ཇ་མཁར་རིང་མོ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 11:08ལ་འགྲུབ།

ཇ་མཁར་རིང་མོ།

ཇ་མཁར་རིང་མོ།
དེ་ནི་དར་ལག་རྫོང་གི་རྒྱུ་སྨད་གྲོང་བརྡལ་གྱི་མངའ་ཁོངས་སུ་ཡོད་ཅིང་། རྫོང་མཁར་ནས་སྤྱི་ལེ1ཡས་མས་ཡོད། མཐོ་ཚད་ལ་མཚོ་འཕགས་སྨི3988ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°44′དང་། ཤར་གྱི་གཞུང་ཚད99°38′ཀྱི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
གནའ་ཤུལ།
སྲིད་འཛིན་ཁོངས་གཏོགས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་།
གནས་ཚད།
བྱང་གི་འཕྲེད་ཚད33°44′དང་། ཤར་གྱི་གཞུང་ཚད99°38′ཀྱི་མཚམས་སུ་ཡོད།
གནས་ཡུལ།
དར་ལག་རྫོང་གི་རྒྱུ་སྨད་གྲོང་བརྡལ།
1 ​གནས་ཡུལ།

དེ་ནི་དར་ལག་རྫོང་གི་རྒྱུ་སྨད་གྲོང་བརྡལ་གྱི་མངའ་ཁོངས་སུ་ཡོད་ཅིང་། རྫོང་མཁར་ནས་སྤྱི་ལེ1ཡས་མས་ཡོད། མཐོ་ཚད་ལ་མཚོ་འཕགས་སྨི3988ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°44′དང་། ཤར་གྱི་གཞུང་ཚད99°38′ཀྱི་མཚམས་སུ་ཡོད།

2 འཛུགས་སྐྲུན།

སྔོན་ཧོར་གླིང་གཡུལ་འགྱེད་སྐབས་ཆགས་འཇིག་ཏུ་སོང་བའི་སེང་ལྕམ་འབྲུག་མོའི་ཇ་མཁར་རིང་མོ་ནི་གཏེར་སྟོན་པདྨ་འཕྲིན་ལས་དང་གདོང་སྲས་འཕྲིན་ལས་ནོར་བུ་གཉིས་ཀྱིས་ལུང་བྱང་ལྟར་དུ། སྤྱི་ལོ2009ལོའི་ཟླ6པའི་ཚེས25ཉིན། རྨ་ཡུལ་སེང་ལྕམ་འབྲུག་མོའི་སློབ་གྲྭའི་སློབ་གཙོ་མཁན་ཐུབ་བསྟན་བཟོད་པ་བཟང་བོ་དང་ཁོང་གི་སྐུ་མཆེད་ཁྲ་གྲོགས་པོ་གཉིས་ཀྱིས་བཞེངས་མགོ་བརྩམས་ཤིང་། ད་ལྟ་ཕོ་བྲང་གི་ཕྱིའི་རྣམ་པ་ཡོངས་སུ་འགྲུབ་ཡོད། ཕོ་བྲང་འདི་ལ་སྤྱི་ལོ2011ལོར་རྫོང་དང་ཁུལ། ཞིང་ཆེན་རིམ་པ་སོགས་ནས་ཆོག་མཆན་ཐོབ་ཅིང་། སྤྱི་ལོ2010ནས2015ལོའི་བར་དུ་རྒྱལ་ཡོངས་གེ་སར་རིག་གནས་ཀྱི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་དང་། དབྱངས་ཅན་ལྷ་མོ། ནོར་བུ་དབང་ལྡན། གཅོད་པ་དོན་གྲུབ་སོགས་ཕེབས་ཤིང་། ཁྲ་གླིང་དགོན་པའི་བསྟན་པའི་བདག་པོ་མཁན་ཟླ་བའི་འོད་ཟེར་ལགས་ཀྱིས་འབྲུག་མོའི་ཕོ་བྲང་ཇ་མཁར་རིང་མོའི་གཙོ་སྐུ་ལ་གཟུངས་འཇུག་ཕུལ་ཅིང་རབ་གནས་མཛད་དེ། ཁོང་གིས་སྟོད་ཀྱི་སེང་འབྲུག་སྟག་རྩེ་དང་སྨད་ཀྱི་ཇ་མཁར་རིང་མོ་གཉིས་ནི་ཁྲ་གླིང་དགོན་པའི་ཁོངས་གཏོགས་ཡིན་པས། མ་འོངས་བར་དགོན་པ་ཡུལ་སྡེ་གཉིས་ཀྱིས་འདི་ལ་བདག་སྐྱོང་ཡག་པོ་བྱེད་དགོས་པའི་ཞལ་བཀོད་གནང་ཞིང་ཐུགས་དགྱེས་པར་མཛད། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་། སློབ་གསོ་བ་ལྡོང་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་ཕོ་བྲང་ལ་མཚན་བྱང་གནང་ཞིང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ད་ལྟ་ཕོ་བྲང་འདིའི་ནང་དུ་གེ་སར་ལོ་རྒྱུས་དང་འབྲེལ་བའི་ལྟ་སྐོར་ཁང་དང་། གེ་སར་རིག་གནས་ཞིབ་འཇུག་ཁང་། གེ་སར་དཔེ་མཛོད་ཁང་བཅས་ཆ་ཚང་ལེགས་འགྲུབ་བྱུང་གྲབས་ཡོད།