོགས་ཡོད།  

3 ལས་ཞུགས་ཀྱི་ཁ་ཕྱོགས།

མཐར་ཕྱིན་སློབ་མས་ཁེ་ལས་དང་ལས་དོན། སྲིད་འཛིན་ཁྲིམས་བསྟར་སྡེ་ཚན་གྱི་རྩིས་གཉེར་དང་དངུལ་གཉེར། ནོར་སྲིད་དོ་དམ། རྩིས་བཤེར་སོགས་སུ་ལས་གཉེར་བྱས་ཆོག་པར་མ་ཟད། དེ་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་དོ་དམ་ལས་གནས་གཞན་དག་གི་ཁྲོད་དུའང་འཇོན་ནུས་འདོན་སྤེལ་བྱས་ཆོག  


དཔྱད་གཞིའི་ཡིག་ཆ།