ཁྲ་རྒན་གྱི་སྒྲུབ་ཕུགསྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 11:07ལ་འགྲུབ།

ཁྲ་རྒན་གྱི་སྒྲུབ་ཕུག

ཁྲ་རྒན་གྱི་སྒྲུབ་ཕུག
དེ་ནི་དར་ལག་རྫོང་གསེང་རུ་ཡུལ་ཚོའི་ཁོངས་སུ་གཏོགས་པ་དང་། རྫོང་མཁར་ནས་སྤྱི་ལེ123ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4733ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°02′དང་། ཤར་གྱི་གཞུང་ཚད99°01′གི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

གནས་ཡུལ།
མགོ་ལོག་ཁུལ་དར་ལག་རྫོང་གསེང་རུ་ཡུལ་ཚོ།
གནས་ཚད།
བྱང་གི་འཕྲེད་ཚད33°02′དང་། ཤར་གྱི་གཞུང་ཚད99°01′གི་མཚམས་སུ་ཡོད།
མཚོ་འཕགས།
སྨི4733ཡོད།
རིགས་དབྱེ།
གནའ་ཤུལ།
1 ​གནས་ཡུལ།

དེ་ནི་དར་ལག་རྫོང་གསེང་རུ་ཡུལ་ཚོའི་ཁོངས་སུ་གཏོགས་པ་དང་། རྫོང་མཁར་ནས་སྤྱི་ལེ123ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4733ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°02′དང་། ཤར་གྱི་གཞུང་ཚད99°01′གི་མཚམས་སུ་ཡོད།

2 འབྲེལ་ཡོད་ངག་རྒྱུན།

བྲག་དཀར་རྡོ་རྗེ་ལྗོངས་ཀྱི་སྒྲུབ་ཕུག་ནི་གླིང་ཨ་མྱེས་ཀྱིས་སྒྲུབ་པ་མཛད་ནས་མ་ཎི་དུང་ཕྱུར་བཅུ་གསུམ་གསུངས་པའི་གནས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་གཟིགས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པའི་གནས་ཡིན་པར་གྲགས། ཕྱིས་སུ་སྤྱི་ལོ1862ལོ་ལ་གླིང་ཆུང་རྒྱུད་ཀྱི་རྒྱུད་པ་གླིང་གཏེར་ཉི་མ་རྒྱལ་མཚན་ནམ་གླིང་གཏེར་ཆེན་པདྨ་ལྷུན་གྲུབ་ནོར་བུ་ཞེས་པའི་གྲུབ་བརྙེས་ཀྱི་རིག་འཛིན་ཆེན་པོ་དེ་ཉིད་ལ་བླ་མའི་བཀའ་དང་མཁའ་འགྲོའི་ལུང་བསྟན་དུས་སུ་བབས་ཏེ། དགུང་ལོ་སོ་བདུན་སྟེང་གནས་དེར་ཕེབས་ནས་སྒྲུབ་པ་མཉམ་བཞེས་མཛད་དེ་ལོ་བཅུ་གསུམ་དུ་བཞུགས་པ་དང་། སྔ་གཞུག་ཏུ་ལོ་ཉེར་ལྔར་བཞུགས་པའི་ངག་རྒྱུན་ཡང་ཡོད། མཐར་གྲུབ་པའི་གོ་འཕང་མཐོན་པོ་བརྙེས་ནས་མངོན་མཁྱེན་ལ་ཐོགས་པ་མེད་པར་གྱུར་ཏེ་སྙན་པའི་གྲགས་པ་མགོ་ལོག་ཁག་གསུམ་དུ་ཁྱབ། ཁོང་གི་གསུང་ཆོས་ལ་པོད་བརྒྱད་དུ་ལོངས་པ་ཡོད་པ་དང་། ཆོས་བདག་དང་སློབ་མ་མང་བོ་མཆིས་མོད་མཆོག་ཏུ་གྱུར་བ་ལ། གཏེར་ཆེན་མཆོག་གླིང་པའི་གཏེར་ལུང་ལས། ཆོས་བདག་མཆོག་གསུམ་མཚན་ཅན་ལ་གཏོད། ཆོས་འདིའི་འགྲོ་དོན་མཐར་རྒྱས་འོང་ཞེས་གསུངས་པ་བཞིན། མུག་ཡངས་སངས་རྒྱས་འོད་ཟེར་དང་། གླིང་བླ་ཆོས་ཀྱི་རྡོ་རྗེ། འཕེས་འཛི་བླ་མ་དགེ་འདུན་གསུམ་མཆོག་ཏུ་བསྔགས། ཁྱད་པར་དུ་ཀུན་མཁྱེན་གླིང་བླ་མ་རིག་འཛིན་ཆོས་ཀྱི་རྡོ་རྗེ་ནི་ཁོང་གི་ཟབ་ཆོས་མཐའ་དག་གི་བདག་པོ་ཉིད་དུ་མངའ་གསོལ་བ་རང་རྣམ་དུ་གསལ་བ་བཞིན། དུས་དེ་ནས་བཟུང་གནས་མཆོག་རྡོ་རྗེ་བྲག་དཀར་གྱི་སྒྲུབ་གནས་འདིར་སྒྲུབ་པ་མཛད་པའི་གྲུབ་བརྙེས་རིག་འཛིན་གྱི་རིམ་པ་ནི། ཀུན་མཁྱེན་གླིང་བླ་ཆོས་ཀྱི་རྡོ་རྗེ་དང་། གླིང་གཏེར་སྐུ་ཕྲེང་གཉིས་པ་ཡ་ལྡང་གླིང་གཏེར་རིག་འཛིན་རྒྱ་མཚོ། ཚབ་ཚ་འབྱོར་རྒྱས་སྤྲུལ་སྐུ། སྡེར་ནང་གློ་གཏེར་པདྨ་མཁྱེན་བརྩེའི་འོད་ཟེར། ཚབ་ཚ་འཇམ་དགའ། རྐོང་གཏེར་ཁྲག་འཐུང་རོལ་བའི་རྡོ་རྗེ། ལུང་དཀར་ཨ་ལགས་བཟོད་པ་རྒྱ་མཚོ། བླ་མ་གླིང་ཚུལ། གླིང་བླ་ཤེར་རྒྱམ། ཨ་འཛི་བླ་མ་རིག་འདུས། རྨེ་བླ་མ་གཞོན་ནུ་སོགས་སྐྱེས་ཆེན་དམ་པ་གསེར་ནག་གི་ཕྲེང་བ་འདྲ་བ་མང་བོ་བྱོན་པ་དང་། ཁོང་རྣམས་ཀྱིས་ལྷའི་ཞལ་གཟིགས་པ་དང་མཆོག་མཐུན་གྱི་དངོས་གྲུབ་ཐོབ་པ་སོགས་ཀྱི་ལོ་རྒྱུས་མང་བོ་ཡོད།