ལིའུ་ཁྲེང་ཅུན།སྔ་མའི་པར་གཞི་དེ མགོན11  ནས 2021-10-15 09:40ལ་འགྲུབ།

ལིའུ་ཁྲེང་ཅུན།

ལིའུ་ཁྲེང་ཅུན།
ཁོང་ནི་སྤྱི་ལོ1950ལོར་ཧྲན་ཏུང་ཁྲེང་ཝུའུ་ནས་སྐྱེས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཐོ་རིམ་དམག་དཔོན། ཧྲང་ཅང་གི་མཚན་རྟགས་བཅས་ཡིན། ད་ལྟ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘成军
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1950ལོ།
ལས་རིགས།
དམག་མི།
སྐྱེས་ཡུལ།
ཧྲན་ཏུང་ཁྲེང་ཝུའུ།
1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ 1993ལོའི་ཟླ1པོར་མཁའ་དམག་ཅུན8པའི་ཅུན་དཔོན་གྱི་འགན་བཞེས།

སྤྱི་ལོ2003ལོའི་ཟླ7པར་ནན་ཅིང་དམག་ཁུལ་གྱི་སི་ལིང་ཡོན་གཞོན་པ་དང་། ནན་ཅིང་དམག་ཁུལ་གྱི་མཁའ་དམག་སི་ལིང་ཡོན་གྱི་འགན་བཞེས།

སྤྱི་ལོ2004ལོའི་ཟླ12པར་མཁའ་དམག་སི་ལིང་ཡོན་གཞོན་པའི་འགན་བཞེས།

སྤྱི་ལོ2004ལོའི་ཟླ7པར་མཁའ་དམག་གི་ཀྲུང་ཅང་གི་མཚན་རྟགས་ལ་སྤར།

སྤྱི་ལོ2007ལོར་དམག་དོན་ཚན་རིག་ཁང་གི་འགོ་འཛིན་གྱི་འགན་བཞེས།

སྤྱི་ལོ2015ལོའི་ཟླ2པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པའི་འགན་བཞེས།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྤྱི་ལོ2010ལོའི་ཟླ7པའི་ཚེས19ཉིན། མཁའ་དམག་གི་ཧྲང་ཅང་དམག་དཔོན་གྱི་མཚན་རྟགས་ལ་སྤར།

དཔྱད་གཞིའི་ཡིག་ཆ།