གནས་རི་ཁྲོ་སྦུབ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 11:08ལ་འགྲུབ།

གནས་རི་ཁྲོ་སྦུབ།

གནས་རི་ཁྲོ་སྦུབ།
དེ་ནི་དར་ལག་རྫོང་སྡེར་ནང་ཡུལ་ཚོའི་ཁོངས་སུ་གཏོགས་ཤིང་། རྫོང་མཁར་ནས་སྤྱི་ལེ86ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4181ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°33′དང་། ཤར་གྱི་གཞུང་ཚད100°13′གྱི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

གནས་ཡུལ།
མགོ་ལོག་ཁུལ་དར་ལག་རྫོང་སྡེར་ནང་ཡུལ་ཚོ།
གནས་ཚད།
བྱང་གི་འཕྲེད་ཚད33°33′དང་། ཤར་གྱི་གཞུང་ཚད100°13′གྱི་མཚམས་སུ་ཡོད།
མཚོ་འཕགས།
སྨི4181ཡོད།
རིགས་དབྱེ།
གནའ་ཤུལ།
1 ​གནས་ཡུལ།

དེ་ནི་དར་ལག་རྫོང་སྡེར་ནང་ཡུལ་ཚོའི་ཁོངས་སུ་གཏོགས་ཤིང་། རྫོང་མཁར་ནས་སྤྱི་ལེ86ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4181ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°33′དང་། ཤར་གྱི་གཞུང་ཚད100°13′གྱི་མཚམས་སུ་ཡོད། 

2 འབྲེལ་ཡོད་ངག་རྒྱུན།

སྡེར་ནང་ཡུལ་ཚོ་ནས་སྤྱི་ལེ15ཙམ་གྱི་མཚམས་སུ་ཡོད་པའི་གནས་རི་ཁྲོ་སྦུབ་ནི་གླིང་རྗེ་གེ་སར་རྒྱལ་བོའི་བཀའ་བློན། དཔལ་ས་ར་ཧ་པའི་སྤྲུལ་བ། གླིང་དཀར་ཕུ་ནུ་ཡོངས་ཀྱི་གཏད་སོ་ཚ་ཞང་འདན་མ་ཞང་ཁྲའི་གདན་ས་ཡིན་པ་གླིང་སྒྲུང་མང་བོའི་ནང་དུ་འདན་མ་ཆུ་ར་ཉིན་སྲིབ་ཅེས་བཤད་ཡོད་ལ། དེ་ནི་ད་ལྟའི་འཁྱིལ་ར་ཟེར་བ་དེ་ཡིན། སྤྱི་ལོ1990ལོ་ལ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་སྡེར་ནང་དུ་ཆིབས་བསྒྱུར་གནང་སྐབས་འདན་མའི་གདན་ས་འཁྱིལ་རའི་རི་རྒྱུད། ད་ལྟའི་གླིང་འོར་ཟེར་བའི་ནང་གི་ཁྲོ་སྦུབ་ཟེར་བ་དེ་ཡིན་པར་ངོས་འཛིན་ཡང་དག་གནང་། ཆེས་ཁྱད་དུ་མཚར་བ་ཞིག་ནི་མཁར་ཤུལ་དེར་རྡོ་རོ་དང་དངོས་རྫས་གསེར་ཡིག་སོགས་རྙེད་མཇལ་བྱུང་ཡོད་པར་མ་ཟད། ཁྲོ་སྦུབ་ཟེར་བའི་གནས་རི་དེའི་ནང་དུ་དུས་ཆེན་རྣམས་སུ་རྔ་དང་རོལ་མོ་འབུད་དཀྲོལ་བྱེད་པ་མངོན་སུམ་ཐོས་རྒྱུ་ཡོད་པ་དང་། འཁྲུངས་གླིང་མེ་ཏོག་ར་བ་ལས། རྨ་ཆུ་རིས་ལྷ་ཐང་ཁྲ་མོ་ན། །རྩི་དཀར་པོ་ལུག་ཁྱུ་ཞོག་འདྲ་ཡོད། །དྲེལ་སྨུག་པོ་འབྲོང་ཁྱུ་མཐོང་འདྲ་ཡོད། །པདྨའི་བྲོ་གར་རྩེད་ས་ཡོད། །བུང་བས་གླུ་ཆུང་ལེན་ས་འདི། །མི་སྤྱང་པོ་འདུག་སའི་ས་ཆ་ཡིན། །ཚ་ཞང་འདན་མའི་ས་སྐལ་གྱིས། །ཞེས་དང་། ད་ལྟའི་འཁྱིལ་རའི་ཐང་ཆེན་ལ་གླིང་སྒྲུང་ནང་དུ་རྨ་ཆུ་རའི་ལྷ་ཐང་ཁྲ་མོའམ་འདན་ཀ་ལའི་ལྷ་ཐང་རིང་མོ་ཟེར་བ་གཉིས་བྱུང་ཡང་དོན་ལ་གཅིག་ཏུ་སྣང་།