ཨ་སྐྱོང་ཐང་མཁར།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 14:39ལ་འགྲུབ།

ཨ་སྐྱོང་ཐང་མཁར།

ཨ་སྐྱོང་ཐང་མཁར།
དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ལྕགས་རི་ཐང་ཡུལ་ཚོའི་ཨ་སྐྱོང་སྡེ་བའི་གྲོང་མང་སྟེ་སའི་གོ་ལའི་ཤར་གྱི་གཞུང་ཚད100°48′དང་། བྱང་གི་འཕྲེད་ཚད32°53′གྱི་མཚམས་སུ་ཡོད། པདྨ་རྫོང་མཁར་ནས་ཤར་ལྷོའི་མཚམས་སུ་ལམ་ཐག་སྤྱི་ལེ12ཙམ་ཡོད།
གཞི་རྩའི་གནས་ཚུལ།

གནས་ཡུལ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ལྕགས་རི་ཐང་ཡུལ་ཚོའི་ཨ་སྐྱོང་སྡེ་བ།
གནས་ཚད།
ཤར་གྱི་གཞུང་ཚད100°48′དང་། བྱང་གི་འཕྲེད་ཚད32°53′གྱི་མཚམས་སུ་ཡོད།
རིགས་དབྱེ།
གནའ་ཤུལ།
1 ​གནས་ཡུལ།

དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ལྕགས་རི་ཐང་ཡུལ་ཚོའི་ཨ་སྐྱོང་སྡེ་བའི་གྲོང་མང་སྟེ་སའི་གོ་ལའི་ཤར་གྱི་གཞུང་ཚད100°48′དང་། བྱང་གི་འཕྲེད་ཚད32°53′གྱི་མཚམས་སུ་ཡོད། པདྨ་རྫོང་མཁར་ནས་ཤར་ལྷོའི་མཚམས་སུ་ལམ་ཐག་སྤྱི་ལེ12ཙམ་ཡོད།

2 འབྲེལ་ཡོད་ངག་རྒྱུན།

སྔོན་མགོ་ལོག་ཨ་སྐྱོང་གི་མཁར་གྱི་ཉེ་འགྲམ་དུ་ཡོད་ལ་དེ་ནི་ཨ་སྐྱོང་གི་འཇུ་བཟའི་བུ་སྙིང་བུ་རྒྱལ་གྱི་མཁར་ཡིན་ལ། སྔོན་སོག་པོ་དང་མགོ་ལོག་འཁྲུག་སྐབས་སྙིང་བུ་རྒྱལ་འདི་ཉིད་ཀྱིས་མཁར་འདིའི་མཐའ་ཁར་ཝ་དོང་ཆུང་བ་བརྐོས་ནས་འཐབ་པས་དཔའ་མིང་དགུང་ལ་གྲགས། སྙིང་བུ་རྒྱལ་གྱི་བུ་ནི་མགོ་ལོག་ཤཱཀྱ་ཟེར་བ་ཡིན་ལ་དེས་མཁར་གོང་མ་བརྩིགས་ཤིང་བུ་གཉིས་འཁྲུངས། བུ་ཆེ་བ་ཚེ་དབང་འབུམ་དང་ཆུང་བ་བསྟན་འཛིན་དར་རྒྱས་ཡིན། བསྟན་འཛིན་དར་རྒྱས་སེར་མོ་བྱས་ནས་ཀ་ཐོག་དགོན་པའི་གྲྭ་སར་ཆས། མགོ་ལོག་ཚེ་དབང་འབུམ་གྱིས་ཁང་པ་གསར་བ་བརྩིགས་ཏེ་དེར་དབལ་ཤུལ་མགོན་པོ་ལྷུན་གྲུབ་ཀྱི་བུ་མོ་ཆེ་བ་སེང་ལེ་མ་ཞེས་པ་བླངས་ནས་བསྡད་མོད། དབལ་བཟའ་འདི་སྔར་འཛི་རོང་ཨ་སྐྱེས་གཏེར་སྟོན་གྱི་ཡུམ་སྐལ་དུ་ཁྲིད་པ་ཕྱིར་འཕྲོགས་པ་ཡིན་ལ་གཏེར་སྟོན་བཀྲོངས་པ་སོགས་ཀྱིས་ཡིན་ཟེར། གང་ལྟར་དཔོན་ཚེ་དབང་འབུམ་འདས་ཤིང་དབལ་བཟའ་སྨྱོས་པ་དང་། གཅུང་བླ་མ་བསྟན་འཛིན་དར་རྒྱས་ཀྱི་སྤྱན་ལོང་བ་སོགས་བྱུང་། དེ་ནས་བསྟན་འཛིན་དར་རྒྱས་སྐྱ་སར་བབས་ཏེ་མགོ་ལོག་ཨ་སྐྱོང་འབུམ་གྱི་དཔོན་གནས་ཁུར། དགེ་བཟའ་ཞིག་བླངས་པ་ལ་བུ་བཞི་འཁྲུངས། བུ་ཆེ་བ་དམག་ཟོར་མགོན་པོ་དང་། འབྲིང་ཆེན་བསོད་ནམས་ནོར་བུ། འབྲིང་ཆུང་བསོད་ནམས་དཔལ་མགོན། ཆུང་བ་མགོན་པོ་དར་རྒྱས་བཅས་ཡིན། བུ་དེ་དག་ལས་ཨ་སྐྱོང་ཡང་ཁག་གསུམ་དུ་གྱེས་པ་ཡིན་ལ། དེའི་ནང་བུ་འབྲིང་ཆེན་བསོད་ནམས་ནོར་བུ་མཁར་འདིར་སྤོས་ནས་བསྡད་ཅིང་མཁར་འདི་ཁང་རྒན་ཡིན་པས་ཨ་སྐྱོང་ཁང་རྒན་ཚང་ཞེས་གྲགས། ཕྱིས་སུ་ཁང་རྒན་དཔོན་ཆེན་ངག་དབང་གི་རིང་ལ་སྟོད་ཀྱི་རྩེ་བ་རྒྱལ་བོ་ཕབ་ནས་རྨ་ཡུལ་གྱི་ས་མགོ་ལོག་གིས་བཟུང་བ་དང་སྨད་ཀྱི་དམེ་རྒྱལ་བོ་ཕབ་ནས་འབྲུ་ནས་ཀྱི་ཁྲལ་ལེན་པ་སོགས་བྱས། མངའ་ཐང་ཤིན་ཏུ་ཆེ་བ་སྐབས་དེའི་མི་རྣམས་ཀྱིས་ཕྱི་ཁྲི་སྡེ་གནམ་གྱི་སྐར་མ་དང་ནང་སྟོང་སྡེ་འབྲུ་དྲུག་སྙེ་མ། ཧུ་ར་བརྒྱ་སྡེ་སྟག་མོའི་འཛུམ་རིས་ཞེས་ཡོངས་སུ་གྲགས་སོ། །ཚོ་བ་འདི་ཉིད་ཀྱི་མངའ་ཁོངས་ནི་དེང་གི་མགོ་ལོག་ཁུལ་གྱི་ཁོངས་སུ་གཅིག་སྒྲིལ་རྫོང་གི་དཔལ་ཡུལ་ཡུལ་ཚོ་དང་། ས་ཕག་བར་ཞི་ཡུལ་ཚོ། སོག་རུ་མ་ཡུལ་ཚོ། སྦྲ་གསར་ཡུལ་ཚོའི་རུ་ཆེན་གསུམ་པ། རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་ཡུལ་ཚོ་དང་ནག་ཆུ་ཡུལ་ཚོ། རྨ་ཆུ་ཡུལ་ཚོ། མགོ་ལོག་པདྨ་རྫོང་གི་དྷི་མདའ་ཡུལ་ཚོ། གྲུབ་ཆེན་ཡུལ་ཚོའི་རུ་ཆེན་གཉིས་པ། དགའ་བདེ་རྫོང་གི་གཙང་སྐོར་ཞོལ་མ་ཡུལ་ཚོ་བཅས་ཡོད་ལ། གཞན་དེང་གི་སི་ཁྲོན་རྔ་བ་ཁུལ་གྱི་ཁོངས་སུའང་གནའ་བོའི་རུ་སྡེ་མང་བོ་ཡོད། མཁར་འདི་ལ་མི་ལོ400ལྷག་གི་ལོ་རྒྱུས་ཡོད།