ཀྲུང་གོའི་སྙན་ཚིགསྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-10-08 14:36ལ་འགྲུབ།

ཀྲུང་གོའི་སྙན་ཚིག

ཀྲུང་གོའི་སྙན་ཚིག
སྙན་ངག་ནི་བརྩེ་དུང་མཚོན་པའི་རྩོམ་རིག་གི་ལུས་ཤིག་ཡིན་ལ། དེ་ནི་རྗོད་བྱེད་ཚིག་གིས་གསོན་ཉམས་དོད་པའི་སྒོ་ནས་རྩོམ་པ་པོའི་ཕུན་སུམ་ཚོགས་པའི་བརྩེ་དུང་མཚོན་པ་དང་། སྤྱི་ཚོགས་ཀྱི་འཚོ་བ་གཅིག་སྡུད་ཐོག་མཚོན་པར་བྱས་ཤིང་། དབྱངས་ཀྱི་འགྲོས་དང་སྡེབ་སྦྱོར་ངེས་ཅན་ལྡན་པའི་རྩོམ་རིག་གི་ལུས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
诗歌
ཕྱི་ཡིག་གི་མིང་།
poetry
སྐད་རིགས།
དོན་དྲིལ་ཞིང་སྣང་བརྙན་ལྡན་པ།
རིགས་དབྱེ།
རྩོམ་རིག་བརྩམས་ཆོས།
ཚིག་གི་རང་བཞིན།
མིང་ཚིག
1 ངོ་སྤྲོད།

རྒྱའི་གནའ་རབས་སུ་རོལ་མོ་དང་མི་འཚམ་པ་ལ་སྙན་ངག་དང་། རོལ་མོ་དང་འཚམ་པའི་རིགས་ལ་གཞས་ཟེར་ལ། དེར་དེང་རབས་སུ་སྤྱིར་བཏང་དུ་སྙན་ངག་ཟེར་ཞིང་། དེས་སྒྲ་ཚིགས་དང་སྡེབ་སྦྱོར་ངེས་ཅན་གྱི་བླང་བྱ་ལྟར་སྤྱི་ཚོགས་ཀྱི་འཚོ་བ་དང་མིའི་བསམ་པའི་འཇིག་རྟེན་མཚོན་གྱིན་ཡོད། སྙན་ངག་གི་བྱུང་བ་ཅུང་སྔ་སྟེ། 《སྙན་ངག་གི་གཞུང》ནི་རང་རྒྱལ་གྱི་སྙན་ངག་ཕྱོགས་བསྒྲིགས་ཐོག་མ་དེ་ཡིན་ལ། ཁུང་ཙི་ཡིས་ལེགས་སྒྲིག་བྱས་པ་ཡིན་ཞིང་། གནད་དོན་འདིའི་སྐོར་ལ་རིག་གཞུང་ལས་རིགས་སུ་ད་དུང་རྩོད་གླེང་འབྱུང་བཞིན་ཡོད།

རྒྱའི་སྙན་ངག་དེ་ཧན་དང་ཝེ་སོགས་རྒྱལ་རབས་དྲུག་གི་སྙན་ཚིག་ཡུའེ་ཧྥུ་དང་། ཐང་གི་སྙན་ངག སུང་རྒྱལ་རབས་ཀྱི་སྙན་ཚིག ཡོན་རྒྱལ་རབས་ཀྱི་ཟློས་གར་བཅས་ཀྱི་འཕེལ་རྒྱས་བརྒྱུད་ཡོད།

2 འབྱུང་ཁུངས།

གནའ་བོའི་དུས་སུ་ཆ་འཕྲིན་ལག་རྩལ་དར་རྒྱས་བྱུང་མེད་པས་མི་རྣམས་ཀྱིས་ཕན་ཚུན་བར་དུ་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པར་ཧ་ཅང་སྟབས་བདེ་མིན་ཏེ། དེ་བས་ཁོ་ཚོས་སྙན་ངག་དེ་གཞས་སུ་བཅོས་སྒྲིག་བྱས་ཏེ་མི་རྣམས་ཀྱི་ངག་ནས་བརྒྱུད་སྤྲོད་བྱས་ཤིང་། སྙན་ངག་ནི་གནའ་རབས་ཀྱི་སྤྱི་ཚོགས་འཚོ་བ་ལས་བྱུང་བ་དང་། ངལ་རྩོལ་ཐོན་སྐྱེད་དང་ཕོ་མོའི་བརྩེ་དུང་། གདོད་མའི་ཆོས་ལུགས་སོགས་ལས་བྱུང་བའི་ཉམས་འགྱུར་ལྡན་ཞིང་བརྩེ་དུང་གིས་ཕྱུག་པའི་སྐད་བརྡའི་རྣམ་པ་ཞིག་ཡིན།

སྙན་ངག་ནི་ཆེས་གནའ་བོ་དང་རྩོམ་རིག་གི་ཁྱད་ཆོས་ལྡན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ཞིང་། དེ་ནི་གནའ་བོའི་དུས་སྐབས་ཀྱི་ངལ་རྩོལ་གླུ་གཞས(རྗེས་སུ་དམངས་གཞས་སུ་འཕེལ་རྒྱས་བྱུང་བ)དང་མཆོད་འབུལ་གྱི་སྙན་ཚིག་ལས་བྱུང་བ་ཡིན་ལ། སྙན་ངག་ནི་ཐོག་མའི་དུས་སུ་སྙན་ངག་དང་གཞས་གཉིས་ཀྱི་སྤྱི་མིང་ཡིན་ཞིང་། སྙན་ངག་དང་རོལ་དབྱངས། ཞབས་བྲོ་བཅས་མཉམ་དུ་འདུས་པ་ཞིག་ལ་སྙན་ངག་ཟེར། ཀྲུང་གོའི་སྙན་ངག་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཕུན་སུམ་ཚོགས་པའི་ཤུལ་དངོས་ཡོད་དེ། དཔེར་ན།《སྙན་ངག་གི་གཞུང》དང《ཁྲུའུ་ཡི་སྙན་ཚིག》《ཧན་གྱི་སྙན་ཚིག་ཡུའེ་ཧྥུ》 དེ་བཞིན་སྙན་ངག་པ་གྲངས་ལས་འདས་པའི་བརྩམས་ཆོས་བཅས་ཡོད།

3 འཕེལ་རྒྱས།

《སྙན་ངག་གི་བསྟན་བཅོས》→《ཁྲུའུ་ཡི་སྙན་ཚིག》→ཧན་གྱི་སྙན་ཚིག་ཡུའེ་ཧྥུ→ཝེ་ཅིན་རྒྱལ་རབས་ལྷོ་མ་དང་བྱང་མའི་དམངས་གཞས→ཐང་གི་སྙན་ཚིག→སུང་རྒྱལ་རབས་ཀྱི་སྙན་ཚིག→ཡོན་རྒྱལ་རབས་ཀྱི་ཟློས་གར→མིང་ཆིང་གི་སྙན་ངག→དེང་རབས་ཀྱི་སྙན་ངག་དང་སྙན་ངག་གསར་བ།

4 ཁྱད་ཆོས།

སྙན་ངག་ལ་རྩོམ་པ་པོའི་བསམ་བློའི་བརྩེ་དུང་དང་ཕུན་སུམ་ཚོགས་པའི་འཆར་ཡན་འདུས་ཡོད་པ་དང་། ཚིག་དྲིལ་ཞིང་སྣང་བརྙན་རང་བཞིན་ལྡན་པ། དབྱངས་ཀྱི་འགྲོས་གསལ་བ་དང་སྒྲ་གདངས་མཐུན་པ། རོལ་དབྱངས་ཀྱི་མཛེས་ཆ་ལྡན་པ། ཚིག་སྦྱོར་སྤྱིར་བཏང་དུ་བསྟར་སྒྲིག་པ་དང་གྲུབ་ཚུལ་གྱི་མཛེས་པ་གཙིགས་སུ་འཛིན་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་རེད།

སྙན་ངག་ལ་གཤམ་གྱི་ཁྱད་ཆོས་བཞི་ལྡན་ཏེ། (1)སྙན་ངག་གི་ནང་དོན་ནི་སྤྱི་ཚོགས་འཚོ་བའི་ཆེས་གཅིག་བསྡུས་ཀྱི་མཚོན་ཚུལ་ཡིན། (2)སྙན་ངག་ལ་བརྩེ་དུང་དང་འཆར་སྣང་ཕུན་སུམ་ཚོགས་པ་ཡོད། (3)སྙན་ངག་གི་སྐད་ཆར་དོན་དྲིལ་ཞིང་སྣང་བརྙན་རང་བཞིན་ལྡན་པ་དང་། སྒྲ་གདངས་སྙན་པ། དབྱངས་འགྲོས་གསལ་བ་སོགས་ཀྱི་ཁྱད་ཆོས་ལྡན། (4)སྐད་ཆར་རོལ་དབྱངས་ཀྱི་མཛེས་ཆ་ལྡན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཀྲུང་གོའི་སྙན་ཚིག སྙན་ངག རྩོམ་རིག