ཁང་གོང་མ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 14:38ལ་འགྲུབ།

ཁང་གོང་མ།

ཁང་གོང་མ།
དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ལྕགས་རི་ཐང་ཡུལ་ཚོའི་ཨ་སྐྱོང་སྡེ་བའི་གྲོང་མང་སྟེ་སའི་གོ་ལའི་ཤར་གྱི་གཞུང་ཚད100°48′དང་། བྱང་གི་འཕྲེད་ཚད32°53′གྱི་མཚམས་སུ་ཡོད། པདྨ་རྫོང་མཁར་ནས་ཤར་ལྷོའི་མཚམས་སུ་ལམ་ཐག་སྤྱི་ལེ12ཙམ་ཡོད།
གཞི་རྩའི་གནས་ཚུལ།

གནས་ཡུལ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ལྕགས་རི་ཐང་ཡུལ་ཚོའི་ཨ་སྐྱོང་སྡེ་བ།
གནས་ཚད།
ཤར་གྱི་གཞུང་ཚད100°48′དང་། བྱང་གི་འཕྲེད་ཚད32°53′གྱི་མཚམས་སུ་ཡོད།
རིགས་དབྱེ།
གནའ་ཤུལ།
1 ​གནས་ཡུལ།

དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ལྕགས་རི་ཐང་ཡུལ་ཚོའི་ཨ་སྐྱོང་སྡེ་བའི་གྲོང་མང་སྟེ་སའི་གོ་ལའི་ཤར་གྱི་གཞུང་ཚད100°48′དང་། བྱང་གི་འཕྲེད་ཚད32°53′གྱི་མཚམས་སུ་ཡོད། པདྨ་རྫོང་མཁར་ནས་ཤར་ལྷོའི་མཚམས་སུ་ལམ་ཐག་སྤྱི་ལེ12ཙམ་ཡོད།

2 ངོ་སྤྲོད།

མཁར་དེ་ནི་མགོ་ལོག་སྙིང་བུ་རྒྱལ་གྱི་བུ་ཤཱཀྱ་འབུམ་གྱི་སྐུ་མཁར་ཡིན་ལ། ཕྱིས་སུ་ཨ་སྐྱོང་གི་དཔོན་བསྟན་འཛིན་དར་རྒྱས་སམ་བསྟན་ལོང་དུ་གྲགས་པ་དེའི་བུ་ཆུང་བ་མགོན་པོ་དར་རྒྱས་ཀྱིས་དབལ་བཟའ་བསུས་ཏེ་ཁང་གོང་མ་འདི་ཉིད་དུ་བསྡད་པ་ལས་ཨ་སྐྱོང་གོང་མ་ཚང་ཞེས་གྲགས་པ་བྱུང་། ཚོ་བ་འདི་ཉིད་ནི་ཨ་སྐྱོང་ཁག་གསུམ་ལས་ཨ་སྐྱོང་གོང་མ་ཚང་ཞེས་པ་དེ་ཡིན་ལ་ཕྱིས་སུ་རྨ་ཡུལ་དུ་འབྲོག་ལ་བུད་དེ་མངའ་ཁོངས་ཆེ་རུ་སོང་། གོང་མ་ཚང་གི་ཚོ་བ་འདི་ལས་ཕྱིས་སུ་ཨ་སྐྱོང་དཔོན་མོ་ཚང་དང་ཨ་སྐྱོང་སྦྲ་གསར་ཚང་ཡང་གྱེས་པ་རེད། ཚོ་བ་འདི་ཉིད་ཀྱི་མངའ་ཁོངས་ནི་དེང་གི་མགོ་ལོག་ཁུལ་ཁོངས་སུ་དགའ་བདེ་རྫོང་གི་རྡོ་ཁ་ཡུལ་ཚོ་དང་ཁོ་ཆུ་གྲོང་རྡལ། གངས་ལུང་ཡུལ་ཚོ། རྐྱང་ཆད་ཡུལ་ཚོ། ཁྱི་འབྲི་ཡུལ་ཚོ། གོང་སྟོད་ཡུལ་ཚོ་དང་གོང་སྨད་ཡུལ་ཚོ། དར་ལག་རྫོང་གི་སྡེར་ནང་ཡུལ་ཚོ། མགོ་ལོག་རྨ་སྟོད་རྫོང་གི་མཚོ་ནག་ཡུལ་ཚོ་བཅས་ཡིན་ལ། གོང་མ་ཚང་ལས་གྱེས་པའི་ཨ་སྐྱོང་དཔོན་མོ་ཚང་ནི་དེང་གི་རྨ་ཆེན་རྫོང་གི་དྭངས་ལག་ཡུལ་ཚོ་དང་དྭངས་གཞུང་ཡུལ་ཚོ། དབྱིག་གཞུང་ཡུལ་ཚོ། གཞན་ཡང་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་དང་ཁྲི་འདུ་རྫོང་གི་ཁོངས་སུ་ཡང་ཡོད། གོང་མ་ཚང་ལས་གྱེས་པའི་ཨ་སྐྱོང་སྦྲ་གསར་ཚང་ནི་དེང་གི་གཅིག་སྒྲིལ་རྫོང་གི་སྦྲ་གསར་ཡུལ་ཚོའི་རུ་ཆེན་དང་པོ་དང་གཉིས་པ་བཅས་ཡིན་ནོ། །མཁར་འདི་ལ་མི་ལོ400ལ་ཉེ་བའི་ལོ་རྒྱུས་ཡོད།

བརྡ་འགྲེལ་གདོང་འཛར།

ཁང་གོང་མ། གནའ་ཤུལ། པདྨ་རྫོང་།